རྒྱ་ཆེ་བའི་ལོ་ལོན་ཡུལ་སྐོར་བ་རྣམས་ཕྱིར་བསྐྱོད་པར་ཞབས་ཞུ་སྔར་ལས་ལེགས་པོ་བྱ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ལོ་ལོན་ཡུལ་སྐོར་བར་འགྲུལ་བ་ཉུང་བའི་དུས་ཚིགས་སུ་འཛིན་བྱང་ཉོ་བར་གཟིགས་སྐྱོང་ཞབས་ཞུ་སྤེལ་བ་དང་། ཟླ5བའི་ཚེས29ཉིན་ནས་ཟླ6པའི་ཚེས30ཉིན་བར། ལོ60སོན་པ་དང་དེའི་ཡན་གྱི་ལོ་ལོན་ཡུལ་སྐོར་བ་དག(གཟའ་ཟླ་བའི་ཆུ་ཚོད12:00ནས་གཟའ་པ་སངས་ཀྱི་ཆུ་ཚོད12:00བར་དང་། ཟླ6པའི་ཚེས18ནས་ཚེས22ཉིན་བར་གྱི་ལྔ་བའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་སྐྱེལ་འདྲེལ་ཕུད་པ་ལས་གཞན།)སྒུལ་འཁོར་མེ་འཁོར་ཁ་ཤས་ལ་བསྡད་ན་རིན་གོང་ཕབ་གཅོག་གི་གཟིགས་སྐྱོང་ཡོད་པས། ལོ་ལོན་ཡུལ་སྐོར་བས་འཛིན་བྱང་ཉོས་ཏེ་ཕྱིར་བསྐྱོད་པར་དངོས་ཕན་སྔར་ལས་མང་པོ་ཐོབ་ལ། འབྲེལ་ཡོད་གཟིགས་སྐྱོང་འཛིན་བྱང་དེ་ཟླ5པའི་ཚེས15ཉིན་བཟུང་རིམ་པ་བཞིན་འཚོང་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཟིགས་སྐྱོང་ཞབས་ཞུ་དེ་ལོ60སོན་པ་དང་དེའི་ཡན་གྱི་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར། ཀང་ཨའོ་སྡོད་དམངས་གཞིས་ཆགས་ལག་ཁྱེར། ཐའེ་ཝན་སྡོད་དམངས་གཞིས་ཆགས་ལག་ཁྱེར། ཀང་ཨའོ་སྡོད་དམངས་ནང་ལོགས་སུ་འགྲོ་འོང་བགྲོད་ཆོག་ལག་ཁྱེར། ཐའེ་ཝན་སྡོད་དམངས་རྒྱལ་ནང་བགྲོད་ཆོག་ལག་ཁྱེར། ཕྱི་རྒྱལ་བ་གཏན་སྡོད་གཞིས་ཆགས་ཐོབ་ཐང་ལག་ཁྱེར། གནས་སྐབས་ཐོབ་ཐང་ལག་ཁྱེར། སྡོད་དམངས་ཁྱིམ་ཐོ་བཅས་བཟུང་བའི་ལོ་ལོན་ཡུལ་སྐོར་བར་ཁ་གཏོད་རྒྱུ་དང་། དྲ་ཐོག་དང་ཡུལ་དངོས་ནས་མེ་འཁོར་གཏོང་བའི་དུས་ཚོད་དེ། ཟླ5པའི་ཚེས29ཉིན་ནས་ཟླ6པའི་ཚེས30བར་གྱི(གཟའ་ཟླ་བའི་ཆུ་ཚོད12:00ནས་གཟའ་པ་སངས་ཀྱི་ཆུ་ཚོད12:00བར་དང་། ཟླ6པའི་ཚེས18ནས་ཚེས22ཉིན་བར་གྱི་ལྔ་བའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་སྐྱེལ་འདྲེལ་ཕུད་པ་ལས་གཞན།)དུས་ཚིགས་ནང་གི་སྒུལ་འཁོར་མེ་འཁོར་ཁ་ཤས་ཀྱི་འཛིན་བྱང་ཉོས་ན། (ལྕགས་ལམ12306ཏུ“敬(བཀུར)”ཞེས་རྟགས་མཆན་བཀོད་པའི་འཁོར་ཐེངས)འཛིན་བྱང་རིན་གོང་དགུ་གཅོག་གི་གཟིགས་སྐྱོང་ལོངས་སྤྱོད་བྱས་ཆོག་པས། “ཕབ་གཅོག་གི་ཐོག་ལ་ཕབ་གཅོག”བྱེད་པ་ལག་བསྟར་བྱས་ཡོད་ལ། འབྲེལ་ཡོད་འཛིན་བྱང་དེ་མངག་ཐོའི་ཞིབ་ཕྲ་དང་རང་ཉིད་ཀྱི་འཛིན་བྱང་ཤོག་ངོས་སུ“ལོ་ལོན་གཟིགས་སྐྱོང”ཡི་གེའི་མཆན་རྟགས་འགོད་རྒྱུ་རེད།
ལོ60སོན་པ་དང་དེའི་ཡན་གྱི་དབང་སྐྱོན་དམག་མིའི་འཛིན་ཡིག་དང་། རྨས་ཕོག་མི་དམངས་ཉེན་རྟོག་འཛིན་ཡིག ། རྒྱལ་ཁབ་ཕྱོགས་བསྡུས་མེ་ཟོན་རོགས་སྐྱོབ་རུ་ཁག་དབང་སྐྱོན་མི་སྣའི་འཛིན་ཡིག་ཁྱེར་བའི་ཀྲུང་གོའི་སྤྱི་དམངས་ཀྱིས། སྔར་ཁྱད་སྐྱོང་འཛིན་བྱང་རིན་གོང་ལོངས་སྤྱོད་བྱེད་པའི་རྨང་གཞིའི་སྟེང་། ད་དུང་དགུ་གཅོག་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག ། འཛིན་བྱང་ཉོས་ནས་ཕྱིར་བསྐྱོད་བྱེད་པའི་ལོ་ལོན་ཚོགས་མི་འགྲུལ་བས་དུས་མཉམ་དུ། སྤྱིར་བཏང་འགྲུལ་བ་ཚོགས་མིའི་ལྡབ3གྱི་བསགས་སྐར་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག་ལ། བསགས་སྐར་དེ་མེ་འཁོར་འཛིན་བྱང་ལ་བརྗེ་ཆོག་ལ་སྡོད་གནས་རིམ་སྤོར་གྱི་ལས་སྒོ་བསྒྲུབ་ཆོག་པ་རེད།