སྨན་བཅོས་འགན་བཅོལ་ལ་བརྟེན་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་གདེང་ཚོད་ཡོད་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 ཟླ5པའི་ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་རྒྱུས་ལོན་པ་ལྟར་ན། བསྒྱུར་བཅོས་ཁག་གཏིང་ཟབ་ཏུ་སྐུལ་འདེད་བྱུང་བ་དང་། འགན་སྲུང་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་པ། དོ་དམ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་འཕར་བ། ཐེབས་རྩའི་འཁོར་སྐྱོད་བདེ་འཇགས་བརྟན་པོ་ཡིན་པ་རེད། ངེས་པ་དོན་གྱི་སྲིད་ཇུས་བྱེད་ཐབས་སྤྱད་དེ། མང་ཚོགས་ལ་སྨན་བཅོས་བྱེད་པར་འགན་སྲུང་ཡོད་པ་དང་། སྨན་བཅོས་བྱེད་པར་ཁེ་ཕན་ཐོབ་པ། སྨན་བཅོས་ལས་ཁུངས་ཀྱི་བྱ་སྤྱོད་ཚད་ལྡན་དང་། འཕེལ་རྒྱས་ལ་ཡིད་ཆེས་ཡོད་པར་བྱས།

མཚོ་སྔོན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་རྒྱ་སྐྱེད་གཏོང་བ་དེ"སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། གཞི་རིམ་གྱིས་མཉམ་འགུལ་བྱེད་པ"བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་ཡུན་ཕན་ལམ་སྲོལ་བཙུགས། 2025ལོར་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་བདུན་གསུམ་ཟིན་པ་དང་། བསྟུད་མར་ལོ་གསུམ་རིང་འགན་བཅོལ་ནང་ཞུགས་པའི་ལས་འགན་ཚད་བརྒལ་གྱིས་ལེགས་གྲུབ་བྱུང་ཡོད་ལ། བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྲ་བརྟན་དང་སྦྲེལ་མཐུད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་མི་སྣའི་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི99ཡན་བརྟན་པོ་བྱུང་བ་དང་། སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཚད80%ཡན་སྲུང་འཛིན་ཐུབ་པ། འགན་སྲུང་གསུམ་གྱི་ལམ་ལུགས་ཀྱིས་དཀའ་ངལ་ཡོད་པའི་མི་འབོར་མི་ཐེངས་ས་ཡ་གསུམ་དང་འབུམ་གཅིག་སྟོང་དགུ་བདུན་བརྒྱ་ལ་ཕན་ཐོགས་པར་མ་ཟད། སྨན་བཅོས་འགྲོ་གྲོན་གྱི་སྒོར་ཐེར་ཆེན་གཅིག་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་ལྔ་ཡི་ཁུར་བོ་ཇེ་ཡང་དུ་བཏང་ཡོད།

གཅིག་འདོམས་ས་ཁོངས་དང་། སྨན་བཅོས་ལས་ཁུངས། རིན་སྤྲོད་ནད་རིགས། སྨན་བཅོས་འགན་བཅོལ་ཐེབས་རྩ་བཅས་ཕྱོགས་བཞི་ལ་ཁྱབ་པའི་དོན་དངོས་ལ་རྐང་ཚུགས་ཏེ། ནད་ཚན(DRG)དང་ནད་ཚན་གྱི་སྐར་ཐང(DIP)ལྟར་རིན་སྤྲོད་བྱེད་པའི་པར་གཞི2.0 གི་ཚན་ཆུང་དགར་བའི་ཇུས་གཞི་དོན་འཁྱོལ་བྱས་ནས། ནད་ཚན་དཀར་ཆག་དང་། དབང་ཚད། རྨང་གཞིའི་ནད་ཚན་བཅས་གཅིག་གྱུར་ཡོང་བར་བྱས་ཡོད། སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་དང་། ཉེན་ཆེའི་ནད་གཞི་མྱུར་སྐྱོབ་སྨན་བཅོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། རིན་སྤྲོད་ཚད་གཞི་ཇེ་ལེགས་སུ་བཏང་ནས་སྨན་ཁང་གིས་ལས་སྒོ་གཙོ་བོར་གཞོལ་བ་དང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ལྕག་བྱས། སྨན་བཅོས་འགན་བཅོལ་གྱི་སྔོན་སྤྲོད་མ་དངུལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞུང་བཙུགས་སྨན་ཁང་གི་འཁོར་སྐྱོད་མ་དངུལ་གྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། རྒྱལ་ཡོངས་སུ་སྔོན་ལ་བོད་སྨན་དང་སོག་སྨན་གྱི་སྨན་སྦྱོར་སྨན་བཅོས་འགན་བཅོལ་དཀར་ཆག་གཏན་འབེབས་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྱོན་བསྡོམས་རིགས531 དང་རྣམ་གྲངས3200 ཡོད་པ་དེས་རྒྱལ་ཡོངས་ཀྱི་མི་རིགས་སྨན་རྫས་དོ་དམ་ལ་མཚོ་སྔོན་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཡོད།

རྒྱུན་རྣམ་ཅན་གྱི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་བསྡུས་ཀྱིས་ཚད་མང་ཉོ་སྒྲུབ་སྤེལ་ནས། གཅིག་བསྡུས་ཉོ་སྒྲུབ་ཀྱི་ཕན་ཁེ་མགྱོགས་མྱུར་ངང་གློད་དེ། སྨན་རྫས་རིགས1202དང་ཟད་གྲོན་རྒྱུ་ཆ127གཅིག་བསྡུས་ཉོ་སྒྲུབ་བྱས། བོད་ཁུལ་གྱི་སྨན་རྫས་ཉོ་སྒྲུབ་མནའ་འབྲེལ་འཛུགས་པར་སྣེ་ཁྲིད་དེ། མི་རིགས་སྨན་རྫས་མཉམ་འབྲེལ་ཉོ་སྒྲུབ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཐོན་རྫས83 དེའི་ཁྲོད་ཚུད། སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། ལག་རྩལ་ངལ་རྩོལ་ནུས་ཤུགས་གཙོ་བོར་བྱས་པའི་གཤགས་བཅོས་དང་། ནད་གཡོག ཁམས་གསོ་སོགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་མཐོ་རུ་བཏང་བ་དང་། ལེགས་སྒྲིག་བྱས་ཚད་བརྒྱ་ཆའི85ཡན་བརྒལ་བའི་རྣམ་གྲངས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ནང་དུ་བཅུག

ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ནད་གཞི་ཚབས་ཆེན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་ལེགས་སྒྱུར་དང་། སྨན་བཅོས་ཀྱི་སྟོང་ཆ་སྐོང་བའི་གསར་གཏོད་རྣམ་གྲངས་གལ་ཆེན་དང་། དེ་བཞིན་གཙོ་གནད་ནང་འདྲེན་རྣམ་གྲངས་བཅས་ལ“ལྗང་མདོག་བགྲོད་ལམ”ཤར་གཏོང་བྱས་ཏེ། སྙན་ཞུའི་བརྒྱུད་རིམ་སྟབས་བདེ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་གང་མགྱོགས་སྒོས་སྨན་བཅོས་ནང་བེད་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད། སྨན་བཅོས་ཞབས་ཞུའི་རིན་གོང་ཐད། དབང་རྩའི་མ་ལག་དང་སྙིང་ཁམས་ཁྲག་རྩའི་མ་ལག་དང་འབྲེལ་བ་ཡོད་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས318རིགས་ཀ་པའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་དང་། བསྡུར་ཚད70%ལ་ཉེ་བ་ཟིན་ཡོད། གཤགས་བཅོས་བྱེད་སྐབས་སྤྱོད་པའི་ཟད་གྲོན་མཐོ་བའི་རྒྱུ་ཆ་དུས་མཉམ་དུ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།