ཞིང་ཆེན་ཡོངས་ཀྱི་ལས་གཉེར་ཚོགས་སྤྱིའི་བསམ་བློ་ཆབ་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཞིང་ཆེན་ཡོངས་ཀྱི་ལས་གཉེར་ཚོགས་སྤྱིའི་བསམ་བློ་ཆབ་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་གྱིས་གཏམ་བཤད།

ཚོགས་ཐོག་ནས་ལས་གཉེར་ཚོགས་སྤྱིའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་རྒྱུ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། གསར་དུ་ལས་གཉེར་བྱ་བའི་ཚོགས་སྤྱི་མཐུན་སྒྲིལ་ཆིག་སྒྲིལ་བྱེད་པའི་དགོས་མཁོ་དང་སྤྱི་ཚོགས་རྨང་རྐང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། གཞི་འཛིན་ས་གཙོ་བོ་ནི་ཆབ་སྲིད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་རྒྱུ་ཡིན་ལ། གནད་འགག་ནི་རྩ་འཛུགས་མ་ལག་འཛུགས་རྒྱུ་དང་། སྙིང་བོ་ནི་ཞབས་ཞུ་དོ་དམ་ཤུགས་དྲག་ཏུ་གཏོང་རྒྱུ་དེ་ཡིན་ཞེས་བསྟན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གསར་དུ་ལས་གཉེར་བྱ་བའི་ཚོགས་སྤྱིའི་སྣེ་ཁྲིད་ནས་ཏང་གི་དྲིན་ཤེས་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་བསམ་བློ་ཆབ་སྲིད་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཁེ་དབང་འགན་སྲུང་གི་ཁེགས་གནས་དང་ཞབས་ཞུ་འདོན་སྤྲོད་ཀྱི་མི་འདང་ས་བཙལ་ནས་ཇུས་འདོན་གནད་ཁེལ་བྱས་ཏེ་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་དངོས་སུ་ཐག་བཅད་པ་དང་། ཏང་དང་སྲིད་གཞུང་གི་དྲོད་ཁོལ་བརྒྱུད་སྤྲོད་བྱས་ཤིང་གསར་དུ་ལས་གཉེར་བྱ་བའི་ཚོགས་སྤྱིས་སེམས་གཏིང་ནས་ཏང་གི་འགོ་ཁྲིད་ཁས་ལེན་པར་བྱས་ནས་ཏང་གི་དྲིན་ཤེས་པའི་བརྩེ་བའི་ངོས་ཟིན་ཐོབ་པར་བྱ་དགོས། ཏང་ཡོན་ལས་ཞུགས་པར་སྐུལ་ཁྲིད་བྱས་ནས་རང་འགུལ་ངང་ཁྱིམ་ཚང་ཁྲི་སྟོང་མང་པོ་ལྷན་དུ་སྦྲེལ་བའི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་དང་ཉེན་ཟོན། དཔལ་ཡོན་གསར་སྐྲུན། དང་བླང་ཞབས་ཞུའི་ཁྲོད་རང་འགུལ་གྱིས་ཞུགས་ནས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་རྗེས་སུ་འབྲངས་པའི་ཁག་ཁུར་མངོན་པར་བྱེད་དགོས།

ཚོགས་འདུའི་སྔོན་ལ་ཚའོ་ཅུན་ཟི་ལིང་ཏུང་ཧྥིན་ས་ཚིགས་དང་ཧྲུན་ཧྥུན་མྱུར་སྐྱེལ། གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ཏང་གི་མང་ཚོགས་ལྟེ་གནས་བཅས་སུ་སོང་ནས་གསར་དུ་ལས་གཉེར་བྱ་བའི་ཚོགས་སྤྱིའི་ཆབ་སྲིད་བསམ་བློ་དང་ཁེ་དབང་འགན་སྲུང་། ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཚོགས་ཐོག་ནས་ཟོང་འཁོར་དང་གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། མངག་སྐྱེལ་མི་སྣ། མྱུར་སྐྱེལ་མི་སྣ། དྲ་ལམ་ཐད་གཏོང་མི་སྣའི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།