རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིའི་བགྲོ་གླེང་ཚོགས་འདུ་བསྡུས། ཝང་ཧུའུ་ཉིང་གིས་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱིས2026ལོའི་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིའི་བགྲོ་གླེང་ཚོགས་འདུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།  ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་སྒོས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ཏེ་འབད་བརྩོན་ལྷོད་མེད་དང་ལྷག་པར་དུ་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”ལག་ཏུ་བསྟར་དགོས།  འཐབ་ཕྱོགས་གཅིག་གྱུར་ལ་ངོས་འཛིན་གཏིང་ཟབ་དང་རྒྱུན་འཁྱོངས་བྱེད་པ་ནི་ཏང་གིས་དུས་ཡུན་རིང་བོར་འབད་བརྩོན་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་ལ། ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་བླངས་བའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་བསམ་བློའི་མོས་སེམས། རིགས་གཞུང་གི་མོས་སེམས། བརྩེ་བའི་མོས་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་འོས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་སེམས་གཅིག་སྡུད་དང་ཐུན་མོང་ངོས་འཛིན་གཅིག་སྡུད། རྣམ་དཔྱོད་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན།  ངེས་པ་དོན་གྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ལག་བསྟར་ཡག་པོ་བྱེད་པ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་དོན་ཇུས་འབུལ་གྱི་ནུས་པ་དང་སེམས་ཤུགས་གཅིག་སྒྲིལ་གྱི་ནུས་པ་དང་དམངས་གཙོ་རྣམ་པའི་ནུས་པ་བཅས་འདོན་སྤེལ་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིང་། པ་ཐར། སུའུ་ཧུའེ། ཧྲའོ་ཧོང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན་བཅས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།