《ཞི་ཅིན་ཕིང་གི་རིག་གནས་ཐུགས་བརྩེ》དང《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན》ཞེས་པ་སེར་ཝེ་ཡར་སྤེལ་འགོ་ཚུགས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྔ་ནུབ་སྟེ། ས་དེའི་དུས་ཚོད་ཟླ་5པའི་ཚེས་20ཉིན། ཀྲུང་གོ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་པའི་ཆེད་སྒྲིག་ལེ་ཚན《ཞི་ཅིན་ཕིང་གི་རིག་གནས་ཐུགས་བརྩེ》དང《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན》ཞེས་པ་གཏོང་འགོ་རྩོམ་པའི་བྱེད་སྒོ་པེ་ཨར་ཀེ་ལེ་ཏི་རུ་སྤེལ།

《ཞི་ཅིན་ཕིང་གི་རིག་གནས་ཐུགས་བརྩེ》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ལ་མངའ་བའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཡིད་སེམས་གསོ་བའི་གཏམ་རྒྱུད་བདམས་ནས་ཁོང་གིས་“རིག་གནས་དར་ན་རྒྱལ་ཁབ་དར་བ་དང་། རིག་གཞུང་སྟོབས་ནས་མི་རིགས་སྟོབས་པའི”བསམ་གཞིགས་ཟབ་མོ་དང་། རིག་གནས་ཤུལ་བཞག་ལ་གཅེས་སྤྲས་དང་། ལོ་རྒྱུས་ཀྱི་སྲོག་རྩ་རྒྱུན་འཛིན་བྱེད་པའི་ཐུགས་བརྩེ་ཟབ་མོ་བཅས་མངོན་ཏེ། རྒྱལ་སྤྱིའི་ལྟ་མཁན་དང་ཉན་མཁན་རྣམས་ལ་ཁོང་གི་རིག་གནས་དགོངས་པའི་ལྟེ་བའི་སྙིང་པོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་ཟབ་མོའི་རིག་གནས་ཀྱི་རྩ་བ་ཟབ་མོ་གསལ་འགྲེལ་བྱས་ཡོད། 

《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་མང་པོའི་སྒྱུ་རྩལ་པ་དང་གཞོན་ནུ་ལོ་ཆུང་ལ་སྤྲིངས་པའི་འཕྲིན་ལན་དང་། དེ་མིན་འཛམ་གླིང་གི་རྒྱ་རིག་པའི་མཁས་ཅན་ཚོགས་ཆེན་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་སོགས་ཀྱི་ནང་དོན་ལེགས་པར་བདམས་ཡོད་ལ། དེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ཁྲོད་ཀྱི་མཛའ་བརྩེ་ལ་སྐུལ་འདེད་དང་དམངས་སེམས་གཅིག་མཐུན་ལ་ཡར་སྐུལ་གནང་བའི་ཕྱི་འབྲེལ་གྱི་འདུ་ཤེས་དང་དུས་རབས་གསར་པའི་ཀྲུང་གོའི་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་འགན་འཁུར་པའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་མཚོན་ཡོད།

བྱེད་སྒོར་ཞུགས་པའི་ཀྲུང་གོང་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་ཚོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་གལ་ཆེན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཡིས་འཛམ་གླིང་ལ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རླབས་ཆེན་འཆར་བཀོད་གནང་ཡོད། ཐེངས་འདིའི་འགྲེམས་སྤེལ་གྱིས་སེར་ཝེ་ཡའི་ལྟ་མཁན་དང་ཉན་མཁན་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་ལག་ལེན་དེ་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པར་རམ་འདེགས་ཐུབ་ངེས། 

དེ་རིང་ནས་བཟུང《ཞི་ཅིན་ཕིང་གི་རིག་གནས་ཐུགས་བརྩེ》དང་། 《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན》ཞེས་པ་སེར་ཝེ་ཡའི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང《ཆབ་སྲིད་ཚགས་པར》དྲ་ཚིགས་སོགས་ལས་སྟེགས་གཙོ་བོ་རུ་སྔ་གཞུག་ཏུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།