ཟླ8པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཟླ7པའི་ཚེས30ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། གཟབ་ནན་རྒྱུན་འཁྱོངས་བྱེད་རྒྱུར་གཡོ་འགུལ་མི་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ། སྤྱིའི་དམག་འཐབ་བཅས་ལེགས་པོར་རྒྱག་པ་བཅས་བྱས་ཏེ། སྤྱོད་གཙང་དྲང་གཞག་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་ཆགས་པར་བྱེད་དགོས། རང་རྟོགས་སྒོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་དེང་སྐབས་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་དཔལ་འབྱོར་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་ཕན་ལྡན་དགོས་མཁོ་རྒྱ་བསྐྱེད་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ནུས་ཤུགས་ཆེན་པོས་དྲ་བ་དྲུག་གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྩིས་གློག་མཉམ་འདྲེས་དང་ནུས་གསོག་གསར་པ་སོགས་འགྲན་ལམ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། ངེས་པ་དོན་གྱིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་ཚོགས་གཙོ་བོའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་པ་དང་ནུས་ཤུགས་ཆེན་པོས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་ཐག་གཅོད་པ། བློ་བརྟན་འགྱུར་མེད་སྒོས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་ལེན་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོ་རྩོམ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། “ཏང་ཨུས་དྲི་བ་འདོན་པ་དང་ཏང་ཁག་གིས་རྟོག་ཞིབ་བྱེད་པ། སྲིད་གཞུང་གིས་བསྡུ་ལེན་བྱེད་པ། སྡེ་ཁག་གིས་དོན་འཁྱོལ་བྱེད་པའི”བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཕྱིའི་མི་སྣའི་བློ་འདོན་ཇུས་འབུལ་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་པ་བཅས་བྱས་ཏེ། “དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན་གྱི་སྒྲིལ་ཤུགས”གཅིག་བསྡུས་བྱེད་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་བླང་བྱ་དེ་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན། གཉིས་བཀུར་བྱ་བའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་སྤུས་གསར་འཐབ་འཛིང་ནུས་པར་བསྒྱུར་བར་སྐུལ་འདེད་གཏོང་བ། དཔོན་དམག་རྣམས་ཀྱི་སེམས་ཁྲལ་ཐག་གཅོད་ལེགས་པོ་བཅས་བྱས་ཏེ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་མཐོ་སྒང་གི་ངར་ལྕགས་ལྟ་བའི་ལྕགས་རི་བསྐྲུན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་རྨང་གཞིའི་སློབ་གསོ་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་སློབ་སྒྲུབ་ཀྱི་གཞི་ཁྱོན་ཆེ་རུ་བསྐྱེད་པ་དང་། རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་འཇོམས་ངན་སེལ་འཐབ་རྩོད་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཏན་ཏིག་གིས་སྤེལ་བ། ཐོག་མཐའ་བར་གསུམ་དུ་མཐོ་གནོན་ཟིལ་གནོན་རྣམ་པ་སྲུང་འཛིན་བྱེད་པ་དང་ནུས་ཤུགས་ཆེན་པོས་ནག་ངན་སྟོབས་ཤུགས་འབྱུང་བར་སྔོན་འགོག་བྱེད་པ། ནག་འཇོམས་ངན་སེལ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འབད་པས་བསྐྲུན་དགོས།
གྲོས་ཚོགས་ལས《སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ཡང་བསྐྱར་ལོ་སུམ་ཅུས་ཇེ་རིང་དུ་གཏོང་བའི་ཚོད་ལྟའི་བྱ་བའི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད”སོགས་ཡིག་ཆར》གྲོས་ཞིབ་བྱས་པར་མ་ཟད། དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།