མཚོ་སྔོན་ཞིང་ཆེན་གྱིས《འཕྲིན་བཅར་བྱ་བའི་སྲོལ་ཡིག》གི་གཅིག་བསྡུས་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས14ཉིན། ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་ཞུགས་གྲོས་ཚོགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲིན་བཅར་ཅུས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི《འཕྲིན་བཅར་བྱ་བའི་སྲོལ་ཡིགགི་གཅིག་བསྡུས་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་དེ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ། བྱེད་སྒོ་ལསའཕྲིན་བཅར་བྱ་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བརྗོད་གཞིར་བཟུང་ནས། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འཕྲིན་བཅར་བྱ་བའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་འཕྲེད་བྱང་འགེལ་བ་དང་ཡུལ་དངོས་ནས་དྲི་བ་དྲིས་ལན་འདེབས་པ། དྲིལ་སྒྲོག་དངོས་པོ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ལ《འཕྲིན་བཅར་བྱ་བའི་སྲོལ་ཡིག》དང་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་སྒྲོག་འདོན་བྱས།

ད་ལོ་ནི་འཕྲིན་བཅར་བྱ་བའི་སྲོལ་ཡིག་ལག་བསྟར་བྱས་པའི་ལོ་བཞི་པ་ཡིན་ལ། སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་བསྟུད་མར་ལེགས་པོར་སྤེལ་ཆེད། རང་ཞིང་གིས་ཟླ5པའི་ཚེས1ཉིན་ནས་ཚེས31ཉིན་བརའཕྲིན་བཅར་བྱ་བའི་སྲོལ་ཡིགགི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་འགོ་བརྩམས་པ་དང་། གཅིག་བསྡུས་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་ནི་དྲིལ་སྒྲོག་ཟླ་བའི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་གཅིག་ཡིན། དྲིལ་སྒྲོག་ཟླ་བར། རིམ་པ་སོ་སོའི་འཕྲིན་བཅར་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱི་འཕྲིན་བཅར་གཞུང་སྒྲུབ་ཁང་གིས་ས་ཁུལ་རང་གི་མ་ལག་ལ་དམིགས་ནས་འཕྲིན་བཅར་བྱ་བའི་སྲོལ་ཡིག་རྒྱུན་རྣམ་ཅན་གྱིས་དྲིལ་སྒྲོག་བྱེད་རྒྱུ་ཡིན་ལ། དྲ་ཐོག་གི་སྟེགས་བུར་བརྟེན་ནས་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱེད་པ་དང་། ཆེད་དམིགས་གསོ་སྦྱོང་སྤེལ་བ། དྲི་བ་དྲིས་ལན་འདེབས་པ་བཅས་བྱེད་ཅིང་། དེ་དང་མཉམ་དུ་གཅིག་བསྡུས་དྲིལ་སྒྲོག་སྒྲོག་འདོན་ཟབ་སྤེལ་དང་། ལས་བྱེད་མང་ཚོགས་ཀྱིས་འཕྲིན་བཅར་བྱ་བའི་སྲོལ་ཡིག་ལ་རྒྱུས་ལོན་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱིས་ཁྲིམས་མཐུན་ལུགས་མཐུན་སྒོས་རེ་བ་འདོན་པར་ཁྲིད་སྟོན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། འཕྲིན་བཅར་བྱ་བའི་སྲོལ་ཡིག་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་མ་ལག་གིས་འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཟབ་མོ་གཏོང་བ་གཙོ་ཐིག་ཏུ་བཟུང་ཞིང་། མང་ཚོགས་ཀྱི་རེ་འདུན་བསྒྲུབ་མཁན་ཡོད་ལ། རེ་འདུན་ཚང་མ་ཁྲིམས་ལྟར་བསྒྲུབ་པ་དམིགས་འབེན་དུ་བརྩིས་ནས། རང་འགུལ་ངང་སྤྱི་ཚོགས་བཅོས་སྐྱོང་བྱ་བ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ལ། འཕྲིན་བཅར་གནད་དོན་གྱི་འབྱུང་རྩ་བཅོས་སྐྱོང་ཟབ་སྤེལ་བྱས་པ་དང་། འཕྲིན་བཅར་གྱོད་གཞི་ཐག་གཅོད་འགུལ་སྐྱོད་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སྐོར་ཞིག་དངོས་སུ་ཐག་བཅད། 2025ལོར། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་གནས་བབ་བསྟུད་མར་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་ལ། སྤྱིའི་ཆ་ནས་སྒྲིག་གཞི་སྔར་ལས་ལེགས་པ་དང་། སྤུས་ནུས་མངོན་གསལ་གྱིས་མཐོར་འདེགས། སྒྲིག་སྲོལ་སྔར་ལས་ཚད་ལྡན་དུ་གྱུར་བ་བཅས་ཀྱི་རྣམ་པ་ལེགས་ཤོས་མངོན་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།