མཚོ་བོད་མཐོ་སྒང་གི་ཁམས་གསོ་སྣ་མང་མཉམ་སྤེལ་གྱི་གནས་སྟངས་ཐོག་མར་ཆགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ7ཚེས25ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནས་བསྡུས་པའི་མཐོ་སྒང་ཁམས་གསོ་གླེང་སྟེགས་སྐབས་གསུམ་པའི་སྟེང་ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཐོ་སྒང་གི་ཁམས་གསོ་ཐོན་ལས་གོང་སྤེལ་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་སྐྱེད་སྲིང་གི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པའི་ཆ་ནས།  མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་དེ་འདེགས་སྐྱོར་བྱས་ཏེ།  ནུས་ཤུགས་ལྷོད་མེད་དང་ཡུན་རིང་འབད་འབུངས་བྱས་ནས་སྐྱེ་ཁམས་ཀྱི་ནུས་ཤུགས་སྩོལ་ཞིང་།ཚན་རིག་གནས་འདེགས་སྐྱོར་ཐོབ་པ།  དམངས་ཚིས་ཀྱི་ཕན་བདེ་སྐྱོང་བའི་འཚེ་མེད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་དང་།  མཐོ་སྒང་གི་ཁམས་གསོ་ཐོན་ལས་ལ་ཕན་འབྲས་གསར་པ་ལོན་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས“སྨན་བཅོས་དང་རྒན་གསོ། ཚན་ཞིབ། ལུས་རྩལ། ཡུལ་སྐོར། ”བཅས་མཐོ་སྒང་གི་ཁམས་གསོ་སྣ་མང་མཉམ་སྤེལ་གྱི་འཕེལ་སྟངས་ཤིག་ཐོག་མར་གྲུབ།

མཐོ་སྒང་ཁམས་གསོ་ཐོན་ལས་གོང་སྤེལ་ནི་མཚོ་སྔོན་གྱིས་རི་ཆུ་སྔོ་དྭངས་ལ་སྲུང་སྐྱོབ་དང་མི་དམངས་ཀྱི་བདེ་ཐང་ལ་ཕན་བདེ་བསྐྲུན་པ་གཉིས་ཟུང་དུ་འབྲེལ་བའི་ལམ་བུ་གསར་པ་ཞིག་དང་།  ལག་ལེན་གསར་པ་ཞིག་ཡིན་པར་མ་ཟད།  མཐོ་སྒང་ལ་གཞི་བཙུགས་ཏེ་རྒྱལ་ཡོངས་ལ་ཞབས་ཞུ་དང་། འཛམ་གླིང་ཡོངས་ལ་ཕྱོགས་པའི་ཁྱད་ཆོས་ལྡན་པའི་དགེ་མཚན་ཐོན་ལས་ཤིག་ཡིན་ཞིང་།  ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་དགེ་མཚན་དང་།    མཚོ་འཕགས་མཐོ་བའི་དགེ་མཚན།  ཁ་དབུགས་བསིལ་བའི་དགེ་མཚན།  ཆེད་ལས་ཀྱི་དགེ་མཚན་བཅས་ལྡན།    ཡོན་ཧྲི་ཝུའུ་ཐིན་དབྱི་ཡིས་མཚོན་པའི་མཐོ་སྒང་གི་གསོ་རིག་ཆེད་མཁས་དཔུང་སྡེ་ཡིས་མཐོ་སྒང་གི་ཁམས་གསོ་གཞུང་ལུགས་ཀྱི་མ་ལག་གི་སྲོལ་བཏོད་དེ་འཐུས་ཚང་དུ་བཏང་བ་དང་། རྒྱལ་སྤྱིའི་མཐོ་རི་གསོ་རིག་མཐུན་ཚོགས་ཀྱིས་དེ་ལ“མཚོ་སྔོན་གྱི་ཚད་གཞི”ཞེས་པའི་མཐོ་སྒང་ནད་གྲངས་འགྱུར་གྱི་བརྟག་ཐབས་ཚད་གཞི་བཏོན་ནས་གསོ་རླུང་ཉུང་བའི་འབྱུང་ཁམས་དང་མཐོ་སྒང་གི་ཁམས་གསོ་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་ཞིག་བསྐངས།  ཉེ་བའི་ལོ་རིང་ལ།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སྲིད་གཞུང་གིས་མཐོ་ས་ནས་བཀོད་སྒྲིག་སྐུལ་འདེད་བཏང་སྟེ།   མཐོ་སྒང་གི་ཁམས་གསོ་ཐོན་ལས་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་ཇུས་བཀོད་ནང་བླངས་ཤིང་།  ཆེད་དོན་འཛིན་གྲྭ་བཙུགས་ཏེ་གཅིག་གྱུར་འཆར་འགོད་དང་། སྡེ་ཚན་མཉམ་འགུལ།  གྲོང་ཁྱེར་དང་རྫོང་གིས་ལག་བསྟར་བཅས་རིམ་པ་གསུམ་གྱིས་མ་ལག་ལ་སྐུལ་འདེད་བཏང་ནས“ལྟེ་བ་གཅིག་དང་ཁུལ་གཅིག་ས་ཚིགས་མང་པོ”ཅན་གྱི་ཐོན་ལས་ཀྱི་བར་སྟོང་ཞིག་བསྐྲུན།

མཐོ་སྒང་གསོ་རིག་ཞིབ་འཇུག་འདེགས་སྐྱོར་བྱས་ཏེ།   ཡོན་ཧྲིའི་གསར་གཏོད་ལྟེ་གནས་དང་།  མཉམ་འབྲེལ་ཚོད་ལྟ་ཁང་ལ་སོགས་ཚན་ཞིབ་སྟེགས་བུ་བསྐྲུན་པ་དང་།  གསོ་རླུང་ཉུང་བའི་བདེ་ཐང་ཐད་ལ་ཐེ་གཏོགས་དང་། ཁྱད་ཆོས་ལྡན་པའི་སྐྱེ་དངོས་ཐོན་ཁོངས་གསར་སྤེལ་ལ་སོགས་ཀྱི་ཞིབ་འཇུག་ལ་ཐོལ་བརྒལ་དུ་མ་བྱུང་ནས་རིམ་པ་མང་པའི་ཁམས་གསོ་ཐོན་རྫས་བསྡུ་སྒྲིག་གི་རྣམ་པ་ཐོག་མར་བསྐྲུན།    “ཁམས་གསོ+”བྱེད་སྟངས་ལག་བསྟར་གཏིང་ཟབ་བྱས་ཏེ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་།  “ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས།  ཁམས་གསོ”བཅས་འཛད་སྤྱོད་ཀྱི་འཕར་གནས་གསར་པ་ཞིག་ཏུ་གྱུར་ཏེ། སེ་འདུས་ཞིང་ལས་དང་།  ཚ་གཡོལ་ཡུལ་སྐོར་དང་གནས་སྡོད་ལ་སོགས་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ནས་སྤུས་རྟགས་ཀྱི་སྙན་གྲགས་ཇེ་ཆེར་ཕྱིན།  ཟི་ལིང་དང་མཚོ་ཤར་ཏུ་སྔོན་ལ་ལག་བསྟར་ཚོད་ལྟ་བྱས་ཤིང་། ཁམས་གསོ་ལྟེ་གནས་དང་།  ནགས་ཚལ་ཁམས་གསོ་རྟེན་གཞི་སོགས་ཚད་ཤིང་སྐོར་ཞིག་གྲུབ་ནས་བསྐྱར་དཔར་ཆོག་པའི་ཁྱབ་གདལ་གྱི་རྣམ་པ་ལེགས་པོ་ཞིག་ཆགས།  མཐོ་སྒང་ཚ་གཡོལ་དང་།སྐྱེ་ཁམས་ཁམས་གསོ།  བོད་སྨན་ལུས་གསོ།  སེ་འདུས་བཟའ་བཏུང་གི་བཅོས་ཐབས་ལ་སོགས་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཀྱི་སྙན་གྲགས་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན།

མཚོ་སྔོན་གྱིས“སྲིད་གཞུང་གིས་ཁྲིད་སྟོན་དང་།  ཁྲོམ་རའི་འཁོར་སྐྱོད།  དམངས་ཡོངས་ཀྱིས་མཉམ་སྤྱོད”རྒྱུན་འཁྱོངས་བྱས་ཏེ།   ཚོང་འགུགས་དངུལ་འདྲེན་ཐད་ལ་ཤུགས་སྣོན་དང་། ཚན་ཞིབ་གྲུབ་འབྲས་མགྱོགས་པོར་བརྗེ་སྒྱུར་བྱས་ནས་མཐོ་སྒང་གི་ཁོར་ཡུག་དང་བདེ་ཐང་གི་རྨང་གཞིར་ཞིབ་འཇུག་སྔར་ལས་གཏིང་ཟབ་ཏུ་བཏང་ནས་མཐོ་སྒང་ཁམས་གསོ་ཡི་ཁྱད་ལྡན་སྤུས་རྟགས་བཟོ་བར་ཚན་རིག་གི་འདེགས་སྐྱོར་དང་ཚད་འབེབས་ཀྱི་གཞི་འཛིན་ས་ཞིག་མཁོ་འདོན་བྱས།      ཚན་ཞིབ་དང་བདེ་ཐང་དོ་དམ།ཁྱད་ལྡན་སྨན་བཅོས་བཅས་གཞི་གཅིག་ཏུ་གྲུབ་པའི་རིག་ནུས་ཅན་གྱི་ཁམས་གསོ་ཞབས་ཞུ་མ་ལག་མགྱོགས་པོར་བསྐྲུན་ཏེ། ཀྲུང་བོད་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཁམས་གསོ་བྱེད་སྟངས་གོང་དུ་སྤེལ་ནས་“ཡུལ་སྐོར +ཁམས་གསོ”“ལུས་རྩལ+ཁམས་གསོ”“རིག་གནས+ཁམས་གསོ”སོགས་ཀྱི་ལས་རྣམ་གསར་པ་གསར་དུ་བཏོད་རྒྱུ།  “སྲིད་གཞུང་གིས་ཁྲིད་སྟོན་དང་།  ཁྲོམ་རའི་འཁོར་སྐྱོད།  དམངས་ཡོངས་ཀྱིས་མཉམ་སྤྱོད”རྒྱུན་འཁྱོངས་བྱས་ཏེ།

ཐོན་ལས་གཞི་ཁྱོན་ཅན་དང་།  ཚོགས་འདུས་ཅན།   སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་རྒྱུ།   ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་། ས་ཁོངས་ཀྱི་མཉམ་སྤྱོད་ནང་རྐྱེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  རིག་ནུས་ཅན་དང་།  རྒས་འགྱུར་ཅན་གྱི་ཁམས་གསོ་རྟེན་གཞི་དང་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་ལ་སྐུལ་འདེད་དང་།   མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར།  རྒྱལ་ཁབ་ཀྱི་པུའུ་ཨུ།  ཚན་ཞིབ་གླིང་དང་ཁང་བཅས་ཀྱི་མཉམ་ལས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས་མཐོ་སྒང་གི་ཁམས་གསོ་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་བསྐྱོར་པར་སྐུལ་འདེད་གཏང་འཆར་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།