ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས14ཉིན་ནས་ཚེས16ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བདུན་པར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཐུག་འཕྲད་བྱས།

ཀྲི་ལིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཨ་ཧྥང་སོ་ཞི་ཨར་ཝ་ནཱ་ཝ་ལའོ་དང་ཧ་སག་སི་ཐན་ཨ་ལཱ་མུའུ་ཐུའུ་མངའ་སྡེའི་འགོ་གཙོ་གཞོན་པ་པཱ་ཅི་ཐུའུ་ལེ་པཱ་ཁུ་ཐི་ནུའུ་ཨར།  ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཅིན་ཧྥུའུ།  ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཧོའུ་ཆི་ཅུན།  ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཀྲང་ཐའོ། ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་ཝེ་ཕིང་།   ཀྲུང་གོའི་ཤར་ཕྱོགས་གློག་སྒུལ་རླངས་འཁོར་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཀྲང་ཡན་ཅུན།  ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཁྲིན་ཏི་ཞིན། ཀྲུང་གོའི་ནུས་ཁུངས་ཟད་གྲོན་དང་ཁོར་ཡུག་སྲུང་སྐྱོབ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལེའོ་ཅཱ་ཧྲིན།  ཀྲུང་གོའི་ཚྭ་ལས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཧྲིན་ཀྲའོ་ཅུན།   ཞིན་ཧྭ་སྡེ་ཚོགས་གསུམ་པའི་སྤྱི་འདོམས་པ་ཝང་ཧུང་ཐའོ།  མེན་དབྱང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཀྲང་ཁྲོན་ཝེ། ཧའེ་པའོ་སི་ཁྲོང་ཀྱི་རྐང་གཉེར་དབུ་གཙོ་ཀྲང་ཅུན་ཧུའེ།  ཉིང་ཏི་དུས་རབས་ཀྱི་སྤྱི་འདོམས་པ་གཞོན་པ་མིན་ཞང་ཧྥེང་བཅས་དང་སོ་སོར་ཐུག་འཕྲད་བྱེད་སྐབས་གྲོས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྐུ་མགྲོན་ཚང་མ་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པར་རྐང་བཙུགས་ཏེ་མཚོ་སྔོན་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་སྐྱོད་བཞིན་ཡོད་ལ།   སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་ཁྲིད་སྟོན་དུ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད། ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་སེམས་ཤུགས་གཅིག་བསྡུས་ཀྱིས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དང་མཚོ་སྔོན་གྱི་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ།  ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཟབ་མོ་བྱེད་པ། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་བཅས་བྱས་ཏེ་ཐུན་མོང་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་བསྣན་ནས་རིགས་སོ་སོའི་ཚོང་རའི་ཚོང་བ་མང་བོས་མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱེད་པའི་ཐད་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་ངེས་ཡིན་ཟེར།

སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བདུན་པ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས། ཚང་མས་བལྟས་ན།   མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས།  ཕྱི་ཕྱོགས་སྒོ་འབྱེད་རོགས་ལས་སོགས་ཁྱབ་ཁོངས་སུ་འབུར་དུ་ཐོན་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད་པ་དང་།  དག་གཙང་ནུས་ཁུངས་དང་ཚྭ་མཚོའི་རྒྱུ་ཆ་གསར་པ། ལྗང་མདོག་རྩིས་ནུས།  གསར་དར་གསོག་ནུས་སོགས་སུ་འཕེལ་རྒྱས་བར་སྟོང་ཆེན་པོ་ལྡན་པས།   ཚང་མས་མཚོ་སྔོན་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་དུ་ཟབ་ཞུགས་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བར་འདོད།  ཚོང་ཚོགས་ལ་ཞུགས་པའི་ཁེ་ལས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོར་དམ་དུ་དམིགས་ནས་ལས་གཞི་བཀོད་སྒྲིག་ཤུགས་ཚད་ཆེ་རུ་གཏོང་བ་དང་སྔར་ལས་མང་པོའི་ལས་གཞི་བཟང་བོ་དོན་འཁྱོལ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ།  སྟོད་སྨད་རྒྱུད་ཀྱི་ཐོན་ལས་མུ་ཕྲེང་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་ངེས་ཡིན།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། དབྱང་ཧྥེང་ཁྲུན།  ལིའུ་ཐའོ།  ལིའུ་ཁྲའོ། ཝང་ཧེ་ཧུང་།  ཝང་ཀྲིན་ཁྲང་བཅས་འབྲེལ་ཡོད་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།