ཟླ7པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་སློབ་དེབ་འཛུགས་སྐྲུན་གཙོ་གནད་ཞིབ་འཇུག་རྟེན་གཞི་དང་མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་། ཝུའུ་ཧན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི། “ལོ་བཅུའི་འགྱུར་ལྡོག་ཆེན་པོ·ལྗང་མདོག་གི་འབྲི་ཆུ”ཞེས་པའི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་མོའི”ནང་འདྲེས་པར་བྱེད་པའི་ཐུན་མོང་སློབ་ཚན་གྲ་སྒྲིག་ཚོགས་འདུ་མཚོ་སྔོན་སློབ་ཆེན་དུ་སྤེལ།
ཝུའུ་ཧན་སློབ་ཆེན་དང་ཧྭ་ཀྲུང་ཚན་རྩལ་སློབ་ཆེན། ཧྭ་ཀྲུང་ཞིང་ལས་སློབ་ཆེན། ཧུའུ་ནན་སློབ་ཆེན། ཞང་ཐན་སློབ་ཆེན། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་སོ་སོའི་མར་ཁེ་སི་རིང་ལུགས་སློབ་གླིང་བཅས་ནས་ཡོང་བའི་དགེ་རྒན60ལྷག་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་མོའི”ནང་འདྲེས་པར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོར་བཟུང་ནས། ས་ཁོངས་ལས་བརྒལ་བའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཐུན་མོང་སློབ་ཚན་གྲ་སྒྲིག་ལས་སྒོ་སྤེལ།
དབུས་ནུབ་རྒྱུད་མཐོ་རིམ་སློབ་ཆེན་གྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི“མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”འཐབ་ཇུས་གལ་ཆེན་བཏོན་ནས་ལོ་བཅུ་འཁོར་བའི་དུས་འདིར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲི་ཆུའི་དབུས་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་ལེན་རྣམ་པ་ཆེན་པོ་གཉིས་ལ་གཞི་བཙུགས་ཏེ། ས་ཁོངས་ལས་བརྒལ་བའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཐུན་མོང་སློབ་ཚན་གྲ་སྒྲིག་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་བསམ་བློ་ཆབ་སྲིད་སློབ་ཚན་ནང་གཏིང་ཟབ་ངང་འདྲེས་རྒྱུར་སྐུལ་འདེད་གཏོང་ཆེད། རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་སློབ་ཁྲིད་ཀྱི་དཔེ་གཞི་འདོན་སྤྲོད་བྱས་པར་མ་ཟད། ད་ཐེངས་ཀྱི་ཐུན་མོང་སློབ་ཚན་གྲ་སྒྲིག་ཚོགས་འདུ་གོ་སྐབས་སུ་བཟུང་ནས། ཡུན་ཕན་མཉམ་ལས་ལམ་སྲོལ་བཙུགས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་འདྲེས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། དགེ་སློབ་ཚོས་སྐྱེ་ཁམས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པར་རམ་འདེགས་བྱས་ཡོད།