ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ཀྱི་པོད་དང་པོ་དང་པོད་གཉིས་པ་དེ། ཉེ་ཆར་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པ། རྒྱལ་ཁབ་ཆེན་པོའི་འགན་ཁུར་མཚོན་པ་དང་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་པའི་འདུ་ཤེས་གསར་པ་དང་། བཞེད་དགོངས་གསར་པ། གྲོས་འགོ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། རང་རྒྱལ་གྱི་ཕྱི་ཕྱོགས་བྱ་བར་སྣེ་ཁྲིད་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་དེ་ཕྱི་འབྲེལ་ཁྱབ་ཁོངས་སུ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཀྱང་ཡིན། ཀྲུང་གོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཡུལ་ཁམས་གསར་པ་བཏོད་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་ཕྱོགས་བྱ་བར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།
《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ཀྱི་པོད་དང་པོ་དང་པོད་གཉིས་པར། བློ་མཐུན་ཞི་ཅིན་ཕིང་གིས2013ལོའི་ཟླ་དང་པོ་ནས2025ལོའི་ཟླ་བཅུ་གཅིག་པའི་རིང་ཕྱི་ཕྱོགས་ལས་དོན་སྐོར་གྱི་ཆེས་གལ་ཆེ་བ་དང་ཆེས་གཞི་རྩར་གྱུར་བའི་བརྩམས་ཆོས་དག་བསྡུས་ཡོད་པ་དང་། དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད། ཁྱོན་བསྡོམས་སྙན་ཞུ་དང་། གསུང་བཤད། གཏམ་གླེང་། ཤིས་ཚིག་སོགས་ལེའུ་བརྒྱ་དང་སོ་བཞི་ཡོད་པ་རེད། དེའི་ནང་། པོད་དང་པོར2013ལོའི་ཟླ་དང་པོ་ནས2018ལོའི་ཟླ་དྲུག་པའི་བར་གྱི་བརྩམས་ཆོས63བསྡུས་ཡོད་པ་དང་། པོད་གཉིས་པར2018ལོའི་ཟླ་དྲུག་པ་ནས2025ལོའི་ཟླ་བཅུ་གཅིག་པའི་བར་གྱི་བརྩམས་ཆོས71བསྡུས་ཡོད་པ་རེད།
《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ཀྱི་པོད་དང་པོ་དང་པོད་གཉིས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དབང་ཤུགས་ལྡན་པའི་སློབ་དེབ་འདོན་སྤྲོད་བྱས་པ་དང། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་བསྐྱེད་པ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས། བརྟན་ཐོག་ཡར་འཕེལ་ཡོང་བ་དང་བདེན་སྲུང་གསར་གཏོད། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བརྟན་པོར་སྲུང་ནས་རང་རྒྱལ་དང་འཛམ་གླིང་གི་འབྲེལ་བའི་རྣམ་པ་གསར་པ་གཏོད་དགོས། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་། འབོད་སྐུལ་ནུས་པ། གསར་སྐྲུན་བྱེད་ནུས་བཅས་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་རྒྱལ་སྤྱིའི་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་པ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་པར་དོན་སྙིང་གལ་ཆེན་ལྡན།