ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་དར་རྣམ་པའི་མཁར་གྲོང་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་གསར་སྒྱུར་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། ནུས་ཤུགས་ཆེན་པོས་མཁར་གྲོང་འཛུགས་སྐྲུན་གྱི་མི་འདང་ས་ཁ་གསབ་དང་ནུབ་མཚོ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས། ལས་གཞི་འཛུགས་སྐྲུན་གྱི་སྒུལ་ཤུགས་ལ་བརྟེན་ཏེ་བདེ་སྡོད་མཁར་གྲོང་འཛུགས་སྐྲུན་ལ་ནུས་ཤུགས་བསྩལ། མིག་སྔར། མཐུད་བསྐྲུན་ལས་གཞི་དགུར་གཏན་འཇགས་སྐུལ་འདེད་གཏོང་བཞིན་ཡོད་ལ། གསར་སྐྲུན་ལས་གཞི་གསུམ་གོ་རིམ་ལྡན་པའི་ངང་འགོ་བརྩམས་ཏེ། མཁར་གྲོང་གི་ཕྱོགས་བསྡུས་འདེགས་སྐྱོར་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།
མཐུད་སྐྲུན་ལས་གཞི་དགུ་ཡིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གཞིས་ཁུལ་རྙིང་བའི་རྨང་གཞིའི་སྒྲིག་བཀོད་ཇེ་བཟང་དུ་གཏོང་བར་དམིགས་ནས། གཙོ་བོར་གྲོང་རྡལ་དང་ཆུས་ཀྱི་བགྲོད་ལམ་སྤྱི་ལེ་གསུམ་གྲངས་ཆུང་གཉིས་ལྔ་འཛུགས་སྐྲུན་བསྒྱུར་བཀོད་དང་། སྨི་གྲུ་བཞི་མ་སུམ་ཁྲི་ཆིག་སྟོང་བདུན་བརྒྱའི་ཕྱིའི་རྣམ་པ་ལེགས་བཅོས། ལས་ཡུལ་སྨི་གྲུ་བཞི་མ་ལྔ་ཁྲི་ཉིས་སྟོང་ལྔ་བརྒྱ་ལེགས་སྒྱུར། གྲོང་ཁྱེར་ལས་དོན་གྱི་དྲོད་འདོན་སྦུག་དྲ་སྤྱི་ལེ་ཉེར་དགུ་གྲངས་ཆུང་གསུམ་དང་ཆུ་འདོན་སྦུག་དྲ་སྤྱི་ལེ་བཅུ་བདུན་གྲངས་ཆུང་བརྒྱད་དགུ་འཛུགས་སྐྲུན་བྱས་པ་དང་། དེ་བཞིན་ཁོངས་གཏོགས་སྒྲིག་བཀོད་བཀོད་སྒྲིག་ལེགས་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱས།
གསར་སྐྲུན་ལས་གཞི་གསུམ་གྱིས་དམངས་འཚོ་ལེགས་བཅོས་དང་གསར་བརྗེ་རིག་གནས་རྒྱུན་འཛིན་ལ་དམིགས་ཏེ། གཙོ་བོར་ནུབ་མཚོ་གྲོང་རྡལ་གྱི་གཞིས་ཁུལ་རྙིང་བའི་ཆུ་འདོན་དང་དྲོད་འདོན་སྦུག་དྲ་དང་། ཆར་ཆུ་དང་བཙོག་ཆུ་སོ་སོར་འདྲེན་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པ་དང་། སྡོད་དམངས་ཐོག་ཁང་བཅུ་གཅིག་གི་གྱང་ངོས་མཛེས་བཟོ་དང་། ཆུ་འདོན་དང་ཆུ་འབུད། དྲོད་འདོན་བཅས་ཀྱི་སྦུག་དྲ་སྒྱུར་བཀོད། དེ་བཞིན་གསར་བརྗེ་གྲོང་རྡལ་ཆུང་ངུའི་ཐོག་ཁང་བདུན་ཅུ་དང་སྨི་གྲུ་བཞི་མ་དྲུག་ཁྲི་དྲུག་སྟོང་གི་ཕྱིའི་རྣམ་པ་ལེགས་བཅོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་པ་དང་། ཁྱད་གཤིས་ཅན་དང་བཀོལ་སྤྱོད་ཅན་གྱི་མཁར་གྲོང་འཛུགས་སྐྲུན་བྱེད་ཐབས་ལ་བརྟེན་ནས། ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེ་རིག་གནས་རྒྱུན་འཛིན་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།