ལས་རིགས་འདིའི་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཟླ5ཚེས15ཉིན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག་དུས་ཡུན་ལོ་གཅིག་རིང་གི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། ཆེད་དོན་བྱ་སྤྱོད་དེས་ཀྲུང་ལུགས་གསོ་རིག་གི་ཁམས་གསོ་དང་བདེ་སྲུང་།ནད་བཅོས་བཅས་ལ་ཁ་གཡར་ནས་ཁྲིམས་འགལ་ངང་སྨན་བཅོས་བྱེད་པ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་མིང་ཐོག་ནས་དྲིལ་བསྒྲགས་རྫུན་མ་བྱེད་པ། ཐད་གཏོང་བརྒྱུད་དེ་དངོས་ཟོག་ཚོང་བ། ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པ་སོགས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་དང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་ལས་རིགས་དེའི་ནང་སྲོལ་བཟང་སྤྱོད་བཟང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།