རྨ་ཀླུང་ཕྱུག་མོ་ནམ་ཡང་མི་འགྱུར་ཤར་དུ་འབབ་པར་གྱིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྨ་ཀླུང་ཕྱུག་མོ་ནམ་ཡང་མི་འགྱུར་ཤར་དུ་འབབ་པར་གྱིས།
——“རྨ་ཆུའི་འགྲམ་རྒྱུད་དེད་ནས་ཀྲུང་གོར་བལྟ”ཞེས་པ་དང་མི་དམངས་ཀྱིས་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་ངོ80འཁོར་བ་ཞེས་པའི་མཉམ་འབྲེལ་སྨྱན་བྱེད་ཀྱིས་སྤེལ་བའི་མཚོ་སྔོན་གྱི་ལེའུ།
 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དབྱར་གཞུང་དུ་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་ཆུ་མགོ་ཁོངས་སུ་སྐར་ཚོགས་ས་ལ་བཀྲམས་པ་ལྟ་བུའི་མཐོ་སྒང་གི་མཚེའུ་དང་ཡངས་ཤིང་རྒྱ་ཆེ་བའི་འདམ་ར་ཡུག་གཅིག་ཏུ་སྦྲེལ་ཞིང་། ཆུ་ཕྲན་གྱི་རྒྱུན་ཁྲ་ལ་རི་པོའི་བྱང་བྱང་འདབས་ནས་བབས་ཏེ། རི་མཐོན་པོ་ཨ་སྔོན་དགུང་ལ་ཟུག་ཅིང་། མཐའ་མི་ངོམ་ཡངས་པའི་རྩྭ་ཐང་གི་བར་ན་གྱ་གྱུ་རྒྱུ་ཞིང་གཅིག་ཏུ་འདྲེས་མཐར་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་འཕྲེད་བརྒལ་གྱི་རྔམ་བརྗིད་ཆུ་བོ་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་མངའ་ཁོངས་སུ་སྤྱི་ལེ1694བརྒལ་ནས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི31%ཟིན་པ་དང་། རྨ་ཆུའི་རང་འབབ་གྱི་ཕྱེད་ཀ་ཙམ་ཐེག་ཡོད་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི“ཀྲུང་ཧྭའི་ཆུ་མཛོད”ཞིག་ཡིན་ཡིན་པར་མ་ཟད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་བྱེད་པའི་འགག་སྒོ་དང་པོའང་རེད།

ཟླ4ཚེས29ཉིན། “རྨ་ཆུ་འབབ་རྒྱུད་དེད་ནས་ཀྲུང་གོར་ལྟ་བ”དང་མི་དམངས་གྱིས་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་80འཁོར་བའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགྱུར་དངོས་སུ་སྤེལ་འགོ་ཚུགས། ཟླ6ཚེས29ཉིན་ནས་ཟླ7ཚེས5ཉིན་བར་གསར་འགྱུར་ཚོགས་ཆུང་གིས་མཚོ་སྔོན་གྱི་རྨ་ཙོང་རོང་སའི་ཞིང་སྡེའི་གྲོང་ཚོ་དང་གྲོང་རྡལ་ནས་རྨ་ཆུའི་ཆུ་མགོ་སྟེ་ས་མཐོ་ཞིང་གྲང་ངར་ཆེ་བའི་འདམ་རའི་བར་གྱི“ཆུ་རྒྱུད”དེད་དེ། བརྙན་ཤེལ་དང་ཡི་གེ་གཉིས་ཀའི་ལམ་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སེམས་ཤུགས་གཅིག་སྒྲིལ་དེ། དུས་རབས་གསར་པའི་རྨ་ཆུ་བཅོས་སྐྱོང་གི་མཚོ་སྔོན་གྱི་རྒྱུགས་གཞི་ལ་ལན་ལེགས་པོ་བཏབས་པའི་ལེའུ་དེ་ཅི་དགར་ངོམ། 
  མཚོ་སྔོན་གྱིས་ཆུ་མགོའི་འགན་འཁྲི་དང་རྨ་ཆུའི་གཞུང་འབབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་སྒྲོམ་གཞི་གཏན་འཁེལ་དང་། འབབ་རྒྱུད་གྱི་རི་ཆུ་བཅོས་སྐྱོང་། སྔོ་ལྗང་འབྱུང་འཕྲོད་ཐོན་ལས་དར་སྤེལ། རིག་གནས་རྒྱུན་ཁོངས་གཅིག་སྡུད་བཅས་ལ་བརྟེན་ནས་ས་ཁོངས་མཐུན་སྦྱོར་དང་། སྐྱེ་ཁམས་བདེ་འཇགས། དམངས་འཚོའི་འབབ་འཕར། རིག་གནས་རྒྱུན་འཛིན་བཅས་གཅིག་གྱུར་འཆར་འགོད་བ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། སྣོད་བཅུད་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་བཅས“གསེར་གྱི་མིང་བྱང”བཞི་ནུས་ཤུགས་ཡོད་རྒུས་བཏོད་དེ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང“རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་པས། རྒྱུན་མཐུད་གྱིས“གཙང་ཆབ་སྔོན་མོ་ཤར་ཕྱོགས་སུ་འབབ་པའི”ཆུ་མགོའི་རྒྱུགས་གཞི་ལ་ལན་བཟང་བོ་རབ་དང་རིམ་པ་སྤྲད།
  བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་ཡུན་རིང་བཅོས་སྐྱོང་དང་གཙང་སེལ་གྱི་རྨང་གཞི་སྲ་བརྟན་བཏིངས།

རྨ་ཆུའི་སྟོད་རྒྱུད་ཀྱི་ལྟེ་བའི་ཆུ་ཁུངས་གསོ་ཁུལ་ཡིན་པའི་མཚོ་སྔོན་གྱིས་རྨ་ཆུའི་འབབ་རྒྱུད་སྲུང་སྐྱོང་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྩེ་རིམ་ཇུས་འགོད་དང་། ཁྲིམས་སྐྱོང་འགན་ལེན། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་བཅས་ཕྱོགས་གསུམ་གཞི་གཅིག་གི་བཅོས་སྐྱོང་ཀྱི་རྣམ་པ་བཏོད་ཡོད།
  མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཆེད་དམིགས་མགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། 2022ལོའི་ཟླ6པར《མཚོ་སྔོན་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་སྤེལ་འཆར་འགོད》པར་འགྲེམས་བྱས་ཏེ། འབབ་རྒྱུད་ཀྱི་དོ་དམ་ཚོད་འཛིན་ཁྱབ་ཁོངས་ནང་དུ་སྐྱེ་ཁམས་ཉམས་གསོ་དང་། ཆུའི་ཐོན་ཁུངས་དོ་དམ་ཚོད་འཛིན། ཐོན་ལས་ཕྱོགས་སྒྱུར་བཅས་ཀྱི་བཙན་ཐབས་འཆུན་འདོམས་ཀྱི་ས་མཚམས་གསལ་བོ་དབྱེ་ལ། དེའི་ནང་རྨ་ཆུའི་ཆུ་གཞུང་དང་ཆུ་ལག་རྒྱུག་སའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར2དང་ཁུལ6དང་རྫོང་(གྲོང་ཁྱེར་དང་ཆུས)35ཚུད་ཡོད་པ་དང་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི27.78ཡོད་པ་རེད།
  ཁྱབ་ཁོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན།
  2021ལོའི་ཟླ11ཚེས1ཉིན་ལ《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལག་བསྟར་སྲོལ་ཡིག》དངོས་སུ་ལག་ལེན་བྱས་ཤིང་། ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་སྒྲིག་སྲོལ་ཁག་ཁ་གསལ་བཟོས་ནས་ས་ཁོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ལ་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱས། ཆུ་བོ་དང་མཚེའུ། ནགས་ཚལ་དང་རྩྭ་ཐང་བཅས་ཀྱི་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་སྲུང་སྐྱོང་ལམ་སྲོལ་ལམ་སྲོལ་གྱི་ལེ་ལག་འཐུས་ཚང་དུ་བཏང་ནས་ཞིང་ཆེན་དང་། གྲོང་ཁྱེར་ རྫོང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་ལྔའི་དོ་དམ་སྲུང་སྐྱོང་དྲ་རྒྱ་ཆགས་པ་དང་། བཙོག་འབུད་སྦུག་སྒོ་གྲལ་བཤེར་དང་། སྐྱེ་ཁམས་ཁྲིམས་བསྟར། གནད་དོན་དག་ཐེར་བཅོས་སྒྲིག་བཅས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་བས། ཞིང་ཆེན་ཡོངས་ཀྱི་འབབ་རྒྱུད་ཀྱི་ཆུ་དཔོན་དང་མཚོ་དཔོན750ཡོད་པ་དང་། ཆེད་སྒྲུབ་ཀྱི་དོ་དམ་སྲུང་སྐྱོང་པ་ཁྲི1.6ལྷག་ཙམ་བཀོད་སྒྲིག་བྱས་ནས་མངའ་ཁོངས་ཀྱི་ཆུ་བོ་དང་མཚོ་མོ100%འགན་ཁུར་བ་རེ་བསྐོས། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་གཙང་སྒྲུབ་དང་རྒྱུན་རྣམ་ཅན་གྱི“རྙོག་དྲ་བཞི་གཙང་སེལ”བཅོས་སྒྲིག་དང་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་སོགས་ཀྱི་ལས་དོན་ལ་འབྲེལ་ཏེ། སྔ་གཞུག་ཏུ་ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་མོ100(དུམ་བུ་དང་། ཁག་གཅིག )བསྐྲུན་པ་དང་།   “ཆུ་དཔོན་མཚོ་དཔོན+”མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་གསར་བཏོད་ལམ་ནས་འཐུས་ཚང་དུ་བཏང་སྟེ། “ཆུ་དཔོན་དང་མཚོ་དཔོན+སྐྱེ་ཁམས་གི་ཉེན་རྟོག་དཔོན་ལམ་ལུགས”དང“ཆུ་བོ་དང་མཚོ་དཔོན+ཞིབ་དཔྱོད་དཔོན”སོགས་མཉམ་འགུལ་བྱེད་ཐབས་བཏོན་པ་དང་ཆབས་ཅིག མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་ལས་བརྒལ་བའི་ཆུ་དཔོན་དང་མཚོ་དཔོན་མཉམ་འགོག་མཉམ་སྡོམ་གྱི་ལམ་ལུགས་བཙུགས་ནས་ས་ཁོངས་བརྒལ་བའི་ཆུ་བོ་དང་མཚོ་མོ་བཅོས་སྐྱོང་གི་དཀའ་ཁག་སེལ། 

ཆུ་མགོ་ལ་གཞི་ཚུགས་ནས་མཐུན་སྦྱོར་བཅོས་སྐྱོང་དོན་འཁྱོལ་བྱས།  2022ལོར་རེས་འཁོར་ལས་སྒྲུབ་པ་བསྡུ་མཁན་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱིས་འགན་བླངས་ཏེ་རྨ་ཆུའི་འབབ་རྒྱུད་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་སྐབས་དང་པོ་བསྡུས་ཤིང་། ཚོགས་ཐོག་ཏུ་གྲོས་ཞིབ་བརྒྱུད“སྒྲིག་སྲོལ་གཉིས”ལ་གྲོས་འཆམ་བྱུང་བ་དང་། རྨ་ཆུའི་འབབ་རྒྱུད་དུ《“སྲུང་སྐྱོང་ཆེན་པོ་ཐུན་མོང་ཐོག་དམ་འཛིན་ཡག་པོ་དང་། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་ངང་སྐུལ་འདེད། བདེ་སྐྱིད་ཆུ་བོ་མཉམ་འབྲེལ་ཐོག་འཛུགས་བསྐྲུན”ཞེས་པའི་ཟི་ལིང་བསྒྲགས་གཏམ》ཞེས་པ་སྤེལ་ནས་འབབ་རྒྱུད་གཅིག་གྱུར་འཆར་འགོད་དང་། ས་ཁོངས་མཐུན་སྦྱོར། སྡེ་ཚན་མཉམ་འགུལ་བཅས་ཀྱི་ཆུ་བོ་དང་མཚོ་མོ་དོ་དམ་སྲུང་སྐྱོང་གི་རྣམ་པ་བཏོད་པ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་སྤེལ་ལ་སྐུལ་འདེད་བཏང་བས། “སྲུང་སྐྱོང་དང་། བཅོས་སྐྱོང་།  འཛུགས་སྐྲུན”གསུམ་མཚོ་སྔོན་གྱིས་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནད་ཚིག་ཏུ་གྱུར། མཚོ་སྔོན་གྱིས་ད་དུང་ཆུ་ཁུངས་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་འཛིན་སྐོར་ཞིབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་ངོགས་ཀྱི་མཐུན་སྦྱོར་དོ་དམ་སྲུང་སྐྱོང་གི་བཀག་རྒྱ་གཏོར་ནས་འབབ་རྒྱུད་ཡོངས་ཀྱི་ཆུ་བོ་ཆེན་པོ་ཐུན་མོང་གི་སྲུང་སྐྱོང་འགྲིལ་ཤུགས་གཅིག་ཏུ་བསྡུས། ལྷད་མེད་དངུལ་རྩས་འཛུགས་སྐྲུན་ལ་ནུས་ཤུགས་རྒྱུན་ཆད་མེད་པ་བཏོན།

2025ལོར་ཞིང་ཆེན་ཡོངས་ཀྱིས་རྨ་ཆུའི་འབབ་རྒྱུད་དུ་ལྗང་མདོག་གོང་འཕེལ་གྱི་མ་དངུལ་སྒོར་དུང་ཕྱུར105ལས་བརྒལ་བ་བཏང་བ་དང་། དེ་ལས་བཅུ་ཆ་དྲུག་ཡན་སྐྱེ་ཁམས་ཉམས་གསོ་དང་། ནུས་རྒྱུ་གཙང་མ། ཆུ་བེད་བཟོ་སྐྲུན་བཅས་ཀྱི་ཕྱོགས་སུ་བཏང་ནས་དངུལ་རྩའི་ཆུ་གཙང་མོས་ཆུ་ཆེན་གསོ་སྐྱོང་བྱས།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་གི“འོད་ཤུགས་སྔོ་གླིང་”ལངས་གཟུགས་སྐྱེ་ཁམས་བཅོས་སྐྱོང་རྟེན་གཞིའི་པང་ལེབ་འོག་གི་སྐྱེ་ཁམས་ཕྱུགས་ར་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུའི་གཞུང་རྒྱུད་ཀྱི་ཆུ་ལོག་འགོག་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་ཆུ་མགོའི་འགྲམ་སྲུང་གི་ཨར་ལས་བྱ་ཡུལ་དུ། ལྗང་མདོག་ཡིད་རྟོན་དངུལ་བུན་རེ་རེ་གནད་སར་བཏང་སྟེ། སྐྱེ་ཁམས་གྱི་དམིགས་བསལ་འདུ་ཤེས་དེ་མཐོང་རྒྱུ་རེག་རྒྱུ་ཡོད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་གྱུར་ཡོད། མ་དངུལ་དེ་དག་གིས་རྨ་ཆུའི་སྟོད་རྒྱུད་གྱི་སྐྱེ་ཁམས་སྲུང་ཡོལ་ལ“མ་དངུལ་གྱི་རགས”བརྟན་པོ་བསྐྲུན་ཡོད་པ་མ་ཟད། ལྗང་མདོག་གློག་ཤུགས་ཀྱི་ཐོན་ནུས་རྒྱུན་མཐུད་མཐོར་འདེགས་དང་། ས་ཆུ་ཤོར་བའི་བཅོས་སྐྱོང་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་བསྐྱེད་པ་བཅས་ལ་སྐུལ་འདེད་བཏང་།
  ཁྱབ་ཁོངས་ཡོངས་ལ་བཅོས་སྐྱོང་བྱས་ཏེ་ཆུ་བོ་ཆེན་པོ་དགུང་དུ་འཕྱུར་བའི་དྭངས་གཙང་གི་ཚོས་གཞི་སྲུང་། 

མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོ་མཐའ་འཁྱོངས་བྱས་པ་དང་། ཆུ་མགོའི་འདམ་ར་དང་། གཞུང་རྒྱུད་ཀྱི་འགག་རོང་། རྨ་ཙོང་རོང་ས་བཅས་རིམ་པ་དབྱེ་ནས་སྲིད་ཇུས་ལག་བསྟར་བྱས་ནས་ཆུ་ཁུངས་གསོ་སྐྱོང་གི་ལྟེ་བའི་བྱེད་ནུས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། 

“དུད་ཚང་རེར་ལས་གནས་གཅིག”གིས་ལམ་སྲོལ་གྱིས་དམངས་ཡོངས་ཀྱིས་སྔོ་ལྗང་སྲུང་སྐྱོང་བྱེད་པར་སྒུལ་ཤུགས་གསར་པ་བསྐྱེད། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་སུ་རིགས་ཁག་གི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི14བརྒལ་བ་དང་། དེས་ཁོ་ནས་ལོ་རེར་ཞིང་འབྲོག་པར་ཧ་ལམ་སྒོར་དུང་ཕྱུར10ཙམ་གྱི་ཡོང་འབབ་འཕར་ཐུབ་ཀྱི་ཡོད། རྨ་ཆུའི་ཆུ་མགོ་སྟེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་གླིང་ཀ་རྨ་ཆུའི་ཆུ་མགོ་གླིང་ཁུལ་ལ་བརྟེན་ནས་རྫོང་ཡོངས་སུ་སྐྱེ་ཁམས་ཀྱི་སྤྱི་ཕན་ལས་གནས3129བཙུགས་ཏེ། འབྲོག་པ་མང་ཚོགས་སྲོལ་རྒྱུན་གྱི་རྩྭ་ཐང་སྤྱོད་མཁན་ནས་རྩྭ་ཐང་སྲུང་སྐྱོང་བྱེད་མཁན་དུ་བསྒྱུར་ནས་རྒྱལ་ཁབ་གླིང་ཀ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དང་མཉམ་དུ་ཁྱིམ་ཚང་གི་ཡོང་འབབ་བརྟན་ལྷིང་ངང་ཇེ་མང་དུ་བཏང་བས། སྐྱེ་ཁམས་སྲུང་སྐྱོང་ལས་བྱུང་བའི་ཕན་པ་ནི་དངོས་སུ་ཚོར་ཐུབ་པ་མ་ཟད་རི་སྔོ་ཆུ་དྭངས་དང་གསེར་དངུལ་རི་ལས་ལྷག་པ་ཡང་དངོས་སུ་ཤེས་ཐུབ་ཡོད། རྩྭ་ཁ་ཕྱུགས་འགོག་དང་། ས་ནག་བཅོས་སྐྱོང་། འདམ་རར་ཆུ་གསབ་སོགས་ལས་གྲྭ་གལ་ཆེན་བསྒྲུབས་པ་བརྒྱུད་དེ་རྨ་སྟོད་རྫོང་གི་མཚོ་མཚེའུ་གྲངས་འབོར་4000ལྷག་ཙམ་ནས་མིག་སྔའི་5800ལྷག་ཙམ་བར་སླར་གསོ་བྱུང་བ་དང་། མཚོ་སྐྱང་རེངས་དང་སྔོ་རེངས་ཀྱི་ཆུ་ཁོངས་རྒྱུན་མཐུད་རྒྱ་ཆེར་ཕྱིན་ཏེ་ཆུ་མགོ་དུས་ཚིགས་རང་བཞིན་གྱིས་ཆད་འགྲོ་བའི་གནད་དོན་རྦད་དེ་ཐག་བཅད་པ་དང་།  ཆུ་ཁུངས་གསོ་འཁྱོངས་ནུས་པ་ལོ་རེར་ཆ་སྙོམས་ཀྱི6%ཡན་ལ་འཕར་གྱི་ཡོད། ས་ཁོངས་ཡོངས་སུ“མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་བཀོད་སྒྲིག་བྱས་ནས་ཉིན་ཧྲིལ་བོར་གངས་རི་དང་། འཁྱགས་རོམ། རྩྭ་ཐང་། ཆུ་བོ་དང་མཚེའུ་བཅས་ལ་ལྟ་སྐུལ་དོ་དམ་ཞིབ་ཚགས་ཅན་མངོན་འགྱུར་བྱས།

རྨ་ཆུའི་གཞུང་རྒྱུད་ཀྱི་ཆུ་ངོགས་མཉམ་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན། རྨ་ཆུའི་སྟོད་རྒྱུད་གྱི་ཆུ་ལག་གལ་ཆེན་ཡིན་པའི་ཙོང་ཆུ་ཡི་བཙོག་ཆུ་འབུད་སྐྱུར་དང་ནང་འདྲེན་ལ་གཙང་སེལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་སྦུག་དྲ་ཁྱོན་ཡོངས་ནས་བཅོས་སྒྲིག་རིམ་སྤར་བྱས་ཤིང་། ས་ངོས་ཆུ35ཡི་བཅད་ངོས་དཔྱད་ཞིབ་ཀྱི་ཆུ་སྤུས་ལེགས་ཚད་བསྟུད་མུར་ལོ་ལྔའི་ནང་100%ཡི་ཚད་དེ་རྒྱུན་འཁྱོངས་བྱས། ཚལ་རྔ་འགག་དང་མར་སྟེང་འགག་སོགས་ཆུ་བེད་ལྟེ་གནས་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱས་པ་དང་། ཆུ་འབྲུབ་སྐབས་སུ་ཆུ་ལོག་འགོག་པ་དང་ཆུ་སྐམ་དུས་སྐྱེ་ཁམས་ཀྱི་འབབ་རྒྱུན་དེ་གནད་ཐོག་ཏུ་འབབ་ཏུ་བཅུག་ནས་ཉ་རིགས་སྐྱེ་འཕེལ་གློད་གཏོང་ས་ཚིགས་ཀྱིས་ཡུལ་དེའི་ཉ་རིགས་ཉམས་གསོ་བྱས། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གིས་ས་གཤིས་རྗེས་ཤུལ162ལ་ཡིག་ཚགས་བཟོས་ནས་ལྟ་སྐྱོང་བྱས་པ་དང་ཆབས་ཅིག ས་གཤིས་ཐོན་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་དུས་གཅིག་ཏུ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་བྱེ་འགྱུར་ཅན་དང་ཐང་རྒོད་ཅན་དུ་གྱུར་ནས་གཉིས་ཀའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་རིགས་ཁེབས་ཚད58.56%བར་མཐོ་རུ་ཕྱིན། མཚོ་སྔོན་ཁོངས་ཀྱི་རྨ་ཆུའི་ཆུ་སྤུས་བརྟན་ལྷིང་ངང་རིགས་གཉིས་པའི་ཡན་དུ་རྒྱུན་འཁྱོངས་བྱས་པ་དང་། ལོ་རེར་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར770ལྷག་ཙམ་གྱི་དྭངས་གཙང་ཆུ་ཁུངས་སྐྱེལ་འདྲེན་བྱེད་ཀྱི་ཡོད།

མྱ་ངམ་ཐང་དེ་ཁྱད་ལྡན་སྐྱེ་ཁམས་ཉམས་གསོའི་ལམ་བུར་བསྐྱོད་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ“ཕྱུགས་འོད་གསབ་རེས”ཀྱི་རྣམ་པའི་ཐོག་ནས་འོད་ཤུགས་པང་ལེབ་སྦྲེལ་ནས་བྱེ་རླུང་ཉམས་དམས་སུ་གཏོང་བ་དང་། ས་རྒྱུའི་རླངས་འགྱུར་ཉུང་དུ་ཕྱིན་ནས་པང་ལེབ་འོག་གི་ཕྱུགས་རྩྭ་རང་བཞིན་གྱིས་སླར་སོས་བ་དང་། “པང་ལེབ་ཐོག་གི་གློག་གཏོང་དང་པང་ལེབ་འོག་གི་ཕྱུགས་འཚོ་བ”སྟེ་ཕྱོགས་གཉིས་ཀྱི་ཡོང་འབབ་འཕར་སྣོན་མངོན་འགྱུར་བྱས།  འོད་ལ་སྙེག་མཁན་དང་འོད་ཀྱིས་འཚོས་པའི་ལུག་གཉིས་ཀྱིས་བཏུལ་ཐང་དུ་ལྗང་མདོག་གནོད་མེད་གྱི་ངོ་མཚར་རྟོགས་བརྗོད་བྲིས། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་བསྡུར་ཚད94.6%ལས་བརྒལ་བ་དང་། ཆུ་གློག་དང་། འོད་ཤུགས། རླུང་གློག་བཅས་ལ་མཉམ་དུ་ཤུགས་སྣོན་བརྒྱབ། ཆུ་འོད་གསབ་རེས་རྣམ་གྲངས་གྱིས་ཚལ་རྔ་འགག་ཆུ་གློག་ལ་བརྟེན་ནས་ནུས་རྒྱུ་གསར་པའི་འཕར་ཆག་སྙོམས་པར་བྱས་ཏེ་ཐཱན་མེད་པའི་ནུས་རྒྱུ་དང“ཐཱན་གཉིས”ཀྱི་དམིགས་ཚད་ལ་རོགས་རམ་བྱས་པས། དེ་སྔའི་བྱེ་རླུང་དྲག་ཏུ་ལྡང་བའི་མྱ་ངམ་ཐང་དེ་སྐྱེ་ཁམས་སྔོ་གླིང་དང་ལྗང་མདོག་ནུས་རྒྱུའི་རྟེན་གཞིར་གྱུར་ཡོད།

ལྗང་མདོག་ཁྱིམ་ཚང་གི་རྨང་གཞི་འཁྲུག་ཏུ་བཏང་སྟེ་ཁྱིམ་གྱི་སྒོ་འགྲམ་དུ་གསེར་རི་དང་དངུལ་རི་འཛུགས་སྐྲུན་བྱས། 

མཚོ་སྔོན་གྱིས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པ་མཐའ་འཁྱོངས་བྱས་ཏེ་རྨ་ཀླུང་རོང་གི་ས་ཆུ་དང་། ཆུ་ཁོངས་ ཡུལ་ལྗོངས་ཐོན་ཁུངས་བཅས་ལ་བརྟེན་ནས་ལྗང་མདོག་སྐྱེ་ལྡན་འདེབས་གསོ་དང་། ཆུ་འཁྱགས་ཉ་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར། ཁྱད་ལྡན་ངལ་ལས།  ནུས་རྒྱུ་གཙང་མ་བཅས་ཀྱི་འདེགས་སྐྱོར་ཐོན་ལས་ཆེན་པོ་ལྔ་སྐྱེད་སྲིང་བྱས་ནས“སྔོ་ལྗང་རི་ཆུ”དེ“གསེར་རི་དངུལ་རིར”སྒྱུར་བའི་ལམ་བུ་བཏོད།

ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་ཉེ་སར་འཕར་བར་སྐུལ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གིས་རྨ་ཆུའི་རོང་སའི་འོད་དྲོད་ཀྱི་ལེགས་ཆར་བརྟེན་ནས་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་ཚད་གཞི་མཐོ་བའི་ཕྱེ་མ་ལེབ་སྣ་མང་གསོ་སྤེལ་རྟེན་གཞི་ཐོག་མ་བསྐྲུན་པ་དང་། གཞིས་ལུས་བུད་མེད་འབོར་ཆེན་སྒོ་འགྲམ་དུ་ལས་ཞུགས་བསྡུ་ལེན་བྱས་ནས་ས་མཐོའི“སྣ་མང་དཔལ་འབྱོར”མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཡོང་བར་འཆར་ཡན་དང་སྟོབས་ལྡན་གྱི་འགུལ་ནུས་གསར་པ་བསྣན། ལོ་བཞི་བཅུ་ལྷག་ཙམ་ལ་འཕེལ་རྒྱས་ཕྱིན་པའི་འཐེན་ཐུག་ཐོན་ལས་ལ་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་ཆགས་ནས་བ་ཡན་རྫོང་ཡོངས་ཀྱི་མང་ཚོགས་ཁྲི11འཐེན་ཐུག་ལས་རིགས་ནང་ཞུགས་པ་དང་། ཚོང་ཁང་ཁྲི2.1ལྷག་ཙམ་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཁྱབ། ལོ་རེའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར150ཙམ་ཟིན་པས“དུད་ཚང་གཅིག་གིས་ལས་གཏོད་དང་གྲོང་ཚོ་ཡོངས་མཉམ་དུ་ཕྱུག་པོར”བསྒྱུར་བའི་རྣམ་པ་ཆགས།

དཀར་མདོ་གྲོང་རྡལ་ཨ་ཝ་ཐང་ནི་རྨ་ཆུ་འབབ་རྒྱུད་དུ་ཆགས་པའི་གྲངས་ཉུང་མི་རིགས་རིག་གནས་བརྗོད་བྱ་གཙོ་བོར་བྱས་པའི་ས་གཤིས་རིག་གནས་གྲོང་ཚོ་དང་པོ་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གཤིས་རིག་གནས་གྲོང་ཚོ་དང་པོ་ཡང་ཡིན།སྡེ་བས་དེས་ཏན་ཞ་ས་བྱད་དང་། ཁ་ཡོག་རིག་གནས། ས་ལར་རིགས་ཀྱི་འཚེམ་དྲུབ་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་བཅས་ལེགས་སྒྲིག་བྱས་ཏེ། མཛེས་ལྗོངས་གཟིགས་སྟེགས་དང་། དམངས་སྲོལ་དམངས་ཤག  ལག་ཤེས་སྒོ་རའི་དཔལ་འབྱོར་བཅས་བཏོད་དེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུ་བསྒྱུར་བ་དང་། རི་ཆུའི་མཛེས་པ་དེ་མིང་དོན་གཉིས་མཚུངས་ཀྱིས་ཁྱིམ་གྱི་སྒོ་འགྲམ་གྱི་འཚོ་བ་ཡག་པོ་ཞིག་ཏུ་གྱུར་ཡོད།

ལྗང་མདོག་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་རྒྱུན་ཆད་མེད་པར་གཙང་འབྱིད་བྱས། ཞིང་ཆེན་ཡོངས་ཀྱི་རྩྭ་ར་མུའུ་དུང་ཕྱུར་1.2(མུའུ་1སྤྱི་ཆིང་0.067)ལྷག་ཙམ་གྱིས་སྐྱེ་ལྡན་ཁས་ལེན་དཔང་ཡིག་བླངས་པ་དང་། ས་མཐོའི་ནོར་ལུག་དང་། ནས། ཆུ་འཁྱགས་ཉ་བཅས་མཚོ་སྔོན་ནས་ཕྱིར་བསྐྱོད་དེ། གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཐད་ལ་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་བཏོད་ཡོད། གྲངས་གཞི་ཅན་གྱི་ཁུངས་འདེད་མ་ལག་གིས་ཕྱུགས་ར་ནས་ཁྲོམ་རའི་བར་ཐད་ཀར་སྐྱོད་པའི་ལམ་བུ་བཏོད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཁེ་བཟང་རྒྱུན་མཐུད་གྱིས་ཆེ་རུ་ཕྱིན་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་ནོར་ནག་དེ་གཙོ་ཁྲིད་ཐོན་ལས་བྱས་ཏེ། ས་མཐོའི་རང་བྱུང་སྐྱེ་ལྡན་རྩྭ་རར་བརྟེན་ནས“འབྲོག་དུད་དང་མཉམ་ལས་ཁང”གི་མཉམ་གཉེར་རྣམ་པ་ལག་བསྟར་བྱས་པ་དང་། ནོར་ནག་གསོ་སྤེལ་ཚད་ལྡན་བརྒྱུད་དེ་དཔེ་སྟོན་རྟེན་གཞི་བཏོད་དེ་སྲོལ་རྒྱུན་གྱི་ནོར་ནག་གསོ་སྤེལ་གྱི“རིན་གོང་ཆག་པ་དང་མ་རྩ་འཕར་བའི”དཀའ་གནད་སེལ་བ་དང་། གནོད་མེད་ཐོན་ལས་དེ་ཁ་ཐོར་དུ་གསོ་བ་ནས་ཚད་ལྡན་རིམ་སྤར་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། སྐམས་ཤ་དང་འོ་མ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་རིན་གོང་ཡར་འཕར་བའི་བར་མཐོངས་རྒྱ་ཆེན་པོ་་མངོན་འགྱུར་བྱུང་ནས་ཞིང་འབྲོག་དུད་ཚང་ཆིག་སྟོང་ཙམ་གྱི་བརྟན་ལྷིང་དང་ཟུར་བསྣན་རིན་ཐང་གི་ཡོང་འབབ་འཕར་བར་ཐད་ཀར་སྐུལ་ཁྲིད་བྱས་ནས་ཐོན་ལས་ཀྱི་ཟུར་བསྣན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ནོར་ནག་དང་། འབྲུ་མའི་འོ་མ་ནས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་སྐུལ་སློང་དང་། དེ་ནས་ནོར་ནག་གི་ཁུངས་འདེད་མ་ལག་ཡོངས་སུ་ཁྱབ་པའི་བར་འབའ་རྫོང་གིས་ཐོན་ལས་རྣམ་གྲངས་རེ་རེ་བྱས་ནས་འབྲོག་ལས་ཀྱི“གྲངས་འབོར་མང་དུ་གཏོང་བ”ནས“ཐོན་མཐོའི་སྤུས་ལེགས་”ཕྱོགས་སུ་མཆོང་སྐྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གིས་དངུལ་ར་་ལུག་གི་ཁྱད་ལྡན་སྣ་ཁ་ལ་བརྟེན་ནས་ཐེན་ཅིན་གྱིས་རོགས་སྐྱོར་བྱས་པའི“དངུལ་ར་ལུག་གཅིག་གིས་ཁྱེད་རང་འགྲུལ་སྐྱོད་དུ་ཁྲིད་པའི”གྲོང་གསེབ་དར་རྒྱས་ཀྱི་བློ་རིག་(ཁང་པ་སོགས་ཀྱི)གནམ་གཡབ་བཏོད་པ་དང“ཐོན་ལས་དང་དྲ་སྦྲེལ་རྒྱས་པ་རིག་གནས་ཡུལ་སྐོར་གཉིས་པའི”དམིགས་བསལ་མཉམ་འདྲེས་བྱེད་སྟངས་འཚོལ་ཞིབ་བྱས་ནས་དངུལ་ར་ལུག་དེ་ཕྱུགས་ལས་ཐོན་རྫས་ཁོ་ན་ནས་ཁུལ་ཡོངས་ཡུལ་སྐོར་འབྲེལ་མཐུད་ཀྱི་ལྟེ་བའིIPརུ་གྱུར་ཡོད།

ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་རྨ་ཆུའི་རྒྱུད་ཀྱི་ས་ཁོངས་སུ་གནས་ཡོད། འོད་ཤུགས་དང་། རླུང་གློག་གི་ལེ་ལག་ཚང་བའི་ནུས་གསོག ལྗང་མདོག་རྩིས་ཤུགས་ཐོན་ལས་འཁོར་འབྲེལ་བཅས་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་ས་གནས་དེ་གའི་ལས་ཞུགས་ལས་གནས་འབོར་ཆེན་བཏོད་ཡོད། “འོད་ཤུགས་དང་ཕྱུགས་འཚོ་བའི”རྣམ་པའི་ཐོག་ནས་གསོ་སྤེལ་ཀྱི་མ་གནས་དམའ་རུ་ཕྱིན་པ་དང་ཡོང་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ཐ་ན་གསེར་ཆེན་རྫོང་བཏུལ་ཐང་གི་ལུག་ཁྱུར“ཟ་མ་བཟོ་བའི་རང་དབང་”མངོན་འགྱུར་བྱུང་ཡོད།

ལོ་ངོ་སྟོང་གི་རིག་གནས་རྒྱུན་འཛིན་བྱས་ཏེ་དུས་རབས་གསར་པའི་རྨ་ཆུའི་ཆུ་མགོའི་གཏམ་རྒྱུད་ཡག་པོ་བཤད། 

རྨ་ཆུ་མཚོ་སྔོན་བརྒྱུད་དེ་ལོ་རྒྱུས་ཀྱི་ཤེས་དཔལ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྒྱུས།མཚོ་སྔོན་གྱིས་རྨ་ཀླུང་ཕྱུག་མོའི་མཛེས་ལྗོངས་ལ་བརྟེན་ནས་རེབ་གོང་དང་། ཁྲི་ཀ། བ་ཡན་སོགས་ཁུལ་དང་རྫོང་མང་པོའི་ལྟེ་བའི་ཐོན་ཁུངས་དང་སྦྲེལ་ནས“དྭངས་གཙང་རྨ་ཆུའི”སྣོད་བཅུད་ཡུལ་སྐོར་ཁུལ་བསྐྲུནད། ད་ལོའི་ཟླ5པའི་ཚེས19ཉིན་སྤེལ་བའི“དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་གྱི་ལམ་ཐིག་རྩེ་གྲ4ཁྱབ་བསྒྲགས་བྱས་ཏེ་རྨ་ཆུའི་ཆུ་མགོ་དང་། ཁམས་རའི་ཏན་ཞ། ཁྲི་ཀའི་དྭངས་གཙང་རྨ་ཆུ། ཚལ་རྔ་འགག་གྲོག་རོང་ཆེན་པོ། རྨ་ཙོང་རོང་ས་སོགས་ལྟེ་བའི་ཐོན་ཁུངས་དང་སྦྲེལ་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་རྣམ་པ་གསར་པ་བཏོད་དེ་རྨ་ཙོང་རིག་གནས་ལ་བརྟེན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ནུས་པ་སྤྲད་ཡོད།ཟླ6ཚེས30ཉིན་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་གླེང་སྟེགས་སྐབས་བདུན་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་འགོ་ཚུགས་པ་རེད།  གླེང་སྟེགས་སུ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་ཞིབ་འཇུག་སྤེལ་རེས་བྱས། ཚོགས་ཞུགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སྐྱེ་ཁམས་དམིགས་སུ་བཀར་ནས་རྨ་ཆུའི་རིག་གནས་ལ་འདུས་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་རིག་གནས་སྤེལ་རེས་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། དམངས་འཚོ་ཕུན་སུམ་ཚོགས་པ། ཞི་མཐུན་མཉམ་སྐྱོང་བཅས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འཆར་འགོད་གསར་བ་ཞིག་བཟོས། 

མཚོ་སྔོན་གྱིས་ད་དུང་རྨ་ཆུའི་སྟོད་རྒྱུད་ཀྱི་ཤེས་དཔལ་གྱི་རྩ་བ་རྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་མཚམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། རྨ་སྟོད་སྒར་ཐང་གི་ཆིན་གྱི་གནའ་བོའི་རྡོ་བརྐོས། རྫོང་རིའི་གནའ་ཤུལ། ལ་ཚང་གི་གནའ་ཤུལ་སོགས་ལོ་རྒྱུས་ཤུལ་བཞག་རྒྱུན་རྣམ་ཅན་གྱིས་སྲུང་སྐྱོང་བྱས། ས་འོག་ནས་ཐོན་པའི་རིག་དངོས་གྱིས་རྨ་ཆུའི་སྟོད་རྒྱུད་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་གནས་གལ་ཆེན་ཞིག་ཡིན་པ་ར་སྤྲོད་དང་། པེ་ཧའེ་ཡི་ཐང་བོད་གནའ་ལམ་གྱི་ལོ་རྒྱུས་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ།  ཧོར་རིགས་གྱི་ཚེམ་དྲུབ་དང་། ས་ལར་རིགས་གྱི་ཚེམ་དྲུབ་དང་། རེབ་གོང་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དེའི་གསོན་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་རྨང་གཞི་བརྟན་པོ་བཏིངས། རྨ་ཆུའི་རྒྱུད་ཀྱི་རྫོང་ཁག་གིས་གྲོང་གསེབ་དུ་དཔེ་ཁང་དང་རིག་གནས་བར་ཁྱམས་རིང་པོ་བསྐྲུན་ནས་ཞིང་འབྲོག་པ་དང་ཐོན་ལས་ལས་གཉེར་པར་ཕྱོགས་ནས་སྐྱེ་ཁམས་སྲིད་ཇུས་དང་དངོས་སྤྱོད་གོ་ཆོད་པོ་རྩལ་ནུས་སྒྲོག་འགྲེལ་བྱས་པ་དང་། རྨ་ཆུའི་ཆུ་མགོའི་དངོས་སྒྲུབ་དང་། ལེགས་སྐྱེས། ཁོང་ཡངས་བཅས་ཀྱི་སྙིང་སྟོབས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འདྲེས་སུ་བཅུག  དཔེ་དེབ་ཀྱི་ཤོག་ངོས་སུ་ས་མཐོའི་རླུང་དང་གྱང་ངོས་སུ་རྨ་ཆུའི་ཞབས་རྗེས་བཀོད་ཅིང་། སྒྱུ་རྩལ་པ་རྒན་གྲས་ཀྱིས་ཕྲུ་གུ་ཚོ་ཁྲིད་དེ་རྨ་ཆུའི་རླབས་འགྱུ་རེ་རེ་སྟངས་སྟབས་བྲོ་ལ་བསྒྱུར། རེབ་གོང་སྒྱུ་རྩལ་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་རི་ཀླུང་གི་རི་མོ་རེ་རེ་བཞིན་བཞེངས་ཤིང་། ཕ་ཡུལ་དེ་ཉིད“ཕུགས་འདུན་མངོན་འགྱུར་བྱེད་སའི་གསེར་མདོག་གི་གནས་མཆོག”ཞིག་ཏུ་བསྒྱུར།  མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་རི་སྔོ་ལྗང་ཆུ་སྲུང་བ་དང་སྐྱེ་ཁམས་ཀྱི་ཁེ་ཕན་མཉམ་སྤྱོད་བྱས་ཏེ་མཚོ་སྔོན་ས་མཐོར་དབང་བའི་དུས་རབས་གསར་པའི་རྨ་ཆུའི་གཏམ་རྒྱུད་ཐུན་མོང་ཐོག་འབྲི་བཞིན་ཡོད། 

ཡོས་ཀྱི་རྩང་ལེབ་ནས་ཐོན་པའི་ཆུ་ཕྲན་གྱ་གྱུ་རིང་མོར་རྨ་ཙོང་གི་རོང་སར་བབས་པ་དང་། གངས་ལྗོངས་ཀྱི་མཚེའུ་སྟོང་གི་འདམ་ར་ནས་མྱ་ངམ་ཐང་གི་འོད་ཤུགས་སྔོ་གླིང་བར་དུས་རབས་གསར་པའི་མཚོ་སྔོན་གྱི་རྨ་ཆུའི་བཅོས་སྐྱོང་གྱི་ལག་ལེན་དངོས་ཡིན་པས། “སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན”ཞེས་པའི་གོ་དོན་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད། འཕེལ་རྒྱས་ཀྱི་མགོ་འཛུགས་ས་གསར་པར་ལངས་ནས་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་འཁྲི་འགན་གལ་ཆེན་སྲུང་སྐྱོང་རྒྱུན་མཐུད་བརྟན་པོ་བྱས་པ་དང་། སྙིང་རུས་གཏན་འཁྱོངས་གྱིས་སྐྱེ་ཁམས་མ་ལག་སླར་གསོ་དང་། ཐོན་ལས་ལྗང་མདོག་ཕྱོགས་སྒྱུར། རྨ་ཆུའི་རིག་གནས་རྒྱུན་འཛིན་བཅས་ལ་སྐུལ་འདེད་བཏང་སྟེ། འབབ་རྒྱུད་ཀྱི་མཐུན་སྦྱོར་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དྭངས་གཙང་རྨ་ཆུ་ནམ་ཡང་ཤར་ཕྱོགས་སུ་རྒྱུག་ཐུབ་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་དར་རྒྱས། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན་མཉམ་གནས་མཉམ་དར་ཡོང་བ་དང་། རྨ་ཆུ་འབབ་རྒྱུད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཆུ་མགོའི་གྲུབ་འབྲས་ཁུར་དུ་ལྕི་བ་ཞིག་ལེན་པར་འབད་པ་བྱེད་ངེས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།