མི་དམངས་དྲ་བས་ཟླ6ཚེས24ཉིན་སྤེལ་བའི་འཕྲིན། ཉིན་དེར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་རྫོང་བཙུགས་ནས་ལོ40འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས་ཤིང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་སྐྱོང་རྫོང་བཙུགས་ནས་ལོ་ངོ40རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་མཉམ་དུ་རྟེན་འབྲེལ་ཞུས།

ཚོགས་ཆེན་སྟེང་གྲལ་བསྒྲིགས་སྐོར་སྐྱོད་དཔུང་སྡེ་དང་། བརྗོད་དོན་ཚོན་འཁོར་ངོམ་སྐྱོད། སྲིད་དོན་གྱི་མཛད་སྒོ། རིག་རྩལ་འཁྲབ་སྟོན་ལ་སོགས་སོ་སོའི་ཚབ་བྱས་ཏེ་རིམ་པ་བཞིན་ཚོགས་རར་བསྐྱོད་ཅིང་། རིག་རྩལ་འཁྲབ་སྟོན་ནང་དུ་གསར་བརྗེའི་གཏམ་རྒྱུད་དང་། ཤར་ནུབ་རྒྱུད་མཉམ་ལས་ཀྱི་ཁྱད་ཆོས། ཧོར་རིགས་ན་སྟོན་སོགས་ས་གནས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་འདུ་བས་རྨ་ཙོང་རིག་གནས་ཀྱི་ཁྱད་ཆོས་ཅི་དགར་ངོམ།

ལོ་ངོ་བཞི་བཅུའི་རིང་ལ། གཞོང་ཐང་གིས་ཕྱོགས་ཡོངས་ནས་ཐོལ་བརྒལ་རྣམ་པའི་འཕེལ་རྒྱས་མངོན་དུ་འགྱུར། རྫོང་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་དུ་བསྐྲུན་པ་དང་། རྫོང་ཁོངས་དཔལ་འབྱོར་གྱི་སྤྱི་འབོར་ཡར་འཕར་ཡོད་པ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་དུ་སྤུས་ཚད་ཇེ་མཐོར་དང་ཕན་ཕྱོད་ཇེ་ཆེར་ཕྱིན་ཡོད། མགོ་རྩོམ་ས་གསར་པར་གཞི་བཙུགས་ཏེ། གཞོང་ཐང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་གོང་སྤེལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་བསྲེས། དམངས་ཚིས་མཐོར་འདེགས་བཅས་ཀྱི་ལས་ཀ་ཁག་ལ་དམ་འཛིན་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གཏན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏང་འཆར་ཡོད་དོ། །
ཚོགས་ར་དངོས།
རིག་རྩལ་འཁྲབ་སྟོན་བྱེད་པ།

ཚོགས་རའི་ཡུལ་དངོས།
ལྟད་མོ་བས་འཁྲབ་སྟོན་ལ་ལྟ་བཞིན་པ།

ཡུལ་དངོས།