ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བརྙན་རིས་གཏམ་བཤད་འགྲན་བསྡུར་ཆེན་མོ་ཟི་ལིང་དུ་བསྡུས། ཐོག་མའི་འགྲན་བསྡུར་གྱི་གདམ་གསེས་བརྒྱུད། གྲོང་ཁྱེར་དང་ཁུལ8ཀྱི་བདམས་ཐོན་པ28བསྐྱར་འགྲན་ཁྲོད་ཞུགས་པ་དང་། མཇུག་མཐར་འགྲན་ཞུགས་པ9རྟིང་རྩོད་ཁྲོད་ཚུད།
ཐེངས་འདིའི་འགྲན་བསྡུར་ནི་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས། དེའི་དམིགས་ཡུལ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས། སྐད་ཆ་ལ་བརྟེན་ནས་སེམས་ཁམས་དང་ལས་དབང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བདགོས། འགྲན་བསྡུར་ནང་ཞུགས་མཁན་ནི་ཞིང་ཆེན་ཡོངས་ཀྱི་ལོ་18ནས་ལོ་50བར་གྱི་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་ཀྲུང་གུང་ཏང་ཡོན་རེད།
འགྲན་བསྡུར་ཁྲོད། འགྲན་ཞུགས་པ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་བྱ་གཙོ་བོར་དམིགས་པ་དང་། རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཆམ་མཐུན་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་། དུས་རབས་གསར་པའི་རོང་འབྲོག་ཁུལ་གྱི་སྣང་བརྙན་གསར་པ་དང་འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་མཚོན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་པ་དང་། དུས་གཏན་དུ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཡིད་ཆེས་བརྟན་པོ་མཚོན་པར་བྱས། འགྲན་ཞུགས་པ་རྣམས་ཀྱི་སྐད་ཆ་ཚད་ལྡན་ཐོགས་མེད་དང་བརྩེ་དུང་གིས་ཁེངས་ཤིང་། གཏམ་བཤད་པ་སྙན་ཞིང་ནང་དོན་ཕུན་སུམ་ཚོགས་པས་ཡུལ་དངོས་ལྟད་མོ་བ་ཚོས་དགའ་བསུ་ཆེན་པོ་ཐོབ། འགྲན་བསྡུར་ལས་གཟབ་ནན་གྱི་ཚན་ཁག་ལྟར་བྱ་དགའ་བྱིན་པ་དང་། མཚོ་ཤར་མཚོ་སྐོར་ཚན་ཆུང་དང་མཚོ་སྔོན་ལྷོ་རྒྱུད་ཚན་ཆུང་ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བྱིན་པ་དང་ཆབས་ཅིག འགྲན་བསྡུར་ཆེན་མོ་ལས་ཐུན་མོང་དང་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་དང་། མི་སྒེར་གྱི་ཕུལ་བྱུང་བྱ་དགའ་བཅས་བྱིན།