ཟླ5པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་རེ་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་། ཝང་ཅིང་ཀྲའེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། རང་བྱུང་གནོད་འཚེ་སྔོན་འགོག་དང་དེར་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་བར་ཤུགས་འདོན་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་རྐྱེན་ངན་ལེབ་བཤེར་ལེགས་བཅོས་དམ་འཛིན་སོགས་ཀྱི་བྱ་བའི་བླང་བྱ་དང་། དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། དམངས་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། གཞི་གཅིག་ཏུ་སློབ་སྦྱོང་བྱས་ནས་གོ་རྟོགས་བསྐྱེད་པ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་འཕེལ་རྒྱས་ལ་ནུས་པ་སྩོལ་བ། ཆོད་ཆེའི་ལྟ་སྐུལ་ལ་བརྟེན་ནས་དོན་འཁྱོལ་ལ་རོགས་སྐུལ་བྱེད་པ། གནད་འཁེལ་འགན་སྒྲུབ་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། དམངས་ཆེན་གྱི་ཁྲིམས་བཀོད་འགན་ནུས་ལ་རྐང་ཚུགས་པ། བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་གནོད་སེལ་རྒུད་སྐྱོབ། འཕྲལ་བསྟུན་དོ་དམ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དང་དྲིལ་སྒྲོག་སློབ་གསོའི་བྱ་བ་དམ་འཛིན་བྱས་ནས། ཁྲིམས་སྐྱོང་འགན་སྲུང་ཤུགས་དྲག་ཏུ་གཏོང་དགོས། ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ན་གཞོན་ལས་བྱེད་པའི་སློབ་གསོའི་དོ་དམ་ཐད་ཤུགས་སྣོན་པ། སྐྱེད་སྲིང་ལམ་སྲོལ་འཐུས་ཚང་འཛུགས་པ། མ་ལག་སྐྱེད་སྲིང་དང་ལག་ལེན་སྦྱོང་བརྡར། ལས་གནས་སྦྱོང་བརྡར་བཅས་ཤུགས་དྲག་ཏུ་བཏང་ནས། ན་གཞོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས།
གྲོས་ཚོགས་ལས་ད་དུང《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ》སོགས་ལ་གྲོས་ཞིབ་བྱས།