མ་མཐའི་ཚད་ཐིག་སྲུང་། དཀའ་བའི་འགག་སྒོ་གཏོར། མ་འོང་འབྱུང་འགྱུར་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

——ན་གོར་མོ་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐའ་བརྒལ་གསར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཁུ་ནུ་རི་འདབས་ཀྱི་དབུས་ཚྭ་མཚོ་དཀར་མོ་ནི་སྔོ་ཐང་ཐང་རླབས་ཕྲེང་དལ་གྱིས་གཡོ་ཞིང་། མྱ་ངམ་ཐང་ཆེན་གྱི་ལྟེ་བ་རུ་དེང་རབས་བཟོ་གྲྭའི་འཕྲུལ་འཁོར་གྱི་འུར་སྒྲ་གྲགས་འོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ཅཱ་ལུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་ནས་ཚྭ་ཆུ་བཏོན་ནས་ནུས་ཁུངས་གསར་བརྗེ་བྱས་པའི་བར་དུ་བྱེད་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་འབྱུང་འགྱུར་གང་ན་ཡོད་པའི་དུས་རབས་ཀྱི་དྲི་བ་དེར་ལན་བཏབས་ཡོད་དེ།  སྐྱེ་ཁམས་སླར་གསོ་བྱས་པའི་ས་མུའུ་ཁྲི་ཡི་ཚྭ་ཞིང་དང་། ཚྭ་ཆུ་ལས་བཏོན་པའི་ལིས་ལག་རྩལ་འགག་གཏོར་གྱི་ཁྲོད།  སྲིད་གཞུང་གི“ཚོང་ཁང་གི་ཞབས་ཞུ་པ”ཡི་རྣམ་པའི་གནད་འཁེལ་ཞབས་ཞུ་ཡི་ཁྲོད་དུ་ལན་བཏབས་ཡོད།

ཉེ་བའི་ལོ་རིང་ལ་ན་གོར་མོ་གྲོང་ཁྱེར་གྱིས“འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན”གྱི་དམིགས་འབེན་ལྟེ་བུར་བཟུང་སྟེ། སྐྱེ་ཁམས་སྔོན་སྤེལ་གྱིས་ཕྱོགས་སྟོན་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མཉམ་ཤུགས”བཏོན། 2025ལོར་ན་གོར་མོ་བཟོ་ལས་གླིང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར615.68ལ་བསླེབས་ཏེ། དུས་མཉམ་ལས17.4%འཕར་བ་དང་། ཚྭ་མཚོའི་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་གི་བྱས་རྗེས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཟིན་ཡོད་པ་རེད།

དེ་རིང་། གསར་འགོད་པ་ན་གོར་མོ་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་ཀྱི་ལས་དང་པོར་བསྐྱོད་དེ་ན་གོར་མོ་ཚྭ་མཚོ་ཐོན་ལས་གོང་སྤེལ་གྱི་ལག་ལེན་གསར་པར་འཚོལ་ཞིབ་བྱས།

  “སྐྱེ་ཁམས་ཀྱི་མ་མཐའི་ཚད་ཐིག”བརྟན་སྲུང་བྱས་ནས་ཅཱ་ལུད་ཀྱི“འབྲུ་རིགས་རྩིས་ཐོ”ལ་རྩིས་ལེགས་པོ་བརྒྱབ། 

  ཙང་ཀེ་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་ཡོད་སའི་དབུས་ཚྭ་མཚོ་གཏེར་ཁུལ་ཏེ། རླབས་ཕྲེང་དལ་གྱིས་གཡོ་བའི་ཚྭ་ཆུའི་འགྲམ་དུ། ཚྭ་སྦྱངས་ཕུམ་རང་བཞིན་དང་འཚམ་པོའི་སྒོ་ནས་འཁོར་སྐྱོད་བྱེད་ཀྱི་ཡོད། དེ་ནི་སྲོལ་རྒྱུན་གྱི་གཏེར་རི་ཇི་བཞིན་ས་རྡུལ་འཚུབ་ཀྱིན་མེད་པར་ལྷིང་འཇགས་ཀྱི་ཁྲོད་དུ་བཟོ་ལས་ཀྱི་སྟོབས་ཤུགས་ཤིག་ཉར་ཡོད།

སྔོན་ཆད་ཚང་མས་ཚྭ་མཚོ་གསར་སྤེལ་ནི་ཚྭ་བརྐོས་རྗེས་ཕྱིར་འཚོང་བ་ཙམ་ལ་ངོས་འཛིན་གྱི་ཡོད། ད་ལྟ་དེ་ལྟ་མ་ཡིན་པར་ང་ཚོས་སྐྱེ་ཁམས་ཀྱི་རྩིས་དང་ཕུགས་ཕན་གྱི་རྩིས་གཉིས་གསལ་བོ་རྒྱག་གིན་ཡོད་ཅེས་ཙང་ཀེ་གཏེར་ལས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ།  ཙང་ཀེ་ལིས་ལས་ཀྱི་སྤྱི་གཉེར་བ་ཀྲུའུ་ཧོང་ཝེ་ཡིས་དེ་ལྟར་བཤད།  ཚྭ་མཚོ་གསར་སྤེལ་བྱས་ནས་སྐྱེ་ཁམས་ལ་གནོད་སྲིད་པའི་སེམས་ཁྲལ་ལ་གཞིགས་ནས་ཁེ་ལས་ཀྱིས“སྐྱེ་ཁམས་ཀྱི་མ་མཐའི་ཚད་ཐིག”དེ་ཚེ་སྲོག་གི་རྒྱུན་ཐག་ཅིག་ཏུ་བརྩིས་ཡོད། 

 གཏེར་ཁུལ་གྱི་སྲ་གཟུགས་ཅཱ་གཏེར་སྤུས་ཆག་འབོར་ཆེན་བེད་སྤྱོད་གཏང་ཐུབ་ཆེད། ཁེ་ལས་རང་བདག་ནས“སྲ་གཟུགས་བཤེར་ཁུར་བསྒྱུར”བའི་ལག་རྩལ་བཏོན་ནས་ཚྭ་ཆུ་རྙིང་བ་དང་ཚ་མེད་ཆུ་གཉིས་ཚན་རིག་དང་མཐུན་པས་སྡེབ་རྗེས་ཕྱིར་གཏེར་ཁུལ་དུ་དྲངས་ཏེ།  

དང་ཐོག་འདོན་དཀའ་བའི“གཏེར་ཁ”ཞུ་བར་བཟོས་ནས་བཤེར་གཟུགས་ཅཱ་ཡི་ཐོན་ཁུངས་བསྒྱུར།  ལག་རྩལ་གསར་པ་དེ་གཏེར་ཁུལ་གྱི་ཞབས་ཞུའི་ལོ་ཚད་ལོ20ལ་བསྲིངས་ཐུབ་ཡོད་པ་མ་ཟད། 2024ལོ་ནས་2025ལོའི་བར་དུ། ཁ་ལས་ཀྱིས་མ་དངུལ་དུང་ཕྱུར2.5བཏང་སྟེ།  ལོ་རྒྱུས་ཀྱི་རིས་ཁྲ200ལ་ཉེ་བར་བཅོས་སྐྱོང་དང་སྤྱི་ཆིང་ཁྲི1.8ལས་བརྒལ་བའི་སྐྱེ་ཁམས་སླར་གསོ་བྱས།

ཀྲུའུ་ཧོང་ཝེ་ཡིས་འདི་སྐད། “ལྗང་མདོག་གི་མ་གདན་ལེགས་པོ་སྲུང་ན། ད་གཟོད‘ནོར་གྱི་བང་མཛོད’དུ་གྲགས་པའི་ཚྭ་མཚོ་ཡུན་རིང་དུ་བརྟན་ཞིང་གནས་ཐུབ”ཟེར། 

རྒྱལ་ནང་གི་ཅཱ་ལུད་ཐོན་སྐྱེད་གཉེར་ཚོང་ཆེ་བ་གཉིས་པ་ཡིན་པའི་ཆ་ནས་ཙང་ཀེ་གཏེར་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“གྲུ་རྡོ”ལྟ་བུའི་ཕྲག་འགན་ལྕི་མོ་ཁུར་ཡོད། 

ཅཱ་ལུད་ལ“འབྲུ་རིགས་ཀྱི་འབྲུ་རིགས”ཞེས་འབོད་ཅིང་། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་འགན་སྲུང་ཐད་ལ་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་ཀྱི་དོན་སྙིང་ལྡན། ད་ལོའི་དུས་ཚིགས་དང་པོར་དཔྱིད་རྨོད་ལ་མཁོ་བའི་ལུད་རྫས་ལ་འགན་སྲུང་བྱ་ཆེད། ཁེ་ལས་ཀྱི་ལས་བཟོ་ཡོངས་ཀྱིས་ཟླ3པའི་ཟླ་མགོ་ནས་བཟུང་སྟེ། ལས་སྒྲུབ་དང་ཐོན་སྐྱེད་ཀྱི་མགོ་བརྩམས་ནས་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་ཀྱི་གོ་སྐབས་ལ་བརྩོན་ལེན་བྱས།  དུས་ཚིགས་དང་པོར་ཅཱ་ལུད་ཏུན་ཁྲི16.6ཐོན་སྐྱེད་བྱས་པ་དང་། ལོ་ཧྲིལ་བོར་ཏུན་ཁྲི100ཐོན་སྐྱེད་བྱེད་རྒྱུ་འཆར་གཞི་བཟོས། ཅཱ་ལུད་དེ་དག་ལྕགས་ལམ་དང་གཞུང་ལམ་གྱི“སྣེ་གཅིག་ནས་གཅིག”བརྒྱུད་ཐད་ཀར་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོར་འདྲེན་གྱིན་ཡོད་ཅིང་། དཔྱིད་རྨོད་ཀྱི་གནད་འགག་དུས་སྐབས་སུ་དུས་ཐོག་ཏུ་ས་གནས་ས་ཐོག་ཏུ་བསྐྱལ་ཀྱི་ཡོད། དེ་ཞིང་པ་དུང་ཕྱུར་མང་པོའི་ལོ་གཅིག་གི་ཐོན་འབབ་ལ་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་བརླིང་ལ་འབྲེལ་བ་ཡོད།

 “འཛམ་གླིང་རིམ་པའི་དཀའ་གནད”སེལ།  ཚྭ་ཆུ་ཁྲོད་ནས“ལུད་ཀྱི་ཕུགས་འདུན་གསར་པ”བཏོན། 

གལ་ཏེ་ཅཱ་ལུད་ནི་ཚྭ་མཚོའི་སྲོལ་རྒྱུན་གྱི་རྨང་རྡོ་ཡིན་ཞེ་ན། ལིས་གློག་གི་རྒྱུ་ཆ་ནི་ཚྭ་མཚོ་ལས་འཕོས་པའི་སྐར་ཆེན་གསར་པ་དེ་ཡིན། ཙང་ཀེ་ལིས་ལས་ཀྱི་འཇིབ་འབྱར་འཁོར་ཁང་དུ། གཅིག་རྗེས་གཉིས་འཕྲོར་འཇིབ་འབྱར་བྱས་པའི་སྒྲིག་ཆས་འབོར་ཆེན་ཞིག་གོ་རིམ་འཆོལ་བར་འཁོར་སྐྱོད་བྱེད་བཞིན་ཡོད།

དབུས་ཚྭ་མཚོ་དཀར་མོའི་ལིས་ཐོན་ཁུངས་ཀྱི་འདུས་ཚད་ཧ་ཅང་དམའ་བ་མ་ཟད། རྨེ་ལིས་ཀྱི་སྡུར་ཚད་ཀྱང་ཧ་ཅང་དམའ་བས། དེ་འདོན་དཀའ་བ་འཛམ་གླིང་རིམ་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཡིན་ཡང་ཙང་ཀེ་ལིས་ལས་ཀྱིས་འདུས་ཚད་དམའ་བའི་ཚྭ་ཆུས་ལིས་འདོན་པའི་ལག་རྩལ་གསར་གཏོད་བྱས་ནས་ཅཱ་བཏོན་རྗེས་ཀྱི“སྙིགས་ཆུ”ལས་ནུས་ཁུངས་གསར་པའི་ཐོན་ལས་ཀྱི“གསེར་ལྷད་མེད”བཏོན་པ་རེད། 

འཇིབ་འབྱར་འཁོར་ཁང་དུ། ལག་རྩལ་བཟོ་པས་གསར་འགོད་པར་འདི་སྐད། ང་ཚོས་འཇིབ་འབྱར་རྫས་ནི་རྡོ་ཁབ་ལེན་དང་འདྲ་བར་་འདུས་ཚད་ཉུང་བའི་ཚྭ་ཆུ་ཁྲོད་ནས་ལིས་གྱེས་རྡུལ‘འཇིབ’པ་ཡིན། ལག་རྩལ་འདིས་ལིས་སྡུད་ཚད90%ཡན་ལ་བསླེབས་ཀྱི་ཡོད་པ་དང་། ཀལ་དང་རྨེ། པོན་སོགས་ལྷད་རྫས་གཙོ་བོ་འདུས་ཚད50ppmམན་དུ་ཚོད་འཛིན་བྱེད་ཐུབ་ཟེར། 

 དེ་ལས་ཀྱང་བརྗོད་ཆོག་ཆོག་ཅིག་ནི།  ཚྭ་ཆུ་ནས་གློག་ཡུས་རིམ་པའི་ཐུན་སྐྱུར་ལིས་ཐོན་རྫས་གྲུབ་པའི་བར་གྱི་གོ་རིམ་ཧྲིལ་བོར་ཆུ་ཚོད་ལྔ་ལས་མི་དགོས། ཐོལ་བརྒལ་དེས་མཚོ་སྔོན་ནས་ཐ་ན་འཛམ་གླིང་གི་ཚྭ་ཆུ་སྤུས་ངན་ལས་ལིས་བཏོན་པར་ལ་རྩ་ཆེ་བའི་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པས།  སྣེ་ཁྲིད་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

  དེ་ལས་ཀྱང་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་བཞག་པ་ནི། གྲངས་ཀ་ཅན་གྱིས་སྲོལ་རྒྱུན་གྱི་རྫས་འགྱུར་བཟོ་ལས་བསྐྱར་བཞེངས་བྱས་པ་དེ་རེད། ལིས་ལས་ཀྱི་ལྟེ་བའི་ཚོད་འཛིན་ཁང་གི་བརྙན་ཤེལ་ཆེན་མོའི་སྟེང་ཐོན་སྐྱེད་ཀྱི་གཞི་གྲངས་སྣ་ཚོགས་དུས་ལྟར་འཕར་ལྡིང་བྱེད་ཀྱི་ཡོད། རང་བདག་ཚོད་འཛིན་གྱི་ཚད་དེ་སྔོན་ཆད་ཀྱི46%ནས98.86%ལ་འཕར་ཡོད་པས། ཐོན་སྐྱེད་ཀྱི་གོ་རིམ་མང་པོའི་ཁྲོད་རང་འགུལ་ཅན་གྱི་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱས་ཡོད་མཚོན། ཉིན་ཆ་སྙོམས་ཀྱི་ཉེན་བརྡའི་གྲངས་ཀ་ཁྲི3.3ནས900ལ་ཕབ་ཡོད་པ་དང་། ཐོན་སྐྱེད་ཀྱི་གཏན་འཇགས་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་ཆེར་མཐོར་འདེགས་ཕྱིན། རྒྱང་འཛིན་ས་ཚིགས་ཀྱིས་ཐོན་སྐྱེད་ལ“མཐེབ་གཅིག་མནན་ན”ཆོག་པའི་བྱེད་ནུས་བཏོན་པས། 

ལས་ཀ་ལྕི་མོའི་ཁྲོད་ཀྱི་ལས་བཟོ་བ་རྣམས་ངལ་རྩོལ་གྱི་བཅིངས་པ་ལས་གྲོལ་ཏེ་དེ་ལས་རིན་ཐང་ཆེ་བའི་བཟོ་རྩལ་ལེགས་སྒྱུར་དང་ཞིབ་འཇུག་གསར་གཏོད་ཀྱི་ལས་ལ་བསྐུལ།

ང་ཚོས་དམིགས་འབེན་ནི་མཚོ་བོད་མཐོ་སྒང་དུ་མིང་དོན་མཚུངས་པའི‘སྒྲོན་སྟེགས་བཟོ་གྲྭ’དང་པོ་གཟུག་རྒྱུ་དེ་ཡིན་ཞེས་ཀྲུའུ་ཧོང་ཝེ་ཡིས་ཡིད་ཆེས་བརྟན་པོས་དེ་ལྟར་བཤད། དེ་ཡང“སྒྲོན་སྟེགས་བཟོ་གྲྭ”ནི་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཁྲོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གྲངས་ཀ་ཅན་དང་། རིག་ནུས་ཅན་དུ་བསྒྱུར་བའི་ལག་རྩལ་སྔུན་ལ་བཀོལ་སྤྱོད་བྱས་ཏེ། ཐོན་སྐྱེད་ཕན་ཕྱོད་དང་ཕན་འབྲས་མངོན་གསལ་ཆེ་བའི་མཚོན་རྟགས་ཅན་གྱི་བཟོ་གྲྭ་ལ་ཟེར་ཞིང་། ཙང་ཀེ་ལིས་ལས་ཀྱིས་ཕྱོགས་དེ་ལ་འབད་འབུངས་བྱེད་བཞིན་ཡོད།

  གནད་འགག་རིམ་པ་ཁ་གསབ་བྱས་ནས་སྲིད་གཞུང་གི“མཉམ་ལས་པ”བཟང་པོ་བྱེད། 

གལ་ཏེ་ཙང་ཀེ་ཀུང་སིས“སྟོབས་ཆེན་མི་དྲགས”ཀྱི་ཀ་བ་ལྟ་བུའི་ཕུར་ཚིགས་ངོམ་ཡོད་ན། མཚོ་སྔོན་གྱི་ཝེ་དབྱང་ཚན་རྩལ་ཀུང་སིས“སྙིང་ལ་སྡུག་པའི”སྤུས་མཛེས་ཁྱད་འཕགས་ཀྱི་རྟོགས་བརྗོད་བརྩམས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཝོན་གཞི་ལིས་ལས་བཟོས་པའི་མུ་འབྲེལ་ཐོན་རྫས་གཞི་ཁྱོན་ཅན་ཐོན་སྐྱེད་ཐུབ་པའི་ཁེ་ལས་ཐོག་མ་ཡིན་པའི་ངོས་ནས་ལོ་རེར་ཝོན་གཞི་ལིས་ཏུན3100ཅན་གྱི་ལས་གཞི་ནི་ཚྭ་མཚོའི་ཐོན་ལས་སྦྲེལ་ཐག་ཁྲོད་ཀྱི་མེད་དུ་མི་རུང་བའི་ཁ་གསབ་རྣམ་གྲངས་ཤིག་ཡིན། ཀུང་སིའི་རྒྱུན་ལས་སྤྱི་གཉེར་གཞོན་པ་ཧྲི་ཡན་མན་གྱིས་འདི་སྐད། སྔོན་ཆད་མཚོ་སྔོན་གྱི་ལིས་ཐོན་ཁུངས་མང་ཤོས་རྨང་གཞིའི་ཐཱན་སྐྱུར་ལིས་རྣམ་པས་ཕྱིར་འཚོང་བཞིན་ཡོད་ཀྱང་། ཚད་ངེས་ཅན་ནས་ས་གནས་རང་དུ་འཕར་ཐང་མངོན་འགྱུར་བྱུང་མ་ཐུབ། ཝེ་དབྱང་ཚན་རྩལ་ཐོན་སྐྱེད་ཀྱི་ཏེན་རྨང་ཕོ་ལིས། ཀ་རྨང་ལིས་སོགས་ཐོན་རྫས་ནི་ལིས་གློག་ཡུས་ཀྱི་གློག་གྱེས་བཤེར་ཁུ་དང་། སྨན་རྫས་རྩེ་གྲ་དང་བསྲེས་བཟོས་འགྱིག་རྫས་བཅས་བཟོ་བར་མེད་དུ་མི་རུང་བའི་སྦྱོར་རྟ་གལ་ཆེན་ཡིན། ཁོས་མུ་མཐུད་དུ། “རིམ་པ་འདི་གཞན་ལ་བསྒྱུར་ཐུབ་ན་ནང་ལོགས་ཀྱི་ཐོན་སྐྱེད་དང་བསྡུར་ན་ཡང་། ཏུན་རེ་དབོར་འདྲེན་གྱི་མ་རྩ་སྐོར3000གྲོན་ཆུང་བྱེད་ཐུབ། དེ་ལས་ཀྱང་གལ་ཆེ་བ་ནི་ན་གོར་མོའི་ཐོན་ལས་སྦྲེལ་ཐག་དེ་དོན་དངོས་སུ‘གཅིག་ཏུ་བསྡུ’ཐུབ་ཟེར། 

ཅང་སུའུ་ནས་ན་གོར་མོར་སྤར་རྗེས། ཧྲི་ཡན་མན་ལ་མྱོང་ཚོར་ཆེན་པོ་ཞིག་ཡོད་པ་ནི“སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱེད་པ་དང་། རྒྱབ་སྐྱོར་ཆེན་པོ་བྱེད་པ། ལས་སྒྲུབ་ཕན་ཕྱོད་ཆེ་བ”དེ་རེད་ཟེར། 

ཁོས་གསར་འགོད་པར་འདི་སྐད། སྲིད་གཞུང་གི་སྣང་བརྙན་དེ“དོ་དམ་པ”ནས“མཉམ་ལས་པ”རུ་གྱུར་ཡོད།  ན་གོར་མོའི་བཟོ་ལས་གླིང་དུ“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་གནད་འཁེལ་ཞབས་ཞུ་ལག་བསྟར་བྱས་ཏེ། ཆེད་མི་མངགས་ཏེ་བཅའ་སྡོད་ཐོག བདེ་འཇགས་དཔྱད་ཞིབ་ནས་ཁོར་ཡུག་རྩིས་ལེན་བཅས་ཀྱི་གོ་རིམ་ཧྲིལ་བོར་སྣེ་ཁྲིད་དེ་ཚབ་སྒྲུབ་བྱེད་ཀྱི་ཡོད། “ཉེན་ཆེ་རྫས་འགྱུར་ཐོན་རྫས་གཉེར་སྐྱོང་འཐུས་ཡིག་སྒྲུབ་པ་དང་། ཡང་ན་རླངས་རོ་ཐག་གཅོད་སྒྲིག་ཆས་རིམ་སྤར་ལེགས་སྒྲིག་སོགས་ལས་ཀ་གང་ཞིག་ཡིན་ཡང་གླིང་ཁུལ་གྱིས་ཆེད་སྒྲུབ་དམིགས་སྒྲུབ་ལ་སོགས་སྔོན་ཐོན་གྱི་ཞབས་ཞུ་ནུས་རྒུས་སྒྲུབ་བཞིན་ཡོད། ”ཟེར། 

ན་གོར་མོ་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅན་དང་ཚན་རྩལ་ཅུས་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཧྲི་ཀོ་ཐའེ་ཡིས་བཟོ་གྲྭར་གསར་འགོད་པར་འདི་སྐད། “ཝེ་ཞིང་ཚན་རྩལ་ལྟ་བུའི‘འགག་གནད’གཏོར་བའི་ལག་རྩལ་གྱིས་ཚྭ་མཚོའི་ཐོན་ཁུངས་དེ་རང་ས་ནས་སྤུས་ལེགས་ཁྱད་གསར་གྱི་ཁེ་ལས་གསར་པ་ཞིག་ཏུ་བསྒྱུར་ཡོད་པས། ང་ཚོས་ལུས་པོ་སྒར་སྒར་གྱིས‘ཚོང་ཞབས་པ’ཡག་པོ་ཞིག་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་གསར་གཏོད་ལ་འབད་ཅིང་། ཁྲོམ་རར་རྒྱུག་ནས་ཞབས་ཞུ་གནད་ལ་འཁེལ་བ་བསྒྲུབ་རྒྱུ་དེ་ཡིན་པས། ཏག་ཏག་ཞབས་ཞུ་དེས་ཁེ་ལས་མདུན་སྐྱོད་ཀྱི་འགག་སྒོ་རེ་རེ་གཏོར་ཏེ།  མཚོ་སྔོན་དུ་ཝོན་རྨང་ལིས་ཐོན་རྫས་མེད་པ་ནས་ཡོད་པ་མངོན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འགག་གཏོར་ཐོག་མ་ཡིན་ཟེར།

ཁེ་ལས་གཅིག་ལ་ཞབས་ཞུ་བསྒྲུབས་པ་ནས་ཐོན་ལས་ཤིག་ལ་ཞབས་ཞུ་བསྒྲུབས་པའི་བར་ན་གོར་མོ་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅུས་ཀྱིས“ལས་དངོས་ཀྱི་གཞུང་སྒྲུབ་སྒྲོག་ཙེ”ཁེ་ལས་མང་པོ་ཡོད་སར་སྤར། ཧྲི་ཀའོ་ཐའེ་ཡིས་གསར་འགོད་པར་འདི་སྐད། གྲོང་ཁྱེར་དུ་དུས་ངེས་ཅན་ནང་སྒྲིག་འཛུགས་བྱས་ནས“ནང་ཞུགས་ཁེ་ལས་ཀྱི་ཞབས་ཞུ་དང་། ཡུལ་དངོས་ལས་སྒྲུབ”ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁེ་ལས་ཀྱིས་ཐད་ཀར་གནད་དོན་འདོན་པ་དང་། སྡེ་ཚན་གྱིས་ཐད་ཀར་ལས་འགན་ལེན་པ།  གནད་དོན་གྱི་གསལ་ཐོ་གྲུབ་རྗེས་སྲིད་གཞུང་གིས་སྐུལ་སྒྲུབ་དང་བརྡ་སྦྱོར་གྱི་ལམ་ནས་འབྲེལ་ཡོད་ལས་ཁུངས་སོ་སོ་ལ་ལས་བགོས་བྱས་ཏེ་དུས་བཀག་ནང་བསྒྲུབ་ཏུ་འཇུག་པ་ཡིན། དཔེར་ན་ཧ་ཞི་ཡ་ཐུའུ་གཏེར་ལསC11ཁབ་ལེན་གྱི་རྒྱུན་ལྡན་མིན་པའི་ལྕགས་མང་གཏེར་ཁ་འདེམ་སྔོག་གི་ལས་གཞིའི་ཁྲོད་ཀྱི་ཆུ་འདོན་དཀའ་གནད། ནུབ་གཏེར་གྱི་དཀོན་ལ་རྩ་ཆེ་བའི་ལྕགས་རིགས་ཀུང་སིའི་ལྕགས་མང་ཐོན་ཁུངས་ཕྱོགས་བསྡུས་འཁོར་སྐྱོད་བེད་སྤྱོད་དང་ཁོར་སྲུང་རིམ་སྤར་ལེགས་སྒྱུར་གྱི་ལས་གཞིའི་ལྕགས་རིགས་ལྕི་བའི་དམིགས་ཚད་སྙོམས་སྒྲིག ཚྭ་མཚོའི་རྨེ་ལས་བཟོ་ལས་ཚྭ་དང་ཧྲི་ཧའེ་ཧྲི་མཁོ་འདོན་འགན་སྲུང་། ཙང་ཀེ་ཅཱ་ལུད་ཀྱི་ཚྭ་ཞིང་དང་དེའི་ཚྭ་ཆུ་འདྲེན་རྐའི་ས་ཞིང་གི་འགྲོ་ལུགས་སོགས་ལྟ་བུ་ཡིན་པས།  ཁེ་ལས་གོང་སྤེལ་གྱི“ན་རེག་ཅན”སྐོར་ཞིག་གིས་གོ་རིམ་ཧྲིལ་བོར“གཅིག་བསྡུས་ཅན་གྱི་ཞབས་ཞུ་དང་། བུ་གཉོར་བའི་ཞབས་ཞུ་རྣམ་པ”སྤྱད་དེ་རིམ་གྱིས་དཀའ་གནད་རེ་རེ་སེལ་བཞིན་ཡོད། 

2026ལོར་ན་གོར་མོ་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི“ཡུལ་དངོས་གཞུང་སྒྲུབ་ནང་ཞུགས་ཞབས་ཞུ”ནང་རྐྱེན་ལམ་ལུགས་ལ་གཞི་བཅོལ་ཏེ། གནད་འཁེལ་ཞབས་ཞུ་དེ་ལས་གཞིའི་ཚེ་སྲོག་གི་འཁོར་རྒྱུན་ཧྲིལ་བོར་སྐྱ་འཐིབས་པ་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་ལེགས་པོ་བྱས། 《ན་གོར་མོ་ཚྭ་མཚོའི་ལྗང་མདོག་ཐོན་ལས་གླིང་གི་སྤྱིའི་འཆར་འགོད》བཏོན་པ་ནས་ལྕགས་རིགས་གཞུ་སྦྱངས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། ནུས་ཁུངས་གཙང་མ་བཅས་ཐོན་ལས་དུ་དམ་མཉམ་དུ་བསྲེས་པའི་བར་དུ་ན་གོར་མོ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་ཁྱབ་གསལ་བོར་བརྟེན་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་ཡི་བརྗིད་ཆགས་པའི་འཆར་འགོད་རིས་ལྗོས་གོམ་གང་མདུན་སྤོས་ཀྱིས་ཡར་འདེགས་བཞིན་ཡོད།
  ཅཱ་ལུད་ནས་ཚྭ་ཆུ། དེ་ནས་ཐོན་ལས་འབྲེལ་ཐག་གི་རིས་ཁྲ་བར་དུ་ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཚོས་གཞི་དང་། གསར་གཏོད་སྒུལ་ཤུགས་སུ་བཟུང་སྟེ།  དམིགས་འབེན་མངོན་འགྱུར་ཕྱོགས་ལ་བློ་རྩ་བརྟན་པོས་བསྐྱོད། དཀར་གཙང་གི་དག་ཞིང་འདིས་ཆེས་སྔོན་ཐོན་གྱི་ཚན་རྩལ་དང་ཆེས་ཏན་ཏིག་གི་དངོས་ལས་ལ་བརྟེན་ནས་ཧ་ཅང་རྩ་ཆེ་བའི་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔྱིད་ཀྱི་དཔལ་ཡོན་བསུས་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།