སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ལོ་བརྒྱའི་ཏང་ཆེན་གྱི་ཐོག་མའི་བསམ་འདུན་ཕ་བོང་བཞིན་བརྟན། མི་རིགས་བསྐྱར་དར་གྱི་གོམ་འགྲོས་འགོག་ཐབས་བྲལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས། འོད་སྟོང་ལྡན་པའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་། འོད་སྟོང་ལྡན་པའི་མདུན་ལམ་ལ་རྒྱང་གཟིགས་གནང་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་ཕུལ་བྱུང་ཁྱད་ཆོས་གསལ་སྟོན་གཏིང་ཟབ་དང་། འཐབ་ལམ་གསར་པར་ཤུགས་ཀྱིས་བསྐྱོད་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་བསྒྲགས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཀུན་གྱིས་དོ་སྣང་ཆེན་པོ་བྱས། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཚུལ་བསྟན།

གྲུ་གཟིངས་དམར་པོ་བསྐྱོད་འགོ་ཚུགས་པ་ནས། ཀྲུང་ཧྭའི་གྲུ་གཟིངས་ཆེན་པོ་བརྟན་བརླིང་ངང་རྒྱང་རིང་དུ་བསྐྱོད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ105ལ་འབད་འཐབ་ལྷོད་མེད་བྱས་པས། རྩ་བའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་བསྒྱུར་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་བཏོད་པ་འདིས་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་པ་དང་། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཏེ། སྟོབས་དང་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་འཛུགས་སྐྱོང་བཅས་བྱས། ང་ཚོའི་ཏང་ནི་རླབས་ཆེན་གཟི་བརྗིད་དང་ཡང་དག་གི་ཏང་ཞིག་ཡིན་པར་གདོན་མི་ཟ་ཞེས་ནན་གྱིས་བསྟན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ་དེས། ཚང་མས་དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་མུ་མཐུད་དུ་འབད་འཐབ་བྱས་ནས་ཡང་བསྐྱར་འོད་སྟོང་འབར་བའི་ལས་དོན་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་ཚུལ་བསྟན། 

ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་གཉིས་པའི་ཅུས་ཀྲང་གཞོན་པ་ལིའང་ཞའོ་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་། འོད་སྟོང་ལྡན་པའི་མདུན་ལམ་ལ་རྒྱང་གཟིགས་གནང་ཡོད། ལོ་ངོ105རིང་གི་འབད་འཐབ་ལྷོད་མེད་བྱས་པ་དེས་ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན། གནད་འགག་ནི་ཏང་ལ་ཐུག་པ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དང་ལྷག་པར་དུ་ཏང་ཀྲུང་དབྱང་གིས་གཅིག་བསྡུས་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད་པ་ར་སྤྲོད་གང་ལེགས་བྱུང་། འཐབ་ལམ་གསར་པའི་ཁྲོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས“གཏན་ཕབ་གཉིས”ལ་གོང་བཀུར་དང་།“སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་པ་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་སོ་སོའི་འཇོན་མི་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་བསྡུ་དགོས།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་མི་དོན་སིའི་སི་ཀྲང་གཞོན་པ་ཀུའོ་རུའེ་ཡིས་བཤད་རྒྱུར། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་ནས། ང་ལ་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། འདས་ཟིན་པའི་ལམ་ལ་ཕྱིར་མིག་བལྟས་ཚེ། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་སྤྱད་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་ལོ་ངོ་བརྒྱ་ཕྲག་འགར་བརྒྱུད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུར་བསྐྱོད་ཚར་བ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་བྱས་རྗེས་ངོ་མཚར་ཅན་གཉིས་གསར་བསྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་སྔར་བྱུང་མ་མྱོང་བའི་མདུན་ལྗོངས་འོད་སྟོང་འབར་བ་ཞིག་མངོན། ང་ཚོས་ཏང་གིས་འགོ་ཁྲིད་བྱེད་པའི་ལེགས་ཆ་ཆེ་ཤོས་དེ་རྒྱུན་འཁྱོངས་ཡག་པོ་དང་། བེད་སྤྱོད་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དྲིལ་སྒྲོག་སློབ་གསོ་པུའུ་ཡི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཁྲུའུ་ཡི་ཁྲུའུ་ཀྲང་། རིམ་པ་དང་པོའི་རྟོག་ཞིབ་པ་ཧི་ཙེ་ལིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ105ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཡང་དག་པའི་བགྲོད་ལམ་བཏོད། གསལ་ཞིང་ཤུགས་ལྡན་པའི་གསུང་བཤད་འདི་ཐོས་པ་ན། ང་ལ་སེམས་འགུལ་ཐེབས་ཤིང་གདེང་ཚོད་ཀྱིས་ཁེངས་ལ། བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱེད་པའི་ནང་དོན་ཟབ་མོ་དངོས་གནས་རྟོགས། ང་ཚོས་ལས་བཟོ་པས་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་དང་། བཟོ་པའི་གྲལ་རིམ་གྱི་དངོས་སྒྲུབ་འགན་འཁྲིར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་གྱི་བྱ་གཞག་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་དགོས།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའེ་གོ་ཧྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི། མར་ཁེ་སིའི་རིང་ལུགས་ཀྱི་འོད་སྟོང་འབར་བའི་ཚད་ལྡན་ཡིག་ཆ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ང་ཚོའི་ཏང་གིས་རྒྱ་ཆེའི་མི་དམངས་ཀྱི་འགོ་ཁྲིད་དེ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བྱུང་བ་འགོག་ཐབས་བྲལ་ཞིང་། སྔར་བྱུང་མ་མྱོང་བའི་མདུན་ལྗོངས་འོད་སྟོང་འབར་བ་ཞིག་མངོན། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཡིད་ཆེས་བརྟན་པོ་དང་། རྒྱུན་མཐུད་འབད་འཐབ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ105རིང་གི་འབད་འཐབ་ཁྲོད་རྒྱུན་ཆད་མེད་པར་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་ང་ཚོ་ཏང་ལ་སྲིད་ཏང་གཞན་པ་དང་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དང་བསྡུར་ཐབས་མེད་པའི་ཕུལ་བྱུང་གི་ཁྱད་ཆོས་ལ་ཐུག་ཡོད་པར་བསྟན། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་“ཐོག་མཐའ་བར་གསུམ་དྲུག་”ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པའི་གནད་འགག་གི་གསང་གྲངས་གསལ་སྟོན་བྱས་ཏེ། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་ཚུལ་བསྟན།

ཚན་རྩལ་པུའུ་སི་བཞི་པའི་སི་ཀྲང་སུའུ་ཅིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་མི་ཆད་པར་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཐུབ་པའི་ཕུལ་བྱུང་གི་ཁྱད་ཆོས་6གསལ་སྟོན་གནང་བ་དང་། ང་ལ་མྱོང་ཚོར་ཟབ་མོ་ཞིག་བྱིན། ཕུལ་བྱུང་གི་ཁྱད་ཆོས་འདི་དག་ཡོད་པའི་རྐྱེན་གྱིས། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱིས་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ལ། ཚན་རྩལ་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལ། གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་བླངས་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་ནུས་པ་འདོན་ཐུབ་པ་བྱུང་།

སྐྱེ་ཁམས་ཁོར་ཡུག་པུའུ་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་གཏན་བྱ་བའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ལི་ཧུང་པིང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོ་ཏང་གིས་འགྲན་ཟླ་བྲལ་བའི་ཕུལ་བྱུང་ཁྱད་ཆོས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་ཁོར་ཡུག་ཉིན་རེ་བཞིན་ཇེ་བཟང་དུ་སོང་ཞིང་། ནམ་མཁའ་སྔར་ལས་ཇེ་སྔོ་དང་། རི་བོ་སྔར་ལས་ཇེ་ལྗང་། ཆུ་བོ་སྔར་ལས་ཇེ་དྭངས་སུ་ཕྱིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ནས། ཏན་ཏན་ཏིག་ཏིག་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བར་བྱེད་དགོས།

ཀྲུང་དབྱང་སྤྱི་ཚོགས་བྱ་བ་པུའུ་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ལིན་ཀྲི་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པར་རྒྱུས་ལོན་ཟབ་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་བགྲོད་ལམ་དུ་སྐྱོད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱེད་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ། མང་ཚོགས་གོང་བུར་སྒྲིལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡག་པོ་སྒྲུབ་ནས། སྤྱི་ཚོགས་ཀྱི་ཚོགས་སྤྱི་མི་འདྲ་བའི་དོ་ཁུར་དང་བདེ་ཞུ་གཏུག་རེ་ཞུ་ཐག་གཅོད་ཡག་པོ་བྱེད་རྒྱུར་གཅིག་འདོམས་བྱེད་དགོས། 

ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་གི་འགོ་གཙོ་ལི་ཙུང་ཡོན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་སྒོ་ཕྱེས་པའི་ལོ་ལྔའི་རིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། ཕྱི་རྒྱལ་གྱི་གཙོ་འཛིན་དང་ཆབ་སྲིད་མི་སྣ་བཅས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་ཁང་དུ་ཕེབས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པའི་གནད་འགག་གི་གསང་གྲངས་བཙལ་ཐུབ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་གུས་འདུད་ཞུས། གོ་རིམ་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་གི་གཏམ་རྒྱུད་དང་དུས་རབས་གསར་པའི་གཏམ་རྒྱུད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གཏམ་རྒྱུད་བཅས་ཡག་པོར་བཤད་དེ། བློ་སེམས་རྩེ་གཅིག་གིས་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་འཐབ་ལམ་གསར་བའི་ཏང་གི་འགན་འཁྲི་ལས་འགན་ཡོངས་འགྲུབ་བྱེད་ན།ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། ངེས་པར་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་མཐའ་འཁྱོངས་བྱེད་པ། ངེས་པར་དུ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་སྐྲུན་བྱེད་པ། ངེས་པར་དུ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ། ངེས་པར་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅིའི“ངེས་པར་དུ་ལྔ་”ཡི་བླང་བྱ་གསལ་པོ་དོན་འཁྱོལ་བྱེད་པ་དང་། ཡིད་ཆེས་བརྟན་པོས་འབད་འཐབ་ལྷོད་མེད་དང་དཀའ་ཉེན་ལ་མི་སྐྲག་པར་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་རྒྱུའི་ཚུལ་བསྟན།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཀྲན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ནས་ཏང་གི་ཕུལ་བྱུང་ཁྱད་ཆོས་དར་སྤེལ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་སྐྱོང་བྱེད་པ། “རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་”གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇེ་དམ་དུ་གཏོང་བ། མི་དམངས་ཀྱི་དོན་དུ་འཐབ་འཛིང་བྱ་རྒྱུ་འབུར་དུ་ཐོན་པར་བྱེད་པ།“རུལ་སུངས”ལ་མཐའ་གཅིག་ཏུ་ཆད་གཅོད་བྱེད་པ་བཅས་བྱས་ཏེ། ཏང་ཕྱོགས་ཡོངས་ནས་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། 

ཕྱི་འབྲེལ་པུའུ་མེ་གླིང་བྱང་མ་དང་རྒྱ་མཚོ་ཆེན་པོའི་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ། ཁྲུའུ་དང་པོའི་ཁྲུའུ་ཀྲང་ཕིན་ཕེ་ཡིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅིས་ངེས་པར་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད་ལ། འདིས་ང་ཚོའི་ཏང་གི་ལྷན་སྐྱེས་ཀྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་བརྩེ་སེམས་དང་འཛམ་གླིང་སྤྱི་མཐུན་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་མཚོན་ཡོད། ལོ་བརྒྱའི་འཕོ་འགྱུར་ལ་མགྱོགས་མྱུར་ངང་རིམ་འགྱུར་བྱུང་བའི་རྒྱབ་ལྗོངས་འོག སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་གཞི། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་གཞི་བཅས་དོན་ཐོག་ཏུ་འཁྱོལ་ནས་རྒྱལ་ཁབ་དེ་བས་མང་བས་དོ་སྣང་ཆེན་པོ་ཐེབས། འཐབ་ལམ་གསར་པའི་སྟེང་། ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་བླ་མེད་དམིགས་འབེན་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་འབུལ་རྒྱུ་ཡིན། 

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དབྱང་ཅིན་གྱིས་བཤར་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས་ཤིང་། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། བུད་མེད་དུང་ཕྱུར་མང་པོར་མཐུན་སྒྲིལ་སྒོས་སྣེ་ཁྲིད་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བུད་མེད་གཅེན་གཅུང་ཚོའི་གམ་དུ་སྐྱེལ་ནས། བུད་མེད་དང་བྱིས་པ་རྣམས་ཀྱིས་ཚོར་ཐུབ་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས།

གུང་གཞོན་ཚོགས་པ་ཀྲུང་དབྱང་རྒྱལ་སྤྱིའི་འབྲེལ་གཏུག་པུའུ་རྒྱལ་སྤྱིའི་རྩ་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲིན་ཡོའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་ཁྲོད་བསྟན་དོན། ཏང་ཡོངས་ཀྱིས་ན་གཞོན་ལ་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་དགོས་ལ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཕུགས་འདུན་ཆེན་པོ་བསྐྲུན་པ་དང་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་ཕོད་པར་སྐུལ་མ་གཏོང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། རྒྱ་ཆེའི་ན་གཞོན་རྣམས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ན་གཞོན་ཚོས་ཁྱབ་ཁོངས་སོ་སོར་དཀའ་སྤྱད་འབད་འཐབ་བྱེད་པ་དང་།འཐབ་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་མཐུད་རྒྱུག་ཡག་པོ་བྱེད་པར་ཁྲིད་སྟོན་བྱས་ཏེ། ལང་ཚོ་ལ་བརྟེན་ནས་མདུན་ལམ་བསྐྲུན་པ་དང་། ཕུགས་བསམ་ལ་འོད་ཟེར་འཚེར་དུ་འཇུག་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།