སྐམ་ས་ཆེན་མོའི་དབུགས་གནོན་མཐོན་པོའི་ཤུགས་རྐྱེན་ཐེབས་པ་ལ་བརྟེན་ནས་དེ་རིང་ནས་ཚེས12ཉིན་བར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་དྭངས། རྨ་ཙོང་རོང་ས་དང་། ཚྭ་འདམ་གཞོང་བཅས་སུ་ཚ་བ་ཆེ་བའི་གནམ་གཤིས་འབྱུང་རྒྱུ་སྟེ། གཤོང་སའི་ཆེས་མཐོ་བའི་དྲོད་ཚད25℃ཡན་ལ་བསླེབ་རྒྱུ་མ་ཟད།ས་ཆ་ཁ་ཤས་ཀྱི་དྲོད་ཚད30℃ལས་བརྒལ་རྒྱུ་རེད། ནངས་དགོང་གི་དྲོད་གྲང་བར་ཁྱད་ཆེ་བས་མཁའ་དབུགས་ཀྱི་དྲོད་འཁྱགས་དང་བསྟུན་ནས་ལྭ་བ་འཕྲི་སྣོན་བྱེད་རྒྱུ་མ་བརྗེད། ཞིང་ཆེན་ནང་ཁུལ་གྱི་ཤར་བྱང་རྒྱུད་དང་ལྷོ་རྒྱུད་ལ་ཉིན་གོང་རྗེས་སུ་སེར་ཐོག་དང་དྲག་རླུང་ལ་སོགས་གཏད་རྒྱུག་གནམ་གཤིས་འབྱུང་སྲིད་པ་དང་། ས་ཆ་ཁ་ཤས་ལ་དྲག་ཆར་འབབ་སྲིད་པས། ཆུ་ལོག་དང་འདམ་རྡོ་ཉིལ་བ་ལ་སོགས་ཀྱི་ཞོར་སྐྱོན་འབྱུང་སྲིད་པས་དོགས་ཟོན་ནན་མོ་བྱས་ནས་རི་ཁུལ་དང་གྲམ་རོང་སོགས་ཉེན་ཁའི་གནས་སུ་མི་འགྲོ་རོགས།
འདས་པའི་ཆུ་ཚོད24ཡི་རིང་གི་དྲོད་ཚད་ཨང་རིམ།

ཟླ8ཚེས5ཉིན་གྱི་ཆུ་ཚོད8སྟེང་ནས་ཚེས6ཉིན་གྱི་ཆུ་ཚོད8ཀྱི་བར་དུ། ཟི་ལིང་དང་མཚོ་ཤར། རྨ་ལྷོའི་བྱང་རྒྱུད། མཚོ་ལྷོའི་བྱང་རྒྱུད་དང་ནོ་མོ་ཧུང་། ཞའོ་ཙའོ་ཧའོ་བཅས་ས་ཁུལ་གྱི་ཚ་བ་ཅུང་ཆེ་བས་སྒོའི་ཕྱིར་བསྐྱོད་ན་ཉི་འགོག་ལེགས་པོ་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་གི་དྲོད་ཚད་འོས་འཚམ་ཡིན་ཞིང་། ནངས་དགོང་ཅུང་འཁྱགས།

མ་འོངས་པའི་ཉིན་གསུམ་རིང་གི་གནམ་གཤིས། དེ་རིང་དགོང་མོར། རྫ་སྟོད་དང་ནང་ཆེན་བཅས་ས་ཁུལ་དུ་ཆར་ཞོད་དམ་ཐོག་ཆར(ཧའོ་སྨི0.1~2)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་གནམ་ཐང་བ་དང་ཡང་ན་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ཤར་གྱི་ས་ཆ་མང་ཤོས་དང་། མགོ་ལོག་གི་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཤོས། རྐང་ཚ། རྟ་ཐང་། ཧོང་ཀྲུང་། ཁྲི་ཀ་བཅས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཞོད་དམ་ཐོག་ཆར(ཧའོ་སྨི0.1~5)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།
ཟླ8ཚེས5ཉིན་གྱི་ཆུ་ཚོད20ནས་ཟླ8ཚེས6ཉིན་གྱི་ཆུ་ཚོད20ཡི་བར། མགོ་ལོག་གི་ལྷོ་རྒྱུད་དང་། རྨ་ལྷོའི་ས་ཆ་མང་ཤོས། འབའ་རྫོང་གི་ས་ཁུལ་ཁག་ཅིག་ལ་ཆར་ཞོད་དམ་ཐོག་ཆར(ཧོ་སྨི0.1~5)འབབ་རྒྱུ་དང་། ས་ཆ་གཞན་དག་ཏུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

ཟླ8ཚེས6ཉིན་གྱི་ཆུ་ཚོད20ནས་ཟླ8ཚེས7ཉིན་གྱི་ཆུ་ཚོད20ཡི་བར། ཡུལ་ཤུལ་གྱི་ཤར་རྒྱུད་དང་མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོ་སོག་རྫོང་གི་ས་ཁུལ་ཁ་ཤས་བཅས་སུ་ཆར་ཞོད་དམ་ཐོག་ཆར(ཧོ་སྨི0.1~5)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ཏུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།
གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་གནམ་གཤིས་སྔོན་བརྡ།

ཟི་ལིང་གི་ཉིན་གསུམ་རིང་གི་གནམ་གཤིས་སྔོན་བརྡ།

ཤར་རྒྱུད་ཞིང་ལས་ས་ཁུལ་གྱི་གནམ་གཤིས་སྔོན་བརྡ།