ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས6ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་རྒྱལ་ཡོངས་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། 《ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ།》ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཚན་རིག་གཞུང་ལུགས་མ་ལག་འདིའི་ཏང་འཛུགས་ཀྱི་ལེའུ་ཞིག་ཡིན་པར་མ་ཟད། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་བའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། དགོངས་པ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ཞིབ་བསྡུར་ལག་བསྟར་བྱེད་པའི་ཐད་ནུས་པ་འདོན་པ་དང་ཕན་འབྲས་བརྩོན་ལེན་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་བྱས་ཏེ། སྲིད་གྲོས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་འཛིན་ནན་མོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞུང་ལུགས་ཀྱི་སློབ་སྦྱོང་སྔར་ལས་ཟབ་སྤེལ་བྱེད་པ་དང་། གྲོས་གཞི་དང་པོ་དང་གཞུང་ཞུགས་སློབ་སྦྱོང་བཞུགས་མོལ་ཚོགས་འདུ། ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག གཏན་འཁེལ་གྱི་སློབ་སྦྱོང་ཉིན་མོ་དང་མི་སྒེར་གྱི་རང་སྦྱོང་སོགས་སློབ་སྦྱོང་བྱེད་ཐབས་མང་པོར་བརྟེན་ནས། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། མ་གཞུང་རྟོགས་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་གཙོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། ཏང་འཛུགས་དང་འགན་སྒྲུབ་གཉིས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་དང་ལས་སྒོའི་བྱ་བ་གཉིས་མཉམ་དུ་འཆར་འགོད་དང་བཀོད་སྒྲིག དངོས་འབེབས་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ། ཞིང་ཆེན་གྱི་གཙོ་དོན་དང་དམངས་ཚིས་དངོས་དོན་ལ་དམ་པོར་དམིགས་ནས། ཏང་འཛུགས་ཁྲིད་སྟོན་དེ་གྲོས་མོལ་རྟོག་ཞིབ་དང་གྲོས་འདོན་ལས་དོན། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། གྲོས་འདོན་སྲིད་སྐྱོང་གི་གནད་འཁེལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། དམངས་གཙོའི་ལྟ་སྐུལ་ཀྱི་དངོས་འབྲས་རང་བཞིན་ལ་ཤུགས་བསྣན་ནས། ཏང་འཛུགས་དང་འགན་སྒྲུབ་གཉིས་མཉམ་དར་མཉམ་སྐྱེད་དང་ཕན་ཚུན་སྟོབས་ནུས་སྩོལ་བ་མངོན་འགྱུར་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། དམངས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། སེམས་ཤུགས་ཡོད་རྒུས་འགན་སྒྲུབ་ཁག་ཁུར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་འཐབ་ར་གཙོ་བོ་དང་སྟེགས་བུ་གཙོ་བོ། བརྒྱུད་ལམ་གཙོ་བོའི་བྱེད་ནུས་ཏན་ཏིག་གིས་འདོན་སྤེལ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྲིད་གྲོས་ཀྱི་ཁག་ཁུར་དང་སྲིད་གྲོས་ཀྱི་སྤྱོད་ཚུལ་མངོན་པར་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་ཙུའུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་ལོ་སྟོད་ཀྱི་ཏང་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་དང་། ལོ་སྨད་ཀྱི་ཏང་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཐེན་ཁོས། ལིའུ་ཏ་ཡེ། ཅིན་ཧྲིན་ཧྲུའུ། ཀྲུའུ་ཞང་ཏུང་བཅས་ཚོགས་འདུར་ཞུགས་པ་དང་། ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་རྣམས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།