སྲོལ་རྒྱུན་ཐོན་ལས་ཀྱི“འགྱུར་ལྡོག”ཐད་མཆོང་སྐྱོད་ཆེན་པོ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ནི་དངོས་ཕུང་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྲོམ་རའི་དགོས་མཁོ་དམ་འཛིན་དང་ཚན་རྩལ་གསར་གཏོད་ལ་ཤུགས་བརྒྱབ་ནས་སྲོལ་རྒྱུན་ཐོན་ལས་ཀྱི་གསོན་ཤུགས་གསར་པ་འདོན་སྤེལ་བྱེད་དགོས།”

ད་ལོའི་ཚུན་ལ་ས་གནས་སོ་སོས་ཚན་རྩལ་གསར་གཏོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ།  སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་པ་དང་། སྲོལ་རྒྱུན་ཐོན་ལས་རྣམ་པ་གསར་རྐྱང་དུ་རིམ་སྤོར་བྱས་ཏེ“འགྱུར་ལྡོག”གི་མཆོང་སྐྱོད་ལ་སྐུལ་འདེད་བཏང་བ་དང་།  བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

འདི་ནི་འཛམ་གླིང་ཡོངས་སུ་འཁོར་གཉེར་བྱས་ཟིན་པའི་མཚོ་ཐོག་རླུང་ཤུགས་གློག་འདོན་འཕྲུལ་འཁོར་ཚན་པ་ཆེ་ཤོས་ཡིན། སྨི་བརྒྱ་དང་ལྔ་བཅུ་ཙམ་ཡོད་པའི་རླུང་གློག་གི་གཤོག་པ་དེ་ཐོག་བརྩེགས་ལྔ་བཅུ་ཙམ་གྱི་ཐོག་ཁང་གི་མཐོ་ཚད་དང་མཚུངས། དེར་འདེགས་སྐྱོར་བྱེད་པའི་ཐཱན་ཚི་སྣ་ནི་ལེ་བར་སྟོང་གི་ཕྱི་རོལ་གྱི་རྡོ་འགྱུར་རྟེན་གཞི་ནས་བྱུང་བ་ཞིག་ཡིན། དེ་འདྲ་ཡིན་པ་མ་ཟད། རླུང་འཁོར་འཕྲུལ་ཆས་འདི་གཏོར་བ་ན། འཁོར་རྟེན་དང་ཧྥ་ལན། སོ་འཁོར། གློག་འཕྲུལ་སོགས་ལྷུ་ལག་བཅུ་ཆའི་དགུ་ཙམ་ནི་ངར་ལྕགས་དང་འཕྲུལ་ཆས་སོགས་སྲོལ་རྒྱུན་གྱི་བཟོ་གྲྭ་རྙིང་པ་བརྒྱ་དང་ཉི་ཤུ་ལྷག་ལས་ཐོན་པ་ཡིན། ཐོན་སྐྱེད་ནས་ཞིབ་འཇུག་གསར་སྤེལ་བར་ལས་ཞུགས་ལས་གནས་ཁྲི་ཕྲག་མང་པོར་སྐུལ་ཁྲིད་བྱས་ཏེ། ཆེད་ཁེ་སྟོང་ཕྲག་ཙམ་མཁོ་འདོན་བྱས་ཡོད། རླུང་གློག་ཙམ་མ་ཡིན་པར་ང་ཚོར་ཆ་རྒྱུས་ཡོད་པའི་“རྣམ་གསར་གསུམ་སྟེ་ནུས་ཁུངས་གསར་བའི་རླངས་འཁོར་དང་ལིས་གློག་གཡིས། ཉི་ནུས”བཅས་ཀྱང་སྲོལ་རྒྱུན་གྱི་ཐོན་ལས་ལས་བྱུང་བ་ཡིན།  གལ་ཏེ་ཀྲུང་གོའི་བཟོ་སྐྲུན་ཡོངས་རྫོགས་ལ་བལྟས་ན།  སྲོལ་རྒྱུན་ཐོན་ལས་ཀྱིས་བཅུ་ཆའི་བརྒྱད་ལས་བརྒལ་བའི་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བཟོ་ལས་བཟོ་ཁུལ་རྙིང་པར་ཐེངས་མང་ཕེབས་ནས“ངེས་པར་དུ་ཁྲོམ་རའི་ཟོང་རྟགས་སྐྲུན་ཕོད་པ་དང་། བཅོས་སྒྱུར་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ”བཅས་བྱས་ནས་བཟོ་ལས་རྟེན་གཞི་རྙིང་པ་སླར་ཡང་གསོན་ཤུགས་རྒྱས་པར་བཀོད་སྒྲིག་གནང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་རྒྱས་བཤད་གལ་ཆེན་བཏོན་པ་དང་བསྟུན་ནས།  སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན།  “སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ནི་སྲོལ་རྒྱུན་ཐོན་ལས་ལ་སྣང་ཆུང་དང་འདོར་དགོས་པ་མ་ཡིན་པར།  འུར་རྒྱག་ཐེངས་གཅིག་གིས་སྒྲུབ་པ་དང་ནང་སྟོང་ཅན་དུ་འགྱུར་བར་སྔོན་འགོག་བྱས་ནས་རྣམ་པ་གཅིག་ཏུ་མི་སྒྲུབ་པ་དང་། “ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། ” དེ་མ་ཟད“ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་རིམ་སྤོར་ཧུར་ཐག་བྱས་ཏེ་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ”དང“སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ”སོགས་ཀྱི་ཞིབ་ཕྲའི་ཐབས་ལམ་བཏོན་ཡོད།

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པུའུ་གསུམ་པའི་ཀྲུའུ་རེན་མའོ་ཁོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་ཡིན་པ་གསལ་བོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་གཙོ་བོའི་བྱེད་ནུས་རྒྱུན་མཐུད་ཆེ་རུ་བཏང་བ་དང་།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ། རང་རྒྱལ་གྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས་དང་ཉེན་འགོག་ནུས་པ། འཕེལ་རྒྱས་ཀྱི་མཉེན་ཆ་ཆེ་རུ་གཏོང་བ་བཅས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལས་སྲོལ་རྒྱུན་ཐོན་ལས་གཙོ་བོའི་ཚུལ་སྒྱུར་རིམ་སྤོར་ལ་དམིགས་གཏད་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད།  ངར་ལྕགས་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སོགས་ལྕི་བའི་བཟོ་ལས་ཀྱིས་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་པ་དང་། གློག་རྡུལ་ཆ་འཕྲིན་དང་འཕྲུལ་ཆས་སྒྲིག་ཆས་སོགས་ཀྱིས་རྩེར་སོན་དང་དཀོན་པའི་ཐོན་རྫས་ལ་ཤུགས་རྒྱག་དགོས།  དུས་མཚུངས་སུ།  ལས་རིགས་ཁག་གིས་རིག་ནུས་བཟོ་སྐྲུན་དང་། ལྗང་མདོག་བཟོ་སྐྲུན། ཞབས་ཞུ་ཅན་གྱི་བཟོ་སྐྲུན་བཅས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅིང་།  ལོ་གསར་བའི་ཚུན་ལ་གཙོ་གནད་ཐོན་ལས་ཀྱིས་ཡུལ་བབ་དང་བསྟུན་ནས་སྒྱུར་བཀོད་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད། 

ཉེ་སྔོན། ད་ལོའི་སྐོར་ཐེངས་གཉིས་པའི་“གསར་པ་གཉིས་”ཀྱི་སྒྲིག་ཆས་གསར་སྒྱུར་ལས་གཞིའི་གསལ་ཐོ་དང་མ་དངུལ་ཐེར་ཆེན་དགུ་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བཀོད་སྒྲིག་བྱས་ཟིན་མོད།  ཡིན་ཡང་ས་གནས་ཁག་གི་གསར་བརྗེའི་སྲིད་ཇུས་ཀྱང་རང་སོ་སོའི་ཐོན་ལས་ཀྱི་ཁྱད་ཆོས་ཐད་གཅིག་སྡུད་བྱས་ཡོད།  ནང་སོག་གིས་སོལ་གཏེར་རིག་ནུས་ཅན་གྱི་སྔོག་འདོན་སྒྲིག་ཆས་ཚང་མ་ནང་འཇུག་བྱས་ནས།  རིག་ནུས་གཏེར་རི་སྒྱུར་བཀོད་ལ་སྐུལ་འདེད་བཏང་། ཧི་ནན་དུ་འཁོར་སྟེགས་རྙིང་པ་དང་རང་འགུལ་ཅན་གྱི་གོང་འོག་རྒྱུ་ཆའི་མ་ལག བཟོ་ལས་འཕྲུལ་མིས་ཚ་ལ་རྒྱག་པའི་སྒྲིག་ཆས་སོགས་གསར་སྒྱུར་བྱེད་པར་ཁ་གསབ་ལེན་ཐུབ།  ད་ལོའི་ཟླ་1པོ་ནས་ཟླ4པའི་བར། སྒྲིག་ཆས་བཟོ་པའི་ཡོ་བྱད་ཉོ་སྒྲུབ་ཀྱི་དངུལ་གཏོང་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་ལྔ་འཕར་བ་དེས་དངུལ་གཏོང་ཡོངས་ཀྱི་བསྡུར་ཚད་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་གཉིས་ཟིན་ཡོད། ད་ལྟ་སྲོལ་རྒྱུན་ཐོན་ལས་ཀྱི་རིག་ནུས་བཟོ་སྐྲུན་དང་ལྗང་མདོག་བཟོ་སྐྲུན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། མིག་སྔར་རང་རྒྱལ་གྱི་བཟོ་ལས་ཁེ་ལས་གྲངས་འཛིན་ཅན་གྱི་ཞིབ་འཇུག་གསར་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་བརྒྱ་ཆའི་གྱ་ལྔ་ཡས་མས་སུ་སླེབས་པ་དང་། ཁྱིམ་སྤྱོད་གློག་ཆས་དང་ཟས་རིགས་སོགས་ཁྱབ་ཁོངས་སུ“ཆུ་ཚད་མཐོ་བའི་བཟོ་གྲྭ”སྐོར་ཞིག་བྱུང་། ལྕི་བའི་བཟོ་ལས་ཁྱབ་ཁོངས་སུ་ད་དུང“ལྡུམ་རའི་རྣམ་པའི་བཟོ་གྲྭ”མང་པོ་ཞིག་བྱུང་ཡོད་པ་སྟེ། སྔོ་ལྗང་གི་རི་ཆུ་བར་གྱི་ངར་ལྕགས་བཟོ་གྲྭ་དང་། མཐོངས་ཡངས་རྡོ་སོལ་གཏེར་ཁའི་འགྲམ་གྱི་སྐས་ཞིང་། བཙོ་སྦྱང་རྫས་འགྱུར་བཟོ་གྲྭའི་ནང་གི་སྐྱར་མོའི་ར་བ་སོགས་ཡོད། 

ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྲིན་ཧའེ་བཙོ་སྦྱོང་ཚན་རྩལ་པུའུ་ཡི་སྤྱི་གཉེར་བ་གཞོན་པ་ཧོང་ཨའེ་པིན་གྱིས་བཤད་རྒྱུར། ད་ལྟ་ང་ཚོས་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་སྲ་སྙིགས་དང་ཆུ་སྙིགས་ཚང་མ་ཐོན་ཁུངས་ཅན་གྱི་བེད་སྤྱོད་མངོན་འགྱུར་བྱུང་ཡོད། ངའི་ལག་ཏུ་བཟུང་བའི་སྐྱེ་དངོས་མཁའ་འགྲུལ་རྡོ་སོལ་འདི་ལྟ་བུ་རེད། ད་ལོར་ང་ཚོའི་ལྗང་མདོག་རྩེར་སོན་གྱི་རྒྱུ་ཆ་གསར་པ་དེས་གཉེར་སྐྱོང་ཡོང་འབབ་འཕར་རྒྱུར་བྱས་རྗེས་འཇོག་ཚད་བཅུ་ཆའི་དྲུག་ལས་བརྒལ་ཡོད། 

ད་ལྟ་སྲོལ་རྒྱུན་ཐོན་ལས་ནང་གི“ནང་དོན་གསར་པ”རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། ཅང་སུའུ་ཧྲེང་ཙེ་གྲོང་རྡལ་ནི་གོ་ལ་ཧྲིལ་པོའི་འཁལ་འཐག་ལས་རིགས་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྲས་ཀྱི་གཅིག་ཡིན། གནས་འདིར་བསྐྱོད་ཚེ། འཁལ་འཐག་ཐོན་རྫས་སྐོར་གྱི་འཛད་མཐའ་མེད་པའི་འཆར་སྒོ་འབྱེད་ཐུབ་པ་སྟེ། ཡང་ཞིང་མཉེན་པའི་ལག་ཤུབས་ཀྱིས་འཕྲུལ་ཆས་ཀྱིས་གཅོད་པའི་རྡེག་རྡེབ་ཀྱི་ཚོར་བ་མྱོང་ཐུབ་པ་དང་། ངར་ལྕགས་ལས་ལྡབ་15ཡན་གྱིས་ཆེ་བའི་སྐུད་པ་མིའི་གཟུགས་འཕྲུལ་མིའི་སྟེང་དུ་བཀོལ་ཡོད། “དར་སྐུད་”གཅིག་ཐོན་ལས་གསར་པ་བཅུ་གྲངས་ནང་འདྲེས་ཡོད། ད་ལྟའི“རྡོ་སོལ། སྒུལ་ཤུགས་གློག་སྨན་གྱི་འགག་རྩའི་ལྡོག་སྣེ་དང་གནམ་གྲུ་ཆེན་པོའི་འགྱིག་འཁོར་གྱི་ལྟེ་བའི་རྒྱུ་ཆར་འགྱུར་བ་དང་། ཆ་སྙོམས་ཟུར་སྣོན་རིན་ཐང་ལྡབ་40ཙམ་འཕར་ཡོད་པས། ཚན་རྩལ་གསར་གཏོད་ཀྱིས་སྲོལ་རྒྱུན་ཐོན་ལས་ནང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱས། ད་ལྟ་སྲོལ་རྒྱུན་ཐོན་ལས་དང་ཞབས་ཞུའི་ལས་རིགས་ཀྱང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ལྷམ་བཟོ་ཁང་འདིས་ཐོན་རྫས་ཁོ་ན་བཙོང་བ་ནས་ཁྱད་བཟོ་མཁོ་འདོན་དང་གཟུགས་གཞིར་ལྟ་ཞིབ་ཚད་ལེན་བྱེད་པའི་བར་དུ། ད་ལྟ་ལོ་གཅིག་གི་ནང་ལྷམ་ཆ་དུང་ཕྱུར་གསུམ་བྱེ་བ་ལྔ་ཕྱིར་འཚོང་བྱེད་ཀྱིན་ཡོད། ཁྲོམ་ར་གསར་འབྱེད་ཐུབ་པར་མ་ཟད་ལས་རིགས་ལས་བརྒལ་བའི་མཉམ་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་ཀྱང་བྱེད་ཀྱིན་ཡོད། ཁྲང་ཧྲ་དང་ཧྥོ་ཧྲན་སོགས་ས་ཆར་ཉིན་འདི་དག་གི་རིང་ལ། རིག་ནུས་ཁྱིམ་ཆས་ཞབས་ཞུའི་རིན་མེད་གསོ་སྦྱོང་འཛིན་གྲྭ་མང་པོ་བཙུགས་ནས་རིག་ནུས་འཁོར་སྐྱོད་བཟོ་སྐྲུན་པ་ནས་ལྗང་མདོག་ཚུར་བསྡུ་བཟོ་སྐྲུན་པའི་བར་དུ། ལས་རིགས་གསར་པ་རེ་རེས་སློབ་ཐུན་རེ་རེ་བཀང་ཡོད་ལ། དཔྱད་ཞིབ་བྱས་པ་བརྒྱུད་ཁེ་ལས་ཀྱིས་ཐད་ཀར་ཡུལ་དངོས་ནས་མི་བསྡུ་བཞིན་ཡོད།

ཁྲང་ཧྲ་གྲོང་ཁྱེར་རིག་ནུས་ཁྱིམ་ཆས་ཞབས་ཞུ་ལྟེ་གནས་ཀྱི་འགན་ཁུར་བ་ལུའོ་ཡུས་མེ་ཡིས་བཤད་རྒྱུར། མིག་སྔར་ཁྲང་ཧྲ་རུ་སྲོལ་རྒྱུན་རྒྱན་སྤྲས་ཁེ་ལས་ཀྱི་བཅུ་ཆའི་བདུན་ལས་བརྒལ་བ་རིག་ལྡན་ཁྱིམ་ཆས་སུ་སྒྱུར་བཞིན་ཡོད་པས། ང་ཚོས་རིགས་བསྒྱུར་བྱེད་པར་“བཟོ་སྐྲུན་དང་ཞབས་ཞུ་”ཡི་སྣ་འདུས་ཅན་གྱི་ཤེས་ལྡན་མི་སྣ་དགོས་མཁོ་ཤིན་ཏུ་ཆེ། གཞོན་ནུ་དང་དགེ་རྒན་རྒན་གྲས་མང་པོར་ད་དུང་ལས་གནས་གསར་པ་ཡོད་པས“ཕྱོགས་གཉིས་སུ་སྐྱོད་པ”མངོན་འགྱུར་བྱུང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར། རང་རྒྱལ་གྱིས་འདེམས་སྒྲུག་བྱས་པའི་ཞབས་ཞུ་རྣམ་པའི་བཟོ་སྐྲུན་དཔེ་སྟོན་ཁེ་ལས་372ཀྱིས་ཞབས་ཞུའི་ལས་སྒོ་གཉེར་བར་ལེགས་སྐྱེས་འབུལ་ཚད་60%ཟིན་ཏེ། སྲོལ་རྒྱུན་ཐོན་ལས་ལ་རྒྱུན་ཆད་མེད་པར་འཕར་སྣོན་ཡོང་བའི་གསོན་ཤུགས་གསར་པ་སྣོན་བཞིན་འདུག རིམ་སྤོར་དང་། སྤུས་འདེགས། ནུས་བསྐྱེད་བཅས་ཀྱི་ཐད་ད་ལོར་གཏེར་ལས་དང་གྲུ་གཟིངས་སོགས་ཐོན་ལས་ཀྱིས་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། རྨང་གཞིའི་རྒྱུ་ཆ་དང་བཟོ་ལས་འཕྲུལ་འཁོར་སོགས་ཁྱབ་ཁོངས་གཙོ་བོ་རུ། ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་སྔར་ལས་མང་བའི་སྲོལ་རྒྱུན་ཐོན་ལས་ལ་འཕོ་འགྱུར་བྱུང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།