སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"སྤྱི་བའི་ལས་ཁུངས་ཀྱི་ནུས་སྲི་ཐཱན་གཅོག་བྱ་བའི་ཇུས་གཞི་དཔར་འགྲེམས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས1ཉིན་རྒྱལ་ཁབ་ལས་ཁུངས་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་རྒྱལ་ཁབ་སྲིད་འཛིན་དོ་དམ་ཅུས་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས《ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྤྱི་སྤྱོད་ལས་ཁུངས་ཀྱི་ནུས་སྲི་ཐཱན་གཅོག་བྱ་བའི་ཇུས་གཞི》དཔར་འགྲེམས་བྱས་ཏེ། སྤྱི་བའི་ལས་ཁུངས་ཀྱི་ཐཱན་རྩེར་སོན་ལ་སྐུལ་འདེད་དང་མངོན་འགྱུར་བྱེད་པ་དང་། ཐོན་ཁུངས་བསྲི་ཚགས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐོན་སྐྱེད་འཚོ་བའི་རྣམ་པ་མགྱོགས་མྱུར་ཆགས་པ་བཅས་ཕྱོགས་གསུམ་ནས"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"དུས་སྐབས་ཀྱི་སྤྱི་བའི་ལས་ཁུངས་ཀྱི་ནུས་སྲི་ཐཱན་གཅོག་བྱ་བར་བཀོད་སྒྲིག་བྱས།

འཆར་གཞི་ལས2025ལོའི་ཐཱན་འབུད་ཚད་དང་ནུས་རྒྱུ་འཛད་སྤྱོད་དེ་རྨང་གཞིར་བཟུང་སྟེ། 2030ལོར་བསླེབ་སྐབས། བསྡོམས་པས་ཁྱབ་ཁོངས་ནང་ཚུད་པའི་སྤྱི་བའི་ལས་ཁུངས་ཀྱི་འཛུགས་སྐྲུན་གཞི་ཁྱོན་གྱི་ཐཱན་འབུད་ཚད8.5%མར་ཆག་རྒྱུ་དང་། འཛུགས་སྐྲུན་རྒྱ་ཁྱོན་ནུས་ཁུངས་ཟད་ཚད5%མར་ཆག་པ། མི་རེའི་ཆ་སྙོམས་ཀྱི་ཆུ་འཐུང་ཚད3%མར་ཆག་དགོས། དེའི་ཁྲོད་དུ་སྤྱི་སྤྱོད་ལས་ཁུངས་ཀྱི་ཐཱན་འབུད་ཤུགས་ཚད་ཇེ་དམའ་རུ་གཏོང་བ་ནི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་རྒྱབ་སྐྱོར་རང་བཞིན་ལྡན་པའི་དམིགས་ཚད་གྲས་ཤིག་ཡིན་པ་དང་། སྤྱི་བའི་ལས་ཁུངས་ཀྱི་མི་རེའི་ཆུ་འཐུང་ཚད་དམའ་བ་ནི་ཆུའི་ཐོན་ཁུངས་ཚོད་འཛིན་ནན་པོ་ལག་བསྟར་བྱེད་པའི་དཔྱད་ཞིབ་རིམ་པ་གཉིས་པ་ཡིན་ཞིང་། ལོ་འཁོར་རེ་རེ་བཞིན་ངེས་པར་དུ་དཔྱད་ཞིབ་བྱེད་དགོས་པ་བཏོན་ཡོད། 

འཆར་གཞི་ལས་འདེགས་སྐྱོར་འགན་སྲུང་བྱེད་ཐབས་གསལ་བོར་བཟོས་ཡོད། ལམ་ལུགས་ཚད་ལྡན་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། 《སྤྱི་བའི་ལས་ཁུངས་ཀྱི་ནུས་ཁུངས་གྲོན་ཆུང་སྲོལ་ཡིག》དུས་བསྟུན་བཟོ་བཅོས་རྒྱག་རྒྱུ། སྤྱི་པའི་ལས་ཁུངས་ཀྱི་ནུས་སྲི་ཐཱན་གཅོག་གི་སྒྲིག་སྲོལ་མ་ལག་འཐུས་ཚང་བཟོ་བ། སྒྲིག་ཆས་དངོས་གཟུགས་གྲངས་བཅད་ཞབས་ཞུ་སོགས་ཀྱི་ཚད་གཞི་མགྱོགས་མྱུར་ངང་འདོན་སྤྲོད་བྱ་རྒྱུ་དང་། འཇལ་གཅོད་སྡོམ་རྩིས་རྨང་གཞི་བརྟན་པོར་བཟོ་བ། ནུས་རྒྱུ་འཇལ་གཅོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་སྤྱི་སྤྱོད་ལས་ཁུངས་ཀྱི་ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་ཆ་འཕྲིན་སྟེགས་བུ་ཆ་ཚང་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་བ། ཁྲོམ་རའི་ལམ་སྲོལ་བཀོལ་སྤྱོད་རྒྱ་ཆེར་བཏང་སྟེ་ནུས་ཤུགས་འགྲོ་གྲོན་བཅོལ་གཉེར་ལྟ་བུའི་གན་རྒྱའི་རྣམ་པའི་ནུས་པ་ཧུར་ཐག་ངང་ཁྱབ་གདལ་གཏོང་བ། ཆེད་ལས་འཇོན་ཐང་ཆེ་རུ་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་སྦྱོང་བརྡར་དང་རིགས་གཞུང་ལག་ལེན་ཞིབ་འཇུག་ལ་ཤུགས་སྣོན་པ་བཅས་སོ། 

རྒྱལ་ཁབ་ལས་ཁུངས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། འཆར་གཞི་འདིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཁྲིད་སྟོན་དུ་འཛིན་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གནས་སྟངས་ལ་ཞབས་འདེགས་ཞུ་བའི་གནས་བབ་གཞིར་བཟུང་སྟེ། རྒྱུ་ནོར་དོ་དམ་གཞི་རྩར་འཛིན་པའི་ལས་ཁུངས་ཀྱི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་བསྐྲུན་པ་དང་། སྤྱི་བའི་ལས་ཁུངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྤྱི་བའི་ལས་ཁུངས་ཀྱི་ནུས་སྲི་ཐཱན་གཅོག་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པ། སྤྱི་བའི་ལས་ཁུངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད་ཀྱི་མིག་དཔེ་བཟང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རྒྱུས་ལོན་པ་ལྟར་ན། མ་འོངས་པར་རྒྱལ་ཁབ་ལས་ཁུངས་དོ་དམ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་སོ་སོ་དང་མཉམ་དུ་སྲིད་ཇུས་ཡིག་ཆ་ཞིབ་ཕྲ་གཏན་འབེབས་བྱས་ཏེ། གཙོ་གནད་ལས་གཞི་སོ་སོ་མྱུར་དུ་བསྒྲུབ་ནས། ཇུས་གཞི་འདི་དོན་འཁྱོལ་ནུས་ལྡན་བྱེད་པར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།