ཟླ5པའི་ཚེས28ཉིན། 2026ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་འགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། མཛད་སྒོའི་རྗེས་སུ། རང་ཞིང་གི2026ལོའི “བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་བའི་མཛད་སྒོ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་དང་དངོས་འབེབ་བྱས་ལ། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲང་ཅིན་ཀང་ཚོགས་འདུར་ཞུགས་པ་མ་ཟད་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ད་ལོའི་ཟླ་དྲུག་པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་ཉེར་ལྔ་པ་ཡིན་ལ། བརྗོད་བྱ་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་ཤེས་པ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ”ཞེས་པ་དེ་རེད། རང་ཞིང་གིས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་སྤེལ་བར་དམ་པོར་དམིགས་པ་དང་། བདེ་འཇགས་སློབ་གསོ་གསོ་སྦྱོང་གི་འཕྲལ་བསྟུན་ཚན་རིག་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཏེ། བདེ་འཇགས་དྲིལ་བསྒྲགས་ཀྱི“མདུན་སྐྱོད་དྲུག”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་།
བྱེད་སྒོ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་དམར་ཐིག་གི་འདུ་ཤེས་བརྟན་པོ་བཙུགས་ཡོད། “ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་བྱེད་པའི”བརྗོད་བྱ་གཙོ་བོར་དམིགས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མངོན་མེད་རྐྱེན་ངན་དབྱེ་འབྱེད་ཚན་རིག་དང་མཐུན་པའི་བྱ་སྤྱོད་སྤེལ་བ། བདེ་འཇགས་དྲིལ་བསྒྲགས་བློ་འདྲི་ཉིན་སོགས་ཆེད་དམིགས་བྱེད་སྒོ་སྤེལ། ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས“ས་གནས་གཅིག་ལ་ཟོང་རྟགས་གཅིག”གཏོད་དགོས། དེ་དང་ཆབས་ཅིག ཕྱོགས་མང་པོའི་ཐད་ནས་བདེ་འཇགས་རིག་གནས་སྐྱེད་སྲིང་དང་དྲིལ་བསྒྲགས་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་ཤེས་པའི”བདེ་འཇགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
འགོ་རྩོམ་མཛད་སྒོ་བརྙན་རིས་ཀྱི་རྣམ་པའི་ཐོག་ནས་བསྡུས་པ་དང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བ་བྱེད་སྒོའི་ཚོགས་ར་གཙོ་བོར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་དེ་མིན་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བ་ཡན་ལག་གི་བྱེད་སྒོའི་ཡུལ་དངོས་སུ་ཞུགས། སྐབས་དེར་ཚོགས་ཞུགས་མི་སྣས་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཕན་དྲིལ་བསྒྲགས་བརྙན་ཐུང་ལ་བལྟས།