ཟུང་འཁོར་འགུལ་སྐྱོད་ལ་བརྟེན་ནས་མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་ཤེས་བྱའི་ཐོན་དབང་ལེགས་བཅོས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་མཉམ་སྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་བཏང་བ་དང་བསྟུན་ནས། མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ལྟེ་གནས་འཛུགས་པ་དང་མཚོ་སྔོན་རྟགས་ཀྱི་ཚོང་རྟགས་བསྐྲུན་པ་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་བ་ངེས་ཅན་བླངས་པ་དང་། ལམ་ལུགས་གསར་གཏོད་དང་ཚོང་རྟགས་གསར་སྐྲུན་གྱི་ཟུང་འཁོར་འགུལ་སྐྱོད་ལ་བརྟེན་ནས། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ཤུགས་བསྣན།

2025ལོར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་ཤེས་བྱའི་ཐོན་དབང་གི་ཞིང་ཆེན་སྟོབས་ལྡན་མཉམ་སྐྲུན་གྱི་ཚོགས་ཆེན་བསྡུས་པའི་ཚུན་ལ། པུའུ་དང་ཞིང་ཆེན་མཐུན་སྦྱོར་གྱིས་བྱ་བ་སོ་སོ་གཏིང་ཟབ་ངང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་དང་། མངོན་གསལ་གྱི་མཐོར་འདེགས་གསུམ་མངོན་འགྱུར་བྱས་ཏེ།  ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་ཕྱིན་པ་དང་། མཉམ་སྐྲུན་ཇུས་གཞིས་ཁ་ཕྱོགས་གཙོ་བོ་བཅུ་གཏན་འཁེལ་གསལ་བོ་བྱས་ཤིང་། ཕྱོགས་མང་མཉམ་འགུལ་འོག མཚོ་སྔོན་གྱི་ཁྱབ་ཁོངས་མང་པོར་ཐོད་བརྒལ་གསར་བ་བྱུང་། ཚྭ་མཚོའི་ཐོན་ལས་ཆེད་ཁེ་ཚུལ་སྒྱུར་དཔེ་གཞི་དེ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་དཔེ་མཚོན་དཔེ་གཞིའི་གྲས་སུ་བདམས་པ་དང་། ན་གོར་མོ་དེ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྫོང་འཛུགས་པའི་དཔེ་སྟོན་རྫོང་གསར་སྐྲུན་བྱ་ཡུལ་དུ་བདམས་ཤིང་། ཁེ་ལས་དྲུག་ལ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་དཔེ་སྟོན་ཁེ་ལས་ཀྱི་མིང་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་འཛུགས་པའི་རེ་འདུན་ལ་དངོས་སུ་ཆོག་མཆན་ཐོབ་ཡོད།  མཉམ་སྐྲུན་རྐྱེན་སྲོལ་འཁོར་སྐྱོད་ནུས་པ་བསྟུད་མར་ཆེ་རུ་ཕྱིན་པ་དང་། ཞིང་ཆེན་རིམ་པས་ལས་འགན་ཁག་བགོས་གསལ་བོ་བྱས་ལ། མཚོ་ཤར་གྲོང་ཁྱེར་སོགས་ཁུལ་དང་གྲོང་ཁྱེར་གྱིས་མཉམ་དུ་དངོས་འབེབས་བྱེད་ཐབས་གཏན་འབེབས་བཟོས་ཏེ། གོང་འོག་མཉམ་འགུལ་གྱི་བྱ་བའི་སྒྲིག་གཞི་གྲུབ་ཡོད། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱིས་མཚོ་སྔོན་དང་རྒྱུན་ལྡན་ཅན་གྱི་འབྲེལ་མཐུད་རྐྱེན་སྲོལ་བཙུགས་ཏེ། ས་གནས་ཀྱི་ཤེས་བྱའི་ཐོན་དབང་བྱ་བར་ཕྱོགས་ཡོངས་མཛུབ་སྟོན་གྱི་འགན་སྲུང་འདོན་སྤྲོད་བྱས། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཚོང་རྟགས་ཀྱི་རིན་ཐང་ཆེ་རུ་ཕྱིན་པ་དང་། ས་གནས་ཀྱིས་ཁུལ་ཁོངས་ཡོངས་ཀྱི་ས་ཁམས་མཚོན་རྟགས་ཐོན་ཁུངས་ལ་ཞིབ་བཤེར་བྱེད་འགོ་བརྩམས་ནས། སྦས་ཤུགས་ཅན་གྱི་ཐོན་རྫས་རིགས་བརྒྱ་ལྷག་གི་འགུལ་རྣམ་གཞི་གྲངས་མཛོད་བསྐྲུན་ཞིང་། དེ་དང་མཉམ་དུ། ནོར་ནག་ཐོན་ལས་ཀྱི་ཆེད་ཁེའི་ཕྱོགས་སྟོན་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་འཕེལ་རྒྱས་འགྲོ་བར་ཚན་རྩལ་གྱི་སྒུལ་ནུས་བསྩལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།