ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་ལྔ་པ་ཚོགས་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས18ཉིན།   ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་ལྔ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཟུར་ཁྲིད་གཏམ་བཤད་བྱས།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭའི་དུས་ཡུན་ཉིན་ལྔ་ཡིན་པ་དང་།   སློབ་ཁྲིད་ཀྱི་ནང་དོན་གནད་འཁེལ་བཀོད་སྒྲིག་བྱེད་པར་དམིགས་ཏེ་གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད།   འཛིན་གྲྭའི་བགྲོ་གླེང་སོགས་རྣམ་པ་མང་པོ་ཡོད། གསོ་སྦྱོང་སྐབས་སུ།   གསོ་སྦྱོང་ལ་ཞུགས་མཁན་ང་བཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་ཡིན་པ་དང་།    མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་བྱེད་པ།    འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་སོགས་ནང་དོན་ལ་སློབ་སྦྱོང་བྱེད་རྒྱུ་མ་ཟད།    བརྗོད་དོན་ལ་དམིགས་ནས་འཛིན་གྲྭ་ཡོངས་ཀྱིས་གཅིག་བསྡུས་སྒོས་བགྲོ་གླེང་བྱེད་རྒྱུ་རེད། 

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་མཐོང་ཆེན་བྱས་ནས།  ལོ་ལྔའི་རིང་བསྡོམས་པས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགོ་ཁྲིད་ལས་བྱེད་པ་མི་ཐེངས་ཉིས་བརྒྱ་བདུན་ཅུ་ལྷག་ལ་གསོ་སྦྱོང་བྱས།  ཐེངས་འདིའི་བགྲོ་གླེང་འཛིན་གྲྭས་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་དངོས་ཡོད་གནས་ཚུལ་དང་ལོ་གཅིག་གི་བྱ་བ་གཙོ་བོ་གཅིག་བསྡུས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བླང་བྱ་གཙོ་བོར་དམིགས་ནས། རྒྱ་ཆེའི་གསོ་སྦྱོང་ལ་ཞུགས་མཁན་རྣམས་ལ་གཞུང་ལུགས་དང་བྱེད་ཐབས།   བླང་བྱ་བཅས་ཁྲིད་དེ་ཁོ་ཚོས་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ནུས་པ་དང་། ཁྲིམས་ལྟར་མི་རིགས་ལས་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་བཏང་བ་དང་།  མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྐང་འཛིན་སྟོབས་ཤུགས་སྐོར་ཞིག་གསོ་སྐྱོང་བྱས་པ་དང་ལས་བྱེད་པའི་བསམ་བློའི་མཐོང་རྒྱ་ཆེ་རུ་བསྐྱེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།