ཟླ5པའི་ཚེས18ཉིན། ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་ལ་དཔྱད་ཞིབ་གདེང་འཇོག་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཀྱི་གྲོས་ཚོགས་དགོངས་དོན་དོན་འཁྱོལ་བྱས་ལ། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་ཏེ། བར་བརྒལ་དུས་སྐབས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཕྱོགས་སུ་རྣམ་སྒྱུར་བྱེད་པར་ནུས་ལྡན་སྦྲེལ་མཐུད་བྱེད་པའི་བྱ་བ་གཏན་འཇགས་རྒྱུན་མཐུད་ངང་སྤེལ་བར་འགན་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་བར་བཀོད་སྒྲིག་བྱས།
ཝུའུ་ཞའོ་ཅུན་གྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བ་སྤེལ་བ་ནི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་ཀྱང་ཡིན་པས། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་ཏེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་རིམ་དུ་སླེབས་སྐབས་བྱ་བའི་བླང་བྱ་ཇེ་དམའ་རུ་སོང་མེད་པར་སྔར་ལས་ཇེ་མཐོར་སོང་ཡོད་པ་དང་། བྱ་བའི་དཀའ་གནད་ཇེ་ཆུང་དུ་སོང་མེད་པར་སྔར་ལས་ཇེ་ཆེར་སོང་ཡོད་པ། བྱ་བའི་འགན་འཁྲི་ཇེ་ཡང་དུ་སོང་མེད་པར་སྔར་ལས་ཇེ་ལྕི་རུ་སོང་ཡོད་པ་བཅས་ལ་ངོས་འཛིན་ཟབ་མོ་བྱེད་དགོས་ཤིང་། ངེས་པར་དུ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་གྲུབ་འབྲས་བཟང་བོ་འཐོབ་པར་བྱེད་དགོས། ཁྱབ་ཁོངས་གཙོ་བོར་དམིགས་ནས་རྒྱུན་མཐུད་ངང་ཤུགས་འདོན་པ་དང་འབྲུ་རིགས་བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་བ། རོགས་སྐྱོར་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་གནད་འཁེལ་ངང་ལེགས་པར་སྒྲུབ་པ། ཐོན་ལས་རོགས་སྐྱོར་ཆུ་ཚད་ཇེ་མཐོར་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ། གཞི་རྩའི་འགན་སྲུང་ལས་དོན་ལེགས་པར་སྒྲུབ་པ། རོགས་སྐྱོར་རྫོང་གཙོ་བོ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། བྱ་བ་སྣ་ཚོགས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། རིམ་པ་ལྔའི་ཧྲུའུ་ཅིའི་འགན་འཁྲི་ཇེ་དམ་དུ་གཏོང་བ། སྲིད་ཇུས་མཐུན་སྦྱོར་མ་ལག་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་བྱ་བའི་ཕན་ནུས་ཆེ་རུ་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་འགོ་ལེགས་པོ་རྩོམ་པར་འགན་ལེན་བྱེད་དགོས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་རྒྱ་བསྐྱེད་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། བློ་བརྟན་འགྱུར་མེད་སྒོས་བསམ་བློའི་སྟེང་ལྷོད་གཡེང་བྱེད་པ་དང་བྱ་བ་སྣང་མེད་དུ་འཇོག་པ་སྔོན་འགོག་བྱེད་དགོས་པར་མ་ཟད། གཅིག་ཤེས་ཀུན་གྲོལ་དང་བདེན་འཚོལ་དངོས་གཉེར་སྒོས་དཔྱད་ཞིབ་གདེང་འཇོག་སོགས་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་བྱས་ཏེ། དག་ཐེར་ལེགས་བཅོས་ལ་བརྟེན་ནས་བྱ་བའི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས། ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་མ་ལག་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། རོགས་སྐྱོར་གྱི་གནད་འཁེལ་རང་བཞིན་དང་དུས་ཆོད་རང་བཞིན་མཐོར་འདེགས་གཏོང་དགོས། རོགས་སྐྱོར་ཐོན་ལས་མུ་ཕྲེང་ལག་བསྟར་བྱས་ཏེ་ཞིང་ཕན་འབབ་འཕར་བཟོ་སྐྲུན་གསར་སྤེལ་བྱས་ནས། རོང་འབྲོང་མང་ཚོགས་ལ་ཐོན་ལས་ཀྱི་རིན་འཕར་ཁེ་ཕན་སྔར་ལས་མང་པོ་ལོངས་སུ་སྤྱོད་དུ་འཇུག་དགོས། གོ་རིམ་ལྡན་པའི་ངང་ཕྱི་རུ་ཞོར་ལས་ལ་འགྲོ་བ་དང་རང་ས་གནས་སུ་ལས་ཞུགས་བྱེད་པའི་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བར་སྟོང་རྒྱ་བསྐྱེད་དགོས། རོགས་སྐྱོར་རྫོང་གཙོ་བོའི་འཕེལ་རྒྱས་ལ་གཅིག་བསྡུས་སྒོས་རྒྱབ་སྐྱོར་བྱས་ཏེ། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། མཐོ་སྒང་གི་འཆམ་མཛེས་གྲོང་གསེབ་བསྐྲུན་པར་ཤུགས་བསྣན་ནས་དེང་རབས་ཅན་གྱི་འཚོ་བའི་ཆ་རྐྱེན་དང་། སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱེད་དགོས། ཤར་ནུབ་རྒྱུད་རོགས་ལས་དང་གནས་གཏན་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར། སྡེ་སྡོད་རོགས་སྐྱོར་བཅས་རོགས་སྐྱོར་སྟོབས་ཤུགས་བཞི་རྒྱུན་མཐུད་ངང་བེད་སྤྱོད་ལེགས་པོ་བྱེད་པ་དང་། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་དུས་གཏན་དུ་བརྟན་སྲུང་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་། ཚེ་རིང་ཐར་གྱིས2025ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་དངོས་འབྲས་དཔྱད་ཞིབ་གནས་ཚུལ་བསྒྲགས། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་བཅས་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ལིའུ་མེ་ཕིན་དང་ཝུའུ་ལ་ཙི་པིའེ་ཁོ.རེ་སུའུ་ལི་ཧན་གཉིས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།