ཟླ5པའི་ཚེས21ཉིན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་བརྡ་ཁྱབ་བཏང་ཞིང་། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་སྒྲོག་བྱས་པའི《2026ལོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》གཞིར་བཟུང་།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《གློག་འཕྲིན་སྲོལ་ཡིག》《གློག་འཕྲིན་དང་དྲ་སྦྲེལ་སྤྱོད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གཏན་འབེབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུAPPདངSDKཡིས་ཁྲིམས་འགལ་སྒྲིག་འགལ་གྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་སོགས་ཀྱི་གནད་དོན་བཅོས་སྐྱོང་བྱ་རྒྱུ་ཡིན་པ་རེད།
ཉེ་ཆར། ཕྱོགས་གསུམ་པའི་ཞིབ་དཔྱད་ཚད་ལེན་ལས་ཁུངས་སྒྲིག་འཛུགས་བྱས་ནས་འཐེན་བཤེར་བྱས་པ་བརྒྱུད། ཁྱོནAPPདངSDK31གིས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་སྟེ་ཐེར་འདོན་བྱས་འདུག
གོང་གསལ་གྱིAPPདངSDKདེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། དག་ཐེར་དོན་འཁྱོལ་གནད་ལ་འཁེལ་མེད་ན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྲིམས་སྲོལ་ལྟར་འབྲེལ་ཡོད་གནད་དོན་སྒྲིག་འཛུགས་ཐོག་ཐག་གཅོད་བྱ་རྒྱུ་རེད།
