མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་ས་ཡོམ་རིམ་པ5.8བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གོའི་ས་ཡོམ་ཁང་གིས་དངོས་སུ་ཚད་ལེན་གཏན་འཁེལ་ལྟར་ན། 2026ལོའི་ཟླ7ཚེས28ཉིན་གྱི་ཆུ་ཚོད11དང་སྐར་མ34ཡི་སྟེང་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ(བྱང་གི་འཕྲེད་ཐིག་ཏུའུ35.35དང་། ཤར་གྱི་གཞུང་ཐིག་ཏུའུ99.58མཚམས)རིམ་པ5.8ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལེ་དབར10རེད།

ཟི་ལིང་དང་། ལན་ཀྲོའུ་སོགས་ས་ཁུལ་དུ་ཡོམ་ཚོར་བྱུང་། ད་སྔ་ཀྲུང་གོ་ས་ཡོམ་ཅུས་ཀྱིས་རིམ་པ་བཞི་བའི་འཕྲལ་སྡོམ་དང་ལེན་གྱི་མགོ་བརྩམས།

ཉེ་འཁོར་གྱི་རྫོང་སྟེ། ཡོམ་ཁུངས་ནས་བྲག་དཀར་རྫོང་མཁར་བར་ལ་ལེ་དབར46ཡོད་པ་དང་། འབའ་རྫོང་བར་ལ་ལེ་དབར91། མང་རྫོང་བར་ལ་ལེ་དབར109། རྨ་ཆེན་རྫོང་གི་བར་ལ་ལེ་དབར114། རྨ་སྟོད་རྫོང་བར་ལ་ལེ་དབར134། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བར་ལ་ལེ་དབར115། ཟི་ལིང་གྲོང་ཁྱེར་བར་ལ་ལེ་དབར244བཅས་ཡོད་པ་རེད།

 

  ཀྲུང་གོ་ས་ཡོམ་ཁང་དྲ་བས་མྱུར་ཞུས་དཀར་ཆག་ལྟར་ན། ཡོམ་ཁུངས་ཉེ་འཁོར་གྱི་ལེ་དབར200ཡི་མཚམས་སུ་ཉེ་བའི་ལོ་ལྔའི་རིང་ལ་རིམ་པ3ཡན་གྱི་ས་ཡོམ་ཐེངས20བྱུང་ཡོད་པ་དང་།  ཆེ་ཤོས་དེ་ཐེངས་འདིའི་ས་ཡོམ་ཡིན་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།