གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མཚོ་སྔོན་གྱི་ས་ཁུལ་ཁྱད་ཆོས་དང་དཀའ་ཁག་ཅན་གྱི་ན་གཞོན་གྱི་དགོས་མཁོ་ལ་གཞིགས་ནས། སྤྱི་ཚོགས་ཀྱི་བརྩེ་སེམས་ཐོན་ཁུངས་གཅིག་བསྡུས་དང་སློབ་ཞུགས་རོགས་སྐྱོར་རྣམ་གྲངས་ཀྱི་ཟོང་རྟགས་མང་བོ་གཅིག་གྱུར་བཀོད་འདོམས་བྱས་ཏེ། སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་བཅས་སློབ་གསོའི་རིམ་པ་སོ་སོའི་རོགས་སྐྱོར་ཞབས་ཞུའི་ཐོན་ཁུངས་མ་ལག་བསྐྲུན། 2025ལོའི་ཟླ1པོ་ནས་2026ལོའི་ཟླ5བའི་ཚེས21ཉིན་བར། ཁྱོན་སྡོམ་སྤྱི་ཕན་མ་དངུལ་སྒོར་ས་ཡ་དྲུག་འབུམ་དྲུག་ཁྲི་ལྔ་སྟོང་གཅིག་ལྔ་བརྒྱ་བསྡུ་རུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཅན་གྱི་སློབ་མ་ལྔ་སྟོང་དྲུག་བརྒྱ་སོ་གཅིག་ལ་ཕུགས་བསམ་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱས།
རྨང་གཞིའི་སློབ་གསོའི་རོགས་སྐྱོར་ཕྱོགས་ནས། གཙོ་བོ“ཧུང་ཧྥང་སློབ་ཞུགས་རོགས་སྐྱོར་འཆར་གཞི”ལག་བསྟར་བྱས་ཏེ། རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་འབུམ་དགུ་ཁྲི་བཞི་བསྡུ་རུབ་བྱས་ཏེ། སྔར་གྱི་རྒྱལ་ཁབ་དབུལ་ཕོངས་རྫོང41གི་སློབ་ཆུང་ལོ་རིམ་དང་པོའི་དཀའ་ཁག་ཅན་གྱི་སློབ་མ་བུ་མོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ལ་ངེས་གཏན་རོགས་སྐྱོར་བྱས་པ་དང་། ད་དུང་བརྩོན་བསྐྱེད་སློབ་གསོ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། འོས་འགན་སློབ་གསོ་རིམ་པའི་དཀའ་ཁག་ཅན་གྱི་སློབ་མ་གཞན་དག་ལ་དམིགས་ཏེ། རེ་སྙེག་ལས་གཞིའི“1+1”གི་སློབ་ཞུགས་རོགས་སྐྱོར་དང་“རེ་བའི་སྐར་ཆུང་མཐོ་འབྲིང་འཛིན་གྲྭ”སོགས་རྒྱུན་སྲོལ་སློབ་ཞུགས་རོགས་སྐྱོར་ལས་གཞི་ལ་བརྟེན་ནས། སློབ་ཞུགས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བདུན་ཁྲི་གཉིས་སྟོང་གཅིག་ལྔ་བརྒྱ་བྱིན་པ་དང་། སློབ་ཆུང་མཐོ་འབྲིང་རིམ་པའི་དཀའ་ཁག་ཅན་གྱི་སློབ་མ་འདུས་ཡོད།
མཐོ་རིམ་སློབ་གསོའི་རོགས་སྐྱོར་ཁྱབ་ཁོངས་ནས། སློབ་ཆེན་གྱི་གསར་ཞུགས་སློབ་མའི་སློབ་ཞུགས་དཀའ་ཁག་ལ་གཞིགས་ཏེ། “ཀྲུང་གོའི་མོ་ཐེ་རྒྱལ་འདེགས་ཀ་བ་ཞེས་པའི་རེ་སྙེག་ལས་གཞིའི་རྨི་ལམ་མངོན་འགྱུར་སློབ་ཆེན”སོགས་ཀྱི་སྤྱི་ཕན་རྣམ་གྲངས་ལས་མ་དངུལ་སྒོར་ཁྲི130བཏང་ནས་དཀའ་ངལ་ཡོད་པའི་གསར་ཞུགས་སློབ་ཆེན་སློབ་མ245ལ་རོགས་སྐྱོར་བྱས་ཡོད། གློ་བུར་དུ་གོད་ཆག་བྱུང་བའི་ཁྱིམ་ཚང་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་སློབ་མར་དམིགས་ནས། རེ་སྙེག་ལས་གཞིའི་མཉམ་མཉམ་གནས་འགུལ་སྐྱོད་སློབ་སྦྱོང་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས་མཐིལ་རྟོགས་བྱས་པ་བརྒྱུད། དཀའ་ངལ་ཡོད་པའི་སློབ་མ་ཁག་ཅིག་ལ་སློབ་ཞུགས་རོགས་དངུལ་སྤྲད་དེ། དོན་དངོས་ཀྱི་སྟེང་སློབ་ཆེན་སློབ་མ་དེ་དག་ལ་དཀའ་ངལ་སེལ་རོགས་བྱས་ཡོད། དུས་མཚུངས་སུ་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“སློབ་གྲྭས་ཐོག་མའི་ཞིབ་བཤེར་དང་། རྫོང་དང་གྲོང་ཁྱེར་རིམ་པའི་གུང་གཞོན་ཚོགས་པས་ཡང་བསྐྱར་ཞིབ་བཤེར། ཞིང་ཆེན་རིམ་པའི་ན་གཞོན་ཐེབས་རྩ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས། སྤྱི་ཚོགས་ཀྱི་ལྟ་སྐུལ”བཅས་ཀྱི་རིམ་པ་བཞིའི་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ། རོགས་སྐྱོར་ཐོབ་པའི་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། རོགས་སྐྱོར་ཐོབ་པའི་མིང་ཐོ་ཚང་མ་འབྲེལ་ཡོད་སྟེགས་བུའི་ཐོག་གཅིག་གྱུར་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ཏེ། སྤྱི་ཕན་མ་དངུལ་དུས་ཐོག་ཏུ་སྤྲོད་པར་ཁག་ཐེག་བྱས།