ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

བདུན་གཅིག་ཏང་འཛུགས་དུས་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ལ་དྲན་གསོ་ཞུ་ཆེད་དུ་གཏན་འཁེལ་བྱས་པའི་ཉིན་མོ་ཞིག་རེད།

1840ལོར་ཉལ་ཐའི་དམག་འཁྲུག་གི་རྗེས་སུ་ནུབ་ཕྱོགས་སྟོབས་ཤུགས་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་ནང་རུལ་གྱུར་བ་བཅས་ཕྱི་ནང་གཉིས་ཀའི་གནོན་ཤུགས་འོག  ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་དང་བཀས་བཀོད་རྒྱུད་འཛིན་གྱི་ཆ་གཉིས་སུ་གྱུར་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་རྒྱུ་དེ་མི་རིགས་ཡོངས་ཀྱི་ཕུགས་འདུན་རླབས་ཆེན་ཞིག་དུ་གྱུར་བ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ལ་བརྩོན་ལེན་དང་རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་ལ་འགོད་རྒྱུ་ནི་ཀྲུང་གོ་མི་དམངས་ལ་ལོ་རྒྱུས་ཀྱིས་བཞག་པའི་འགན་འཁྲིར་གྱུར། 1911ལོའི་ཟླ10བར། སུང་ཀྲུང་ཧྲན་གྱིས་སྣེ་ཁྲིད་པའི་ལྕགས་ཕག་ལོའི་གསར་བརྗེ་ཡིས་ཆིང་རྒྱལ་རབས་ཀྱི་དབང་སྒྱུར་རྩ་གཏོར་བཏང་ནས་ཀྲུང་ཧྭ་མི་དམངས་ཀྱི་རྒྱལ་ཁབ་བཙུགས་ཤིང་། ལོ་ངོ་སྟོང་གཉིས་ལྷག་ལ་དབང་སྒྱུར་བའི་རྒྱལ་སྲིད་སྒེར་གཅོད་ཀྱི་ལམ་ལུགས་ཀྱི་མཇུག་སྒྲིལ་ཏེ་ཉེ་རབས་མི་རིགས་དམངས་གཙོ་གསར་བརྗེ་བཙུགས། དེ་ལྟ་ན་ཡང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ལོ་རྒྱུས་དེ་མངོན་དུ་འགྱུར་མ་ཐུབ། 1915ལོར་རིག་གནས་གསར་པའི་སྡེ་གཟར་ལངས་ཏེ་ཀྲུང་གོའི་སྤྱི་ཚོགས་སྟེང་བསམ་བློ་བཅིངས་འགྲོལ་གྱི་རླབས་རྒྱུན་འཕྱུར། 

1917ལོར་ཨུ་རུ་སུའི་ཟླ་བ་བཅུ་བའི་གསར་བརྗེ་ཡིས་གཉའ་གནོན་དང་བཤུ་གཞོག་གི་སྡུག་བསྔལ་མནར་མར་མྱོང་བཞིན་པའི་ཤར་ཕྱོགས་ཀྱི་མི་རིགས་འདི་ལ་སྐུལ་མ་ཆེན་པོ་ཐེབས་ཏེ། ཀྲུང་གོའི་སྔོན་ཐོན་ཅན་གྱི་མི་བུ་སྐོར་ཞིག་གིས་མར་ཁེ་སི་རིང་ལུགས་ཀྱི་ལམ་ཕྱོགས་བདམས་མགོ་བརྩམས་པ་དང་ཆབས་ཅིག  ཀྲུང་གོའི་བཟོ་ལས་གྲལ་རིམ་ཡང་མི་རིགས་མ་རྩ་རིང་ལུགས་ཀྱིས་དཔལ་འབྱོར་དར་སྤེལ་བཏང་བའི་བབ་དང་བསྟུན་ནས་འཕེལ་རྒྱས་ཆེན་པོ་བྱུང་བས།  ལྡོག་དུ་མེད་པའི་མི་དམངས་ཀྱི་གསར་བརྗེ་རླབས་རྒྱུན་འཕེལ།     

1919ལོའི་ཟླ5ཚེས4ཉིན།  ཕ་རི་སིའི་ཞི་བའི་ཚོགས་འདུའི་སྟེང་ཀྲུང་གོའི་ཕྱི་འབྲེལ་ལ་ཕམ་ཁ་བྱུང་ཞིང་། པེ་ཅིང་གི་སློབ་མ3000ལྷག་གནམ་བདེ་སྒོ་མོ་ཆེའི་མདུན་དུ་འཚོགས་ཏེ།  རྔམ་སྟོན་ཁྲོམ་སྐོར་བྱས་ནས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རྩ་མེད་དུ་གཏོང་བའི་རྒྱལ་གཅེས་གསར་འགྱུར་ལས་འགུལ་ཏེ་ལྔ་བཞི་ལས་འགུལ་བསླངས།  ཟླ6ཚེས5ཉིན་ཧྲང་ཧའེ་བཟོ་པས་ལས་མཚམས་བཞག་སྟེ་སློབ་མ་རྣམས་ལ་རམ་འདེགས་བྱས།  ཕྱིས་བཟོ་བས་ལས་མཚམས་འཇོག་པ་དང་། སློབ་མས་སློབ་མཚམས་འཇོག་པ།  ཚོང་བས་ཚོང་མཚམས་འཇོག་པའི་རླབས་རྒྱུན་དེ་ལམ་སེང་ཞིང་ཆེན་དང་ལྗོངས20དང་། གྲོང་ཁྱེར100ལྷག་ལ་ཁྱབ།  དུས་དེ་ནས་ཀྲུང་གོའི་བཟོ་བའི་གྲལ་རིམ་རང་རྐྱ་ཐུབ་པའི་སྒོ་ནས་ཆབ་སྲིད་ཀྱི་སྡིངས་ཆར་འབུད་མགོ་བརྩམས།  མི་དམངས་མང་ཚོགས་ཀྱིས་དེ་ལྟ་བུའི་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན།  ཟླ6ཚེས28ཉིན་གྱི་ཕ་རི་སིའི་ཞི་བའི་ཚོགས་འདུའི་ཆིངས་འཇོག་མཛད་སྒོར་ཀྲུང་གོའི་འཐུས་ཚབ་པ་མ་ཞུགས།  ལྔ་བཞི་ལས་འགུལ་གྱིས་རྗེས་སུ།  མར་ཁེ་སི་རིང་ལུགས་རྒྱུད་སྒྲོག་གི་རྩོམ་དང་དཔེ་དེབ་འབོར་ཆེན་ཕྱིར་བཀྲམས།  ལི་ཏཱ་ཀྲའོ་དང་ཁྲེན་ཏུའུ་ཞུག  ལི་ཏཱ། ལི་ཧན་ཅུན།  མའོ་ཙེ་ཏུང་སོགས་གུང་ཁྲན་རིང་ལུགས་ཀྱི་བསམ་བློའི་མྱུ་གུ་ཐོག་མར་འབུས་མཁན་སྔོན་ཐོན་ཅན་གྱི་མི་བུ་སྐོར་ཞིག་གིས་བཟོ་བ་མང་ཚོགས་ཀྱི་ཁྲོད་དུ་མར་ཁེ་སི་རིང་ལུགས་དྲིལ་སྒྲོག་བྱས།  

1920ལོའི་ཟླ3པར། ལི་ཏ་ཀྲའོ་ཡིས་སྒྲིག་འཛུགས་བྱས་ནས་པེ་ཅིང་སློབ་ཆེན་གྱི་མར་ཁེ་སིའི་གཞུང་ལུགས་ཞིབ་འཇུག་ཚོགས་པ་བཙུགས། ཟླ5པར། ཁྲེན་ཏུའུ་ཞུག་གིས་ཧྲང་ཧའེ་ནས་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཚོགས་པ་སྒྲིག་འཛུགས་བྱས།   ཧྲང་ཧའེ་དང་པེ་ཅིང་གི་ཞིབ་འཇུག་ཚོགས་པས་ཧུའུ་པེ་དང་ཧུའུ་ནན། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། ཐིན་ཅིན་སོགས་ས་གནས་དང་རྒྱལ་ཕྱིའི་སྔོན་ཐོན་ཅན་བར་ལ་འབྲེལ་བ་བཟུང་ནས་མར་ཁེ་སི་རིང་ལུགས་བརྒྱུད་སྒྲོག་ལ་སྐུལ་འདེད་བཏང་།  ཟླ8པར་ཁྲེན་ཏུན་ཞུག་གིས་ཧྲང་ཧའེ་ནས་གུང་ཁྲན་ཏང་གི་རྩ་འཛུགས་ཐོག་མ་བཙུགས་ལ། དེ་ནི་ས་གནས་སོ་སོའི་གུང་ཁྲན་རིང་ལུགས་པའི་བར་ལ་ཏང་འཛུགས་སྐོར་ནས་འབྲེལ་བ་བྱེད་པའི་ལྟེ་གནས་ཡིན།  1921ལོའི་དཔྱིད་ཀར་ཝུའུ་ཧན་དང་། ཁྲང་ཧྲ།  ཅི་ནན། ཀོང་ཀྲོའུ་སོགས་ས་གནས་དང་ལྗར་པན་དང་ཧྥ་རིན་སར་སྡོད་པའི་ཀྲུང་གོ་བའི་གུང་ཁྲན་ཏང་གི་རྩ་འཛུགས་ཐོག་མ་རིམ་པ་བཞིན་བྱུང་།

1921ལོའི་ཟླ7པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་ཧྥ་རིན་སའི་ཝང་ཀྲི་ལམ་ནས་འཚོགས་ཤིང་། མཐའ་མཇུག་ཉིན་དེ་ཀྲེ་ཅང་ཅ་ཞན་དུ་སྤར་ནས་ནན་ཧུའུ་མཚོ་ཐོག་གི་གཡོར་གྲུའི་སྟེང་དུ་འཚོགས།  ཚོགས་ཐོག་ཏུ་ཏང་གི་མིང་ལ“ཀྲུང་གོ་གུང་ཁྲན་ཏང་”ཞེས་གསོལ་བ་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པ་ཁྱབ་སྒྲོག་བྱས།

འོ་ན་ཟླ་བ7པའི་ཚེས1ཉིན་དེ་འཁྲུངས་སྐར་ཉིན་མོར་བརྩི་དོན་ཅི་རེད་ཅེ་ན།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། དུས་ཡུན་རིང་བོ་ཞིག་ལ་གསར་བརྗེ་འཐབ་རྩོད་ཀྱི་དབང་དུ་གྱུར་ནས་འཆར་གཞི་དང་གཞི་ཁྱོན། གོ་རིམ་ཡོད་པ།  ཡོངས་སུ་གྲགས་པའི་དྲན་གསོ་བྱེད་སྒོ་སྤེལ་མ་ཐུབ་ན་ཡང་། 1937ལོའི་ཟླ7པའི་ཚེས1ཉིན་ལ་ཀྲུང་གུང་ཀྲུང་དབྱང་གིས་ཡན་ཨན་དུ་ཏང་གི་ལས་འགུལ་མི་སྣའི་ཚོགས་ཆེན་བསྡུས་ཤིང་། དེ་ནི་ཏང་གི་ལོ་རྒྱུས་སྟེང་བསྡུས་པའི་ཏང་ཡོན་སློབ་གསོའི་བྱེད་སྒོ་ཐོག་མར་གྱུར།
  1938ལོའི་ཟླ5ཚེས26ཉིན་ནས་ཟླ6པའི་ཚེས3ཉིན། མའོ་ཙེ་ཏུང་གིས་ཡན་ཨན་དུ་ལྗར་འགོག་དམག་འཁྲུག་ཞིབ་འཇུག་གི་ཚོགས་འདུའི་སྟེང《རྒྱུན་བསྲིངས་དམག་འཁྲུག་སྐོར་གླེང་བ》ཞེས་པའི་གསུང་བཤད་གནང་དུས་ལོ་དེའི་ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ17འཁོར་བའི་དྲན་གསོ་ཉིན་མོ་བྱེད་དགོས་པའི་གྲོས་འགོ་བཏོན།
  ལོ་དེའི་ཟླ6པའི་ཚེས14ཉིན།  ཧྲན་ཀན་ཉིན་འབྲེལ་མཚམས་ས་ཁུལ་གྱི་ཏང་ཨའི་དྲིལ་སྒྲོག་པུའུ་དང་འབྲེལ་མཚམས་ས་ཁུལ་གྱི་ལྗར་འགོག་རྒྱབ་ཕྱོགས་རམ་འདེགས་ཚོགས་པས་ཡན་ཨན་ཏང་སྲིད་དམག་དང་ལས་ཁུངས། ཚོགས་པ་ཁག་བཅས་ཀྱི་འཐུས་མིའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པའི་སྟེང་དུ།
  ཟླ7པའི་ཚེས1ཉིན་ནས་ཚེས7ཉིན་ནི།  ལྗར་འགོག་དམག་འཁྲུག་བརྒྱབ་ནས་ལོ་གཅིག་འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ17འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ཉིན་མོར་གཏན་འཁེལ་བྱེད་པར་གྲོས་བྱས་ནས་གཏན་ལ་ཕབ།​

ཟླ6པའི་ཚེས24ཉིན 《ཀྲུང་གུང་ལོ་འཁོར17ལོན་པའི་དྲན་གསོ་དྲིལ་སྒྲོག་སྐོར་གྱི་རྩ་གནད》ཅེས་པ་ཁྱབ་སྒྲོག་བྱས།  དེའི་ཕྱི་ཉིན་ཏེ་ཚེས25ཉིན《ཞིན་ཀྲུང་ཧྭ་ཚགས་པར》སྟེང་དུ《“བདུན་གཅིག”ནས“བདུན་བདུན་”བར་གྱི་དྲན་གསོ་ཞུ་བའི་བར་ལྗང་འགོག་དམག་འཁྲུག་ལ་ཇི་ལྟར་གྲ་སྒྲིག་བྱེད》ཅེས་པའི་རྩོམ་ཞིག་སྤེལ་བ་ལས། ཏང་གི་དྲན་གསོ་ཞུ་བའི་ཉིན་མོ་དེ་ཚིག་དོན་ཉིང་བསྡུས་ཀྱིས“བདུན་གཅིག”ཅེས་ཐེངས་དང་པོར་བསྒྲགས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།