ཡུལ་དེའི་ཟླ6པའི་ཚེས13ཉིན། མེ་ཁ་མོ་འཛམ་གླིང་བུམ་པའི་ཚོ་ཆུང་ཁག་གི་འགྲན་སྡུར་གྱིས་འགྲན་ཐེངས་བཞི་སྤེལ་ཡོད་ཅིང་། ང་ཚོས་ཤིན་ཧྭ་དྲ་བའི་ཡུལ་དངོས་ཀྱི་བརྙན་མིག་བརྒྱུད་ལ་མི་སེམས་དྲག་ཏུ་གཡོ་བའི་སྐད་ཅིག་མའི་ཉམས་སྣང་ལ་མཉམ་གཅིག་ཏུ་རོལ།
འགྲན་སྡུར་ཚོ་ཆུངBསྟེ་ཁ་ཐར་དང་སུའེ་ཙེར་རུ་དཔུང་གཉིས་ཀྱི་འགྲན་སྡུར་ཁྲོད་དུ། འགྲན་ར་ཡོངས་ཀྱི་གནོན་ཤུགས་ཚད་མེད་སྤྲད་པའི་འོག གླིང་ཆེན་ཨེ་ཤ་ཡའི་རྒྱལ་མཚན་བསྒྲེངས་མཁན་ཁ་ཐར་རུ་དཔུང་གིས་དཔའ་གདེང་གི་སེམས་རྩ་མ་ལྷོད་པར་སྤོབས་པ་ཆེར་བསྐྱེད་བྱས་ཏེ། མཐར་འགྲན་ར་ཡོངས་ཀྱི་སྐར་སྣོན་འགྲན་སྡུར་སྐབས་སུ་སུའེ་ཙེར་རུ་དཔུང་ལས་རྣམ་པར་རྒྱལ་ཏེ་རུ་དཔུང་དེའི་ལོ་རྒྱུས་སྟེང་གི་འཛམ་གླིང་བུམ་པའི་སྐར་གསོག་ཐོག་མ་བླངས།

ཁ་ཐར་རུ་དཔུང་གི་རུ་མི་ཨའེ་ཧ་མའེ་ཏེ·ཧྥ་ཐེ་ཞི(གཡས)ཡིས་དཔུང་གྲོགས་པུ་ཨ་ལའེ་མུ·ཧུའུ་ཞི(གཡོན་གཤམ་ན)ཡིས་རྐང་གྲུག་གཟེབ་ལ་བཅུག་སྟེ་སྡུར་གྲངས་སྙོམས་པར་བྱས་པར་རྟེན་འབྲེལ་ཞུ་བའི་ཚུལ།

ཁ་ཐར་རུ་དཔུང་གི་རུ་མི་ཅ་ཞི་མུའུ·ཅ་པུར(གཡོན)དང་སུའེ་ཙེར་རུ་དཔུང་གི་རུ་མི་ལི་ཁཱ་ཏའོ·ལོ་ཏེ་ལི་སེག་གཉིས་ཀྱིས་འགྲན་སྡུར་ཁྲོད་རྐང་གྲུག་རྩོད་པའི་རྣམ་པ།

ཁ་ཐར་རུ་དཔུང་གི་སྒོ་སྲུང་བ་མའོ་ཧན་མོ་ཏེ·ཨ་པུ་ན་ཏ་ཡིས་འགྲན་སྡུར་བྱས་རྗེས་སུ།

ཁ་ཐར་རུ་དཔུང་གི་ཞེན་མིས་འགྲན་སྡུར་ཁྲོད་རུ་དཔུང་ལ་ངར་ཤུགས་སྩོལ་བ།
འགྲན་སྡུར་ཚན་ཆུངCཡི་ཐོག་མའི་འགྲན་སྡུར་ཁྲོད་དུ།
པར་ཙིར་རུ་དཔུང་དང་འགྲན་ཡ་མའོ་ལའོ་ཀེ་རུ་དཔུང་གཉིས་འཕྲད།
དེ་ནི་འཛམ་གླིང་བུམ་པའི་འགྲན་སྡུར་སྤེལ་ནས་བཟུང་གི་རུ་དཔུང་སྟོབས་པོ་ཆེ་གཉིས་ཁ་གཏད་དུ་ལངས་པའི་ཐོག་མ་ཡིན་ཟེར།
“སང་པ་རུ་དཔུང”གིས་འགྲན་སྡུར་ཁྲོད་དུ་ཐུན་མོང་གི་སྟོབས་ཤུགས་དང་མི་སྒེར་གྱི་ནུས་ཤུགས་ལ་བརྟེན་ནས“སྐར་ལྔའི་པར་ཙིར”མོ་རོ་ཁོ་རུ་དཔུང་ལ་ཁ་གཏད་དེ་འཛམ་གླིང་གི་རྩེ་རིམ་རུ་དཔུང་སྟོབས་པོ་ཆེ་ཞིག་གི་དཔའ་གདེང་དང་བྱང་ཚད་ནས་རྐང་དྲུག་ཐེངས་གཅིག་བཅུག་པ་རེད།
མཐར་ཕྱོགས་གཉིས་ཀྱིས1:1སྡུར་གྲངས་དོ་མཉམ་པ་བླངས་ནས་ཕན་ཚུན་བར་ཁ་འཆམ་ནས་ལག་འཇུ་བྱས།

པར་ཙིར་རུ་དཔུང་གི་རུ་མི་ནེ་མར་འགྲན་སྡུར་མ་བྱས་གོང་རྐང་གྲུག་ར་བར་བསྐྱོད་པ།

པར་ཙིར་རུ་དཔུང་གི་ཞེན་མིས་འགྲན་སྡུར་མ་བྱས་གོང་རུ་དཔུང་ལ་ཤུགས་རྒྱག་པའི་ཚུལ།

པར་ཙིར་རུ་དཔུང་དང་འགྲན་ཡ་མོ་རོ་ཁོ་རུ་དཔུང་གཉིས་འགྲན་རར་སྐྱོད་པའི་མཛད་སྒོ།

ཞེན་མིས་པར་ཙིར་རུ་དཔུང་གི་རུ་མི་ཚོའིTIFOཆེན་མོ(ཕལ་ཆེར་གཟིགས་སྟེགས་ཁེབས་པའི་འཕྲེད་བྱང་ཆེན་པོ་ཞིག་རེད)ངོམ་སྟོན་བྱེད་བཞིན་པ།

པར་ཙིར་རུ་དཔུང་གི་རུ་མི་མཱ་ཐེ་ཝུའུ་སི·ཁུའུ་ནེ་ཡ་ཡིས་འགྲན་སྡུར་ཁྲོད་རྐང་གྲུག་ཟུར་རྒྱག་བྱེད་བཞིན་པ།

མོ་རོ་ཁོ་རུ་དཔུང་གི་སྒོ་སྲུང་བ་པུ་ནུའོ(གཡོན་གྱི་གཉིས་པ)ཡིས་རྐང་གྲུག་ཕྱིར་བསྐོར་བ།

འགྲན་རའི་ནང་གི་འཆར་བརྙན་ཆེན་པོའི་ངོས་སུ་རེབ་འདིའི་འགྲན་སྡུར་གྱི་གཟིགས་མོ་བའི་གྲངས་འབོར་མངོན་པ།

པར་ཙིར་རུ་དཔུང་གི་རྩལ་ཁྲིད་པ་གཙོ་བོ་ཨན་ཆིའེ་ལའོ་ཏེ་ཡིས་ལོགས་སུ་བཀོད་འདོམས་བྱེད་བཞིན་པ།

པར་ཙིར་རུ་དཔུང་གི་རུ་མི་ཏའི་ཀེ་ལ་སི·སང་ཐའོ་སི(གཡོན)དང་མོ་རོ་ཁོ་རུ་དཔུང་གི་རུ་མི་ཨ་ཧྲི་ལ་ཧྥུ་གཉིས་ཀྱིས་རྐང་གྲུག་རྩོད་པ།

པར་ཙིར་རུ་དཔུང་གི་རུ་མི་ཝེ་ནེ་ཞིའུ་སི(གཡས)ཡིས་རྐང་གྲུག་བཅུག་རྗེས་ཀྱི་དགའ་སྤྲོའི་ཉམས་སྣང་།

ཞེན་མི་ཚོས་གཟིགས་སྟེགས་སུ་འགྲན་སྡུར་ལ་ལྟ་བཞིན་པ།

པར་ཙིར་རུ་དཔུང་གི་ཞེན་མི་ཞིག་གིས་འགྲན་སྡུར་ལ་བརྩེ་བ་སྟོན་པ།
སུའོ་ཀོ་ལན་རུ་དཔུང་དང་འགྲན་ཡ་ཧེ་ཐི་རུ་དཔུང་གི་འགྲན་སྡུར་གྱི་འགྲན་སྡུར་བར་མར་རུ་མི་ཡུའོ་ཧན·མའེ་ཅིན་གྱིས་རྐང་གྲུག་བཅུག་པ་དང་བརྟེན་ནས་འཛམ་གླིང་བུམ་པའི་སྡིངས་ཆ་འདིར་ཁ་བྲལ་ནས་ལོ28འདས་པའི་སུའོ་ཀོ་ལན་རུ་དཔུང་གིས་བསྡུར་ཚད1:0ཡིས་ཧེ་ཐི་རུ་དཔུང་ལས་རྣམ་པར་རྒྱལ་ཅིང་། འགྲན་སྐོར་དང་པོའི་རྗེས་ཀྱི་འགྲན་སྡུར་ཚོ་ཆུངCཡི་སྐར་གསོག་མཐོ་ཤོས་སུ་གྱུར།

སུའོ་ཀོ་ལན་རུ་དཔུང་གི་ཞེན་མི་ཚོས་འགྲན་སྡུར་ཁྲོད་རུ་མི་ལ་ཤུགས་རྒྱག་བཞིན་པ།

སུའོ་ཀོ་ལན་རུ་དཔུང་གི་རུ་མི་ལའོ་ལུན་སི·ཧྲང་ཀེ་ལན(གཡོན)དང་ཧེ་ཐི་རུ་དཔུང་གི་རུ་མི་ཝན་ནེ་སི·ཏེར་ཁེ་ལུ་ཝ་གཉིས་ཀྱིས་རྐང་གྲུག་རྩོད་པའི་ཚུལ།

སུའུ་ཀེ་ལན་རུ་དཔུང་གི་རུ་མི་ཡུའེ་ཧན·མད་ཅན(གཡོན་གྱི་གཉིས་པ)གྱིས་རྐང་གྲུག་བཅུག་རྗེས་དགའ་སྤྲོ་ཚད་མེད་ངང་རྟེན་འབྲེལ་ཞུ་བ།

ཧེ་ཐི་རུ་དཔུང་གི་རུ་མི་ཁཱ་ལུན་སི·ཨར་ཁུའུ་སི(དཀྱིལ)དང་སུའུ་ཀེ་ལན་རུ་དཔུང་གི་རུ་མི་ཡུའེ་ཧན·མད་ཅིན(གཡོན)དང་། ལའོ་ལུན་སི·ཧྲང་ཁེ་ལན་གསུམ་གྱིས་འགྲན་རྩོད་བྱེད་བཞིན་པ།
འགྲན་སྡུར་ཚོ་ཆུངDཡི་འགྲན་སྡུར་ཁྲོད་དུ། “ཏའེ་ཧྲུའུ་རུ་དཔུང”སྟེ་ཨོ་སི་ཁྲུ་ལི་ཡའི་རུ་དཔུང་གིས་རྐང་དྲུག་གཉིས་བཅུག་སྟེ་བསྡུར་ཚད2:0ཡིས་ཐར་ཁེ་རུ་དཔུང་ཕམ་པར་བརྒྱབ།

ཨོ་སི་ཁྲུ་ལི་ཡའི་རུ་དཔུང་གི་རུ་མི་ཁང་ན·མའེ་ཐེ་ཁ་ཧྥུ(གཡས)ཡིས་རུ་དཔུང་གིས་རྐང་གྲུག་གཉིས་པ་བཅུག་པར་རྟེན་འབྲེལ་ཞུ་བའི་ཚུལ།

ཐུར་ཁེ་རུ་དཔུང་གི་རུ་མི་ཨར་ཏ·ཅུའུ་ལེར(མདུན་གྱི་གཡོན)ཡིས་འགྲན་སྡུར་ཁྲོད་དུ་གྲུག་འདེད་ཀྱི་རྩལ་དགུ་ངོམ།

ཨོ་སི་ཁྲུ་ལི་ཡའི་རུ་དཔུང་གི་རུ་མི་པའོ་ལའོ·ཨོ་ཁང་འན་སི་ཐེ་ལི(གོང་གཡོན)དང་ཐུར་ཁེ་རུ་དཔུང་གི་རུ་མི་ཨར་ཏ·ཅུའུ་ལེར་གཉིས་ཀྱིས་རྐང་དྲུག་རྩོད་བཞིན་པ།

ཨོ་སི་ཁྲུ་ལི་ཡའི་རུ་དཔུང་གི་རུ་མི་ནེ་སི་ཐའོ་ལི·དབྱི་ལན་ཁུན་ཏ(གཡོན)གྱིས་སྤོ་ལོ་བཅུག་རྗེས་སུ་དགའ་སྤྲོའི་རྟེན་འབྲེལ་ཞུ་བའི་ཚུལ།

ཨོ་སི་ཁྲུ་ལི་ཡའི་རུ་དཔུང་གི་རུ་མི་ནེ་སི་ཐའོ་ལི·དབྱི་ལན་ཁུན་ཏ(右)ཡིས་རྐང་གྲུག་བཅུག་རྗེས་དགའ་སྤྲོས་རྟེན་འབྲེལ་ཞུ་བའི་ཚུལ།