བོད་སྨན་མུ་ཏིག་བདུན་ཅུ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་གསར་པའི་ནང་བཅུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ཀྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག(2026ལོའི་པར་གཞི)པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། དཀར་ཆག་ཁྲོད་བོད་སྨན་མུ་ཏིག་བདུན་ཅུ་བདེ་བླག་ངང་བདམས་ཐོན་བྱུང་ཡོད་པ་རེད།

བོད་མིང་ལ་རཏྣ་བསམ་འཕེལ་ལམ་མིང་གཞན་ལ་མུ་ཏིག་བདུན་ཅུ་ཟེར་བའི་སྨན་འདིའི་བྱེད་ནུས་གང་རེད་ཅེ་ན། གཟའ་གྲིབ་ཀླད་སྐྱོན་དབང་བོ་ཉམས། །རླུང་ནད་རྩར་བསྡོངས་གཞོགས་ཕྱེད་ཉམས་དང་ཡོ། །མགོ་འཁོར་ངག་ལྐུགས་གཉིད་ཡེར་དབང་བོ་འཁྲུལ། །ཁྲག་མཐོའི་སྙིང་ནད་ལ་སོགས་མ་ལུས་འཇོམས། །

《བརྡ་ཐོ》ལྟར་ན། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་ཆེད། 《གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས》དང《སྨན་རྫས་དོ་དམ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག(2018ལོའི་པར་གཞི)》ལ་བསྐྱར་བཅོས་ལེགས་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། 《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག(2026ལོའི་པར་གཞི)》གཏན་འབེབས་བྱས་པ་དང་། པར་གཞི་གསར་པའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག2026ལོའི་ཟླ9པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།