ཟླ5པའི་ཚེས28ཉིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མི་རིགས་སློབ་ཆུང་དུ“སེམས་པ་དྲོན་མོས་འཚར་ལོངས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་རོལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ལ། ཉམ་ཐག་བྱིས་པ100དང་སློབ་གྲྭ་ལ་སྤྱིའི་རིན་ཐང་སྒོར་ཁྲི4ལྷག་ཙམ་གྱི་སློབ་སྦྱོང་ཡོ་བྱད་དང་དཔེ་དེབ་ཞལ་འདེབས་སུ་ཕུལ། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་དང་། རྒྱུན་ལས་ཀྲུའུ་རེན་གཞོན་པ་མཱ་ཅི་ཞའོ། ཀྲུའུ་རེན་གཞོན་པ་ཧན་ཡུས་ཀུའེ་བཅས་བྱེད་སྒོར་ཞུགས།
མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར"ཁྱིམ་གཞིས་སེམས་སུ་བཅངས་བ་དང་། སེམས་སུ་ཕུགས་འདུན་ཡོད་པ། འབད་བརྩོན་གྱི་སེམས་ཤུགས་ཆེ་བའི་རྨི་ལམ་འཚོལ་སྙེག་གི་ན་གཞོན་བྱེད་དགོས"ཞེས་པའི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། བསམ་བློའི་སྣེ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། སྐྱེ་ཁམས་གསོ་སྐྱོང་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ། དཀའ་ངལ་ཡོད་པའི་བྱིས་པ་ཚོར་སེམས་ཁུར་དང་རོགས་རམ་བྱེད་པ། བྱིས་པ་རེ་རེར་ཏང་གི་ཉི་འོད་འོག་ཏུ་འཚོ་བ་རོལ་དུ་འཇུག་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག རྒྱ་ཆེའི་དགེ་རྒན་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་པོར་བསྲུངས་ཏེ། རིག་གནས་ཀྱིས་མི་སྐྱོང་བ་དང་། ཀུན་སྤྱོད་ཀྱིས་མི་སྐྱོང་བ། ལམ་སྟོན་པ་དང་ཤེས་ཡོན་སློབ་པ། བློ་སྒོ་འབྱེད་པ་བཅས་བྱས་ཏེ། བྱིས་པ་ཚོའི་འཚར་ལོངས་ཀྱི་སྣེ་ཁྲིད་པ་དང་། ཁེ་དབང་སྲུང་སྐྱོབ་བྱེད་མཁན། མ་འོངས་པའི་རྨི་ལམ་སྐྲུན་མཁན་བཅས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།
བྱེད་སྒོའི་ཡུལ་དངོས་སུ། མདའ་བཞི་རྫོང་མི་རིགས་སློབ་ཆུང་གི་སློབ་མ་ཚོས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི“ལྔ་རྒས”ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སེམས་ཤུགས་ཡོད་རྒུ་བཏོན་ནས་གཞོན་ནུ་ལོ་ཆུང་གི་སློབ་གསོ་དང་ཁྲིད་སྟོན། གཅེས་སྐྱོང་སྲུང་སྐྱོབ་བཅས་ཀྱི་བྱ་བ་ཡག་པོར་བསྒྲུབས་ཏེ། བསམ་བློའི་སློབ་གསོ་དང་རོགས་སྐྱོར་རོགས་རམ་གཉིས་ཟུང་འབྲེལ་བྱས་ནས། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།