ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ5ཚེས14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གསོལ་སྟོན་བཤམས་ཏེ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཟླ5ཚེས14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གསོལ་སྟོན་བཤམས་ཏེ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
        མི་དམངས་ཚོགས་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན། ཀྲུང་གོ་མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གིས་ལོ་ངོ5000ལྷག་གི་ཀྲུང་ཧྭའི་དཔལ་ཡོན་གྱི་རྨང་གཞི་ཟབ་མོར་རྐང་ཚུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཨ་རི་རང་བཙན་བྱས་ནས་ལོ་ངོ250འཁོར་བའི་ལོའང་ཡིན་པ་དང་། ཨ་རིའི་མི་དམངས་དུང་ཕྱུར3ལྷག་གིས་རྒྱལ་གཅེས་དང་གསར་གཏོད། གསར་འབྱེད་བཅས་ཀྱི་སྙིང་སྟོབས་བསྐྱར་གསོ་བྱས་ནས། ཨ་རིའི་འཕེལ་རྒྱས་དེ་འཐབ་ལམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཨ་རི་ཡང་བསྐྱར་རླབས་ཆེན་ཡོང་བ་མངོན་འགྱུར་བྱས་ནས། འགལ་མེད་མཉམ་གནས་དང་ཕན་ཚུན་རོགས་རེས། འཛམ་གླིང་ལ་ཕན་བདེ་བསྐྲུན་ཆོག

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ55ཡི་སྔོན་ལ། ཀྲུང་གོ་དང་ཨ་རིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས། ཀྲུང་གོ་དང་ཨ་རིའི་བར་འཁྱགས་པས་བསྡམས་ནས་ལོ་ངོ20ལྷག་འགོར་བའི་སྒོ་ཆེན་ཕྱེས་ཏེ། དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་དག་གལ་ཆེན་ཞིག་ཏུ་གྱུར། དེའི་རྗེས་སུ། ཀྲུང་གོ་དང་ཨ་རིའི་སྒོ་འབྱེད་མཉམ་ལས་ཀྱི་གཏམ་རྒྱུད་མང་པོ་ཞིག་གིས་མཛའ་བརྩེའི་གཏམ་བཟང་རྒྱུན་ཆད་མེད་པར་བྲིས།

གནས་བབ་གསར་པའི་འོག ང་དང་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཐེངས་མང་པོར་ཐུག་འཕྲད་དང་ཁ་པར་བཏང་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་། ང་ཚོས་གཅིག་གྱུར་གྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་སྟེང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བ་ཡིན་པས། ཇེ་བཟང་དུ་གཏོང་བ་ལས་གཏོར་བརླག་གཏོང་མི་རུང་། རྒྱལ་ཁབ་གཉིས་བར་འགྲིག་མཐུན་ཡོང་ན་ཕྱོགས་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་སྲིད་པས། གྲོགས་པོར་འགྱུར་བ་ལས་དགྲ་ཟླར་འཛིན་མི་རུང་བར་འདོད། ང་ཚོ་ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་གཏན་འཇགས་འབྲེལ་བ་འཛུགས་རྒྱུར་འཐད་པ་ཡིན་ལ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བརྟན་པོ་དང་སྐྱོན་བྲལ། རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་ཞི་བདེ་དང་དར་རྒྱས། ཡར་ཐོན་བཅས་སྔར་ལས་མང་པོ་ཡོང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་བལྟས་ན། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་བཅས་བྱེད་ཐུབ་མིན་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་ཐུབ་མིན་གྱི་འགག་རྩ་རེད། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐེར་འབུམ་གཅིག་དུང་ཕྱུར་བདུན་ལྷག་གི་བདེ་སྐྱིད་དང་། འཛམ་གླིང་གི་མི་དམངས་ཐེར་འབུམ་བརྒྱད་ལྷག་གི་ཁེ་ཕན་དང་འབྲེལ་ཡོད་པས། ང་ཚོས་མཉམ་དུ་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་ཡང་དག་པའི་གྲུ་ལམ་བརྒྱུད་དེ་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

ཟླ5ཚེས14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གསོལ་སྟོན་བཤམས་ཏེ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཟླ5ཚེས14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གསོལ་སྟོན་བཤམས་ཏེ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཐི་ལང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་རང་ཀྲུང་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་སྣེ་ལེན་གཟབ་རྒྱས་གནང་བར་བཀའ་དྲིན་ཞུས་པ་ཡིན། དེ་རིང་ནི་ཉི་བཟང་སྐར་བཟང་ཡིན་པ་དང་། འདི་ནི་འཚམས་འདྲི་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གླེང་མོལ་བྱས། ཨ་རིའི་མི་དམངས་དང་ཀྲུང་གོ་མི་དམངས་ཀྱིས་ཕན་ཚུན་ལ་དགའ་གུས་དང་བརྩི་འཇོག་བྱེད་པ་དང་། མཛའ་བརྩེའི་རྒྱུན་ཧ་ཅང་རིང་། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

ལི་ཆང་དང་། ཚའེ་ཆི། ཝང་དབྱི། ཧོ་ལི་ཧྥུང་སོགས་གསོལ་སྟོན་ལ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།