སྐབས་བཅུ་བཞི་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རེས་སྐོར་བཅུ་པའི་སྐོར་ཞིབ་ལེགས་གྲུབ་བྱུང་ནས་གཅིག་སྡུད་ཕྱིར་ལྡོག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཟླ8པའི་ཚེས4ཉིན་ནས་ཚེས5ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་བཅུ་པའི་སྐོར་ཞིབ་སྐྱེ་ཁམས་སྡེ་ཁག་དང་གསར་སྤེལ་ཁུལ། ལས་ཁུངས་ཁག་ཅིག་གི་གཅིག་སྡུད་ཕྱིར་ལྡོག་གྲོས་ཚོགས་བསྡུས་ནས། སྐོར་ཞིབ་བྱ་ཡུལ་ལས་ཁུངས18ཀྱི་ཏང་རྩ་འཛུགས་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རེས་སྐོར་བཅུ་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུ་བྱེད་སྐབས་ཀྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མའེ་ཕིང་གིས་འབྲེལ་ཡོད་ཁྱབ་ཁོངས་སུ་སྐོར་ཞིབ་དག་ཐེར་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚའོ་ཅོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཁྲུན་ཅི་ཝེ་བཅས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ཕྱིར་ལྡོག་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོས་སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་འབུར་ཐོན་གནད་དོན་ཕྱིར་ལྡོག་བྱས།

གྲོས་ཚོགས་ལས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གནད་དོན་ངོས་འཛིན་རྩིས་ལེན་བྱེད་པ། ནོར་འཛོལ་དང་ཧེ་བག་ཞིབ་བསྡུར་འཚོལ་ཞིབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལས་ཁུངས་དེ་ག་དང་ཁྱབ་ཁོངས་དེ་གར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ།  ཕྱིར་ལྡོག་བྱས་པའི་གནད་དོན་ལ་སྲིད་འབྲས་ལྟ་བའི་ཐོག་ནས་ནོར་འཛོལ་འཚོལ་མཁས་བྱས་ཏེ། དངོས་སྒྲུབ་ཀྱི་རང་རྟོགས་ཆེ་རུ་བཏང་ནས་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)ཧྲུའུ་ཅིས་གཟབ་ནན་གྱིས་འགན་འཁྲི་འཁུར་བ་དང་། མངའ་ཁུལ་ལ་དོ་དམ་ནན་མོ་བྱས་ནས། གཞི་རིམ་ལ་ལྟ་སྐུལ་ནན་མོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་ངང་ཚུལ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སྐོར་ཞིབ་དག་ཐེར་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་དང་རྩིས་བཤེར། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་དང་ཟུང་འབྲེལ་བྱས་ནས། དག་ཐེར་གྱི་འགན་འཁྲི་གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ། གནད་དོན་ཕྱོགས་ཡོངས་ནས་དག་ཐེར་དང་དངོས་གནས་དག་ཐེར་བྱེད་པར་ཁག་ཐེག་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་ཞིབ་དག་ཐེར་ཡོ་བསྲང་གི་རྒྱུན་ལྡན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་ཞིབ་རྩིས་སྤྲོད་བྱས་པའི་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་སྔོག་བཤེར་གཏིང་ཟབ་ཞིབ་ཚགས་བྱེད་པ། དག་ཐེར་ལེགས་བཅོས་དང་དག་ཐེར་ལེགས་བཅོས་རྫུན་བཟོ་བྱས་རིགས་ལ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་མོ་བཅས་བྱ་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།