ཟླ5པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་རེ་དྲུག་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ལིའུ་ཐུང་ཏི་དང་། ཀྲང་ཧོང་ཡོན། ཝང་ཅིང་ཀྲའེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་དོན་ཚན་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མ་ཡིག་ཐེངས་གཉིས་པའི》བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉བྱེད་ཐབས་ལག་བསྟར་བཟོ་བཅོས་འཆར་ཟིན》གྱི་འཆར་འགོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》དང་། 《མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིག》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་བཟོ་བཅོས།》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་སྲུང་སྐྱོབ་སྲོལ་ཡིག》《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མཁར་གྲོང་རྣམ་པའི་དོ་དམ་སྲུང་སྐྱོབ་སྲོལ་ཡིག》《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས〈མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》དང་། 《ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པས〈ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་དོ་དམ་སྲུང་སྐྱོབ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད།》《ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བརྒྱད་པས〈ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་སྒྲིག་བཀོད་དོ་དམ་སྲུང་སྐྱོབ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》བཅས་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་མ་ཟད། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་། མི་དོན་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུས་བཙུགས་པའི་གྲོང་ཁྱེར་དང་། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོའི་ཐག་གཅོད་འཆར་ཟིན》གྱི་གྲོས་གཞིའི་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་གྲོས་དོན་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འཐད་པ་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཉིན་རེའི་ལས་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རེན་གྲོས་ཚོགས་ལས་ཉིན་རེའི་ལས་རིམ་བཀོད་སྒྲིག་གི་འཆར་ཟིན་འདི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་སྟེར་བ་དང་གཏོང་སྤྲོད་སྔོན་རྩིས་འོས་འཚམ་ལེགས་སྒྲིག་སྐོར་གྱི་སྙན་ཞུ》སོགས་ཕྱིར་འགྱངས་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན་ཞིང་། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་སྙན་ཞུར་འཐད་པ་བྱུང་།
གྲོས་ཚོགས་ལས《ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་དང་ཞིབ་དཔྱོད་བསམ་འཆར་དང་གྲོས་གཞིའི་ཕྱོགས་གཉིས་སྦྲེལ་མཐུད་རྣམ་སྒྱུར་བྱ་བའི་གནས་སྐབས་ལག་བསྟར་བྱེད་ཐབས》འཆར་འགོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རེན་གྲོས་ཚོགས་ལས་སྙན་ཞུ་འདིར་འཐད་པ་བྱུང་།