སྡེ་ཁག་གཉིས་ཀྱིས་ཛ་དྲག་ངང་མ་དངུལ་སྒོར་དུང་ཕྱུར3.3བཏང་ནས་ཞིང་ཆེན་དང་གྲོང་ཁྱེར8ལ་རོགས་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རང་རྒྱལ་ནི"ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་མཇུག"གི་ཆུ་ལོག་བྱུང་བའི་གནད་འགག་གི་དུས་སྐབས་ཡིན་ཞིང་། ཤར་ལྷོ་ནུབ་བྱང་སོགས་ས་ཁུལ་མང་པོར་རྒྱུན་མཐུད་རང་བཞིན་གྱི་ཆར་པ་དྲག་པོ་བབས་པས། ཆུ་ལོག་དང་ས་གཤིས་གནོད་འཚེ་བྱུང་སྟེ་མི་སྣ་ཤི་རྨས་དང་ཁང་པ་རྡིབ་སྐྱོན་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ8པའི་ཚེས5ཉིན་ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར3.3ཛ་དྲག་ངང་སྤྲད་དེ། ཧེ་ལུང་ཅང་དང་ལིའོ་ཉིང་། ཅི་ལིན། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར8ལ་རང་བྱུང་གནོད་འཚེ་མྱུར་སྐྱོབ་གེགས་སེལ་བྱེད་པར་རྒྱབ་སྐྱོར་བྱས་པ་སྟེ། གཙོ་གནད་དུ་གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་གནས་སྤོར་བཀོད་སྒྲིག་བྱེད་པ་དང་། ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་བསྟུན་ཐག་གཅོད་ལས་དོན་ཡག་པོར་སྒྲུབ་རྒྱུ་དང་། ཞོར་ཐོན་གནོད་འཚེ་བརྟག་དཔྱད་བཅོས་སྒྲིག་བྱ་རྒྱུ། གཏོར་བཤིག་ཐེབས་པའི་སྡོད་ཁང་ཉམས་གསོ་བྱེད་པ་སོགས་ཀྱི་ཐད་སྤྱད་དེ་གྱོང་གུན་ཇེ་ཉུང་དུ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།