ཞིང་ཆེན་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས19ཉིན།  ཞིང་ཆེན་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཞོད་ཐན་སྔོན་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་པ་དང་།  དེང་སྐབས་ཀྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།   རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།    ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞོད་ཐན་སྔོན་འགོག་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་དོན་འཁྱོལ་བྱ་བ་དམ་འཛིན་བྱེད་བཞིན་ཡོད།  ན་ནིང་གི་ཆར་ཆུ་མོད་པའི་དུས་སྐབས་སུ།   རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་དང་།   དཔལ་འབྱོར་ལ་ཐད་ཀར་གནོད་འཚེ་ཐེབས་ཚད་དེ་ལོ་སྔོན་མ་ལྔ་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་པས།  གྲུབ་འབྲས་བླངས་པར་ཁས་ལེན་བྱེད་འོས་ཞེས་བསྟན།

གྲོས་ཚོགས་ལས་དེང་སྐབས་མཚོ་སྔོན་ཆར་ཆུ་མོད་པའི་གནད་འགག་གི་དུས་སྐབས་སུ་སླེབས་ལ་ཉེ་བས།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་གཙོར་བཟུང་སྟེ་ཞོད་འགོག་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས།  ཞིང་ཆེན་ཡོངས་ཀྱི་ཞོད་ཐན་སྔོན་འགོག་གནས་བབ་སྟངས་འཛིན་བྱེད་པ་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར།   ཚད་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོར་འཛུགས་པ་དང་།   ཉེན་ཁ་ཆེ་བའི་ས་ཁོངས་དང་གནས་གཙོ་བོ།  དངོས་འཐབ་ཀྱི་དགོས་མཁོ་བཅས་ལ་དམ་པོར་དམིགས་པ།   གནོད་འཚེའི་ཉེན་ཁ་འགོག་སྡོམ་ལ་ཤུགས་སྣོན་པ།   འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ།  ཁ་གཏད་འཇལ་ཐབས་གྲ་སྒྲིག་ལེགས་པོ་བྱེད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཞོད་ཐན་སྔོན་འགོག་བྱ་བའི་འགོག་ཐིག་བརྟན་པོར་འཛུགས་དགོས།  ཆུ་རགས་རེ་རེ་དང་ཉེན་ཁའི་གནས་རེ་རེ།   མངོན་མེད་རྐྱེན་ངན་ཡོད་པའི་གནས་རེ་རེ་བཅས་སུ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་།    ཞོད་འགོག་གནོད་སེལ་གྱི་ཞན་ཆ་ཁ་གསབ་བྱེད་པ།  ལས་རེས་ལས་སྲུང་ལ་ཤུགས་སྣོན་པ། བློ་ཐག་རྦད་ཆོད་སྒོས་འགོར་ཞུ་དང་ཆད་ཞུ།   རྫུན་ཞུ།   གསང་ཞུ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་པ། བྱ་བའི་བྱེད་ཐབས་ཀྱི་གཏན་འཁེལ་རང་བཞིན་དང་མདུན་ལྟའི་རང་བཞིན་ལ་བརྟེན་ནས། གནོད་འཚེའི་དོན་རྐྱེན་གྱི་སྐབས་བསྟུན་རང་བཞིན་དང་ཐོལ་བྱུང་རང་བཞིན་ལ་ནུས་ལྡན་ཁ་གཏད་འཇལ་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།