ཟླ5པའི་ཚེས15ཉིན། གསར་འགོད་པས་་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྤུས་ཀ་ཚད་ལེན་ཞིབ་བཤེར་ཁང་གིས2026ལོའི་ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་ལྟ་སྐུལ་འདེམ་བཤེར་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཏེ། ཚད་ལེན་ཞིབ་བཤེར་ལག་རྩལ་གྱི་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱས་པ་དང་། ཟས་རིགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གནད་འཁེལ་གྱི་འདེམ་ཞིབ་གྲལ་བཤེར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་སྲུང་ཐིག་མུ་མཐུད་དུ་དམ་པོར་བསྐྲུན་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བཟའ་བཏུང་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱས།
ད་ལོར། ཞིང་ཆེན་ཐོན་རྫས་སྤུས་ཀ་ཚད་ལེན་ཞིབ་བཤེར་ཁང་གིས་ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་ལྟ་སྐུལ་འདེམ་བཤེར་གྱི་ལས་འགན་སྐོར3000དང་ལེན་བྱས་པ་དང་། གཙོ་བོར་མང་ཚོགས་ཀྱི་ཉིན་རྒྱུན་འཛད་སྤྱོད་དངོས་རྫས་རིགས་ལ་དམིགས་ནས། འབྲུ་རིགས་ལས་སྣོན་ཐོན་རྫས་དང་། བཟའ་སྣུམ། བྲོ་རྫས། འོ་བཟོས་ཐོན་རྫས་སོགས་རྒྱུན་མཁོའི་ཟས་རིགས་སོ་གཉིས་ལ་ཁྱབ་ཡོད། འདེམ་བཤེར་གྱི་ལས་འགན་དང་ལེན་བྱས་རྗེས། ཚད་ལེན་ཞིབ་བཤེར་ཁང་གིས་བྱ་བ་སོ་སོར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཞིང་། ཟས་རིགས་བདེ་འཇགས་ཀྱི་ཆེད་དམིགས་འདེམ་བཤེར་བྱ་བའི་ཚན་ཆུང་བཙུགས་པ་དང་། ས་གནས་ཀྱིས་གཏན་འབེབས་བྱས་པའི་འདེམ་བཤེར་བྱ་བའི་ལག་བསྟར་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ། ལས་གནས་ཁག་བགོས་ཞིབ་ཕྲ་བཟོས་པ་དང་། བྱ་བའི་ལས་རིམ་ལེགས་སྒྱུར་བྱས། དེ་དང་མཉམ་དུ། དཔེ་འདེམ་ཚད་ལེན་དང་ལས་སྒོ་ཚད་ལྡན། བྱ་བའི་སྒྲིལ་སྲོལ་བཅས་ཀྱི་ཆེད་དམིགས་གསོ་སྦྱོང་སྤེལ་ནས། ལས་གནས་ཀྱི་འགན་འཁྲི་སྔར་ལས་དངོས་འབེབས་བྱས་པ་དང་། འདེམ་བཤེར་བྱ་བ་སོ་སོ་རིམ་ལྡན་གྱིས་སྤེལ་བ་དང་ཞིབ་ཕྲའི་ངང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།
ཐེངས་འདིའི་འདེམ་བཤེར་འགུལ་སྐྱོད་ཀྱིས་མཚོ་སྔོན་གྱི་ཟས་རིགས་ཐོན་ལས་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་དངོས་ཡོད་འཛད་སྤྱོད་ལ་རྐང་བཙུགས་ཤིང་། ཟས་རིགས་བདེ་འཇགས་ཀྱི་ཆེས་ནན་མོ་བཞིའི་བླང་བྱ་ཏན་ཏིག་གིས་དོན་འཁྱོལ་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ཅན་དང་བར་ཁྱད་ཅན་གྱི་འདེམ་བཤེར་རྣམ་པ་ལག་བསྟར་བྱས། ཞིང་ཆེན་ནང་ཁུལ་གྱི་ཟས་རིགས་ཐོན་སྐྱེད་ཁེ་ལས་ལ་དམིགས་ནས་རིགས་དབྱེའི་སྐུལ་འདོམས་བྱས་པ་དང་། ཉེན་ཁ་ཆེ་བའི་ཁེ་ལས་ཀྱི་འདེམ་བཤེར་བྱེད་ཚད་ཇེ་མང་དུ་བཏང་། འདེམ་བཤེར་ཁུལ་ཁོངས་ཀྱིས་གྲོང་ཁྱེར་དང་། ཞང་དང་གྲོང་རྡལ་གྱི་དྲུག་བསྡུར་བཞིའི་ཚན་རིག་གི་ཁག་བགོས་ལྟར། འདེམ་བཤེར་ཐོན་ཁུངས་གཞི་རིམ་དུ་ཕྱོགས་ནས། ཞང་དང་གྲོང་རྡལ་གྱི་ཟས་རིགས་བདེ་འཇགས་ཀྱི་སྐུལ་འདོམས་ཞན་སར་ཁ་གསབ་བྱས། སྡེབ་འཚོང་ཁྲོམ་དང་རང་འདེམ་ཚོང་ཁང་། ཞིང་ལས་ཚོང་དོན་ཁྲོམ་ར་སོགས་འཛད་སྤྱོད་ཁྲོམ་ར་གཙོ་བོར་དམ་དུ་དམིགས་ནས། ཟས་སྤྱོད་ཞིང་ལས་ཐོན་རྫས་ལ་འདེམ་བཤེར་བྱེད་ཚད་ཆེ་རུ་བཏང་། དེ་དང་མཉམ་དུ། 12315ལ་ཞུ་སྦྱོར་གཏུག་བཤེར་དང་། མང་ཚོགས་ཀྱི་རེ་འདུན། གླེང་ཕྱོགས་ཚུར་སྣང་བཅས་བྱས་པའི་ཟས་རིགས་བདེ་འཇགས་ཀྱི་མངོན་གསལ་གནད་དོན་ལ་གཞིགས་ནས། དམིགས་གཏད་རང་བཞིན་གྱིས་དཔེ་འདེམ་གྲལ་བཤེར་བྱས་པ་དང་། ཟས་རིགས་སོ་སོའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བར་གནད་འཁེལ་གྲལ་བཤེར་བྱས།