མཚོ་སྔོན་པོ་རྟགས་མའི”རྟ་རྒྱུག་འགྲན་ཚོགས་དང“འཆམ་མཛེས་གསེར་ཆེན”ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་སྐབས་དགུ་པའི་ཕྲེང་བསྟར་བྱ་འགུལ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མགོ་རྩོམ་མཛད་སྒོའི་ཡུལ་དངོས།

ཉེ་སྔོན། “རྨ་ཀླུང་སྔོན་མོའི”མཚོ་ལྷོར་སྐྱོད་ཅེས་པའི“མཚོ་སྔོན་པོ་རྟགས་མའི”རྟ་རྒྱུག་འགྲན་ཚོགས་དང“འཆམ་མཛེས་གསེར་ཆེན”ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་སྐབས་དགུ་པའི་ཕྲེང་བསྟར་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཚོགས་ར་གཙོ་བོར་སྤེལ། ཕྱོགས་བཞིའི་མགྲོན་པོ་དང་ས་གནས་མང་ཚོགས་མཚོ་སྔོན་པོའི་སྤང་ཐང་དུ་འཛོམས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་ལུས་རྩལ་གྱི་གསོལ་སྟོན་ལ་མཉམ་གཅིག་ཏུ་རོལ།

སྐྱ་མི་འཁྲབ་སྟོན་ཚོགས་པ།

གསེར་ཆེན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཐའོ་ཧུའེ་ཅོན་གྱིས་བཤད་རྒྱུར། “མཚོ་སྔོན་པོ་རྟགས་མའི”རྟ་རྒྱུག་འགྲན་ཚོགས་ཉིན་བདུན་ལ་སྤེལ་འཆར་ཡོད་ཅིང་། སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཀྱིས་མཚོ་སྔོན་པོའི་འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ཤུགས་རྐྱེན་ལ་བརྟེན་ཏེ། དངོས་མིན་ཤུལ་བཞག་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་ལས་རྩལ་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་། བྱ་འགུལ་སྤེལ་པའི་དུས་ཡུན་ནང་། ང་ཚོས་ཁྱད་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འགྲེམ་ཚོང་། ས་གནས་ཀྱི་ཟས་མཆོག་མྱོང་རོལ་སོགས་ཀྱི་བྱ་འགུལ་དུས་མཉམ་དུ་སྤེལ་ཏེ། ས་གནས་ཀྱི་འཛད་སྤྱོད་ཇེ་ལེགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཚོལ་བའི་ལམ་ཁ་ཇེ་ཡངས་སུ་བཏང་བ་དང་བསྟུན། མཚོ་ལྷོ་ཁུལ་མ་ཟད་མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣང་བརྙན་གསར་པ་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་པར་བརྩོན་བཞིན་ཡོད་ཟེར།

འཁྲབ་སྟོན་གྱི་ཡུལ་དངོས།

སྐྱ་རྩལ་ངོམ་བཞིན་པའི་ཚུལ།

གཞས་མ་སྒྲོལ་དབྱངས་ཀྱི་གཞས་གཏོང་བཞིན་པའི་ཚུལ།

འཁྲབ་སྟོན་གྱི་ཡུལ་དངོས།

རྟ་རྒྱུག་འགྲན་སྡུར་གྱི་ཡུལ་དངོས།

རྟ་རྒྱུག་འགྲན་སྡུར་གྱི་ཡུལ་དངོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།