ཟླ5པའི་ཚེས12ཉིན། ཞིང་ཆེན་སྲིད་གཞུང་གིས་བརྙན་རིས་ཀྱི་རྣམ་པས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་ཁྲིམས་སྦྱོང་འཆད་ཁྲིད་བྱས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག》ཆེད་དུ་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་གཏམ་བཤད།
གྲོས་ཚོགས་ལས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཟི་ཡི་ཟི་ཀྲང་གཞོན་པ། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་སུན་ཧུང་ཡན་གདན་ཞུ་བྱས་ཏེ་ཆེད་དོན་ཟུར་ཁྲིད་བྱས། སུན་ཧུང་ཡན་གྱིས་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་དང་། རང་བྱུང་སྲུང་སྐྱོབ་ཁུལ་སྲོལ་ཡིག་བཏོན་པ་དང་གཏན་འབེབས་ཀྱི་ལོ་རྒྱུས་དོན་སྙིང་དང་ནང་དོན་གཙོ་བོ་སོགས་ལ་དམིགས་ནས་ཕྱོགས་ཡོངས་དང་མ་ལག་ལྡན་པའི་འགྲེལ་ཀློག་ཟུར་ཁྲིད་བྱས་པར་མ་ཟད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁ་གཏད་རང་བཞིན་གྱི་བྱ་བའི་གྲོས་གཞི་བཏོན།
ལུའོ་ཏུང་ཁྲོན་གྱིས་འཆད་ཁྲིད་ལ་ཉན་རྗེས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གི་རྐྱེན་སྲོལ་བཙུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས་འགྲེང་སྟེ་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་གཏན་འབེབས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་བྱས་པ་ནི། ཏང་ཀྲུང་དབྱང་གིས་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དེ་རྒྱལ་ཁབ་ཀྱི་རེ་འདུན་དང་ལམ་ལུགས་ཚད་ལྡན་དུ་བསྒྱུར་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཐེངས་འདིའི་ཆེད་དོན་ཁྲིམས་སྦྱོང་འཆད་ཁྲིད་གོ་སྐབས་སུ་བརྩིས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་མགྱོགས་མྱུར་ངང་བསྐྲུན་པ། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་འབད་པས་སྐུལ་འདེད་གཏོང་བའི་སྟེང་མདུན་གྲལ་དུ་སླེབས་པར་བྱས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་ངེས་གནས་དང་བར་སྟོང་བཀོད་པ་སྔར་ལས་གསལ་བར་བྱེད་པ། རང་བྱུང་སྲུང་སྐྱོབ་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱེད་པ་ལག་བསྟར་དང་། རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་དོ་དམ་ལམ་ལུགས་ཤུགས་དྲག་ཏུ་གཏོང་བ། རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི“འཆར་སྒོ་གཅིག”ལེགས་པོར་འགོད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཁུལ་དབྱེའི་དོ་དམ་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བཟོ་སྐྲུན་ཚན་རིག་དང་མཐུན་པར་ཚད་ལྡན་དུ་གཏོང་བ་དང་ལག་བསྟར་བྱེད་པ། དྲ་མིག་ཅན་གྱི་དོ་དམ་སྐོར་སྲུང་ཤུགས་དྲག་ཏུ་བཏང་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རྣམ་པ་དང་ཆ་ཚང་རང་བཞིན་གྱི་སྲུང་སྐྱོབ་ཐད་ཤུགས་སྣོན་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་རྐྱེན་སྲོལ་སྔར་ལས་ཁོང་དུ་ཆུད་པར་བྱེད་པ་དང། ཁུལ་ཁོངས་བརྒལ་བའི་མཐུན་སྦྱོར་མཉམ་བསྐྲུན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཁུལ་ཁོངས་གསབ་རེས་དང་བཅོས་སྐྱོང་ནུས་མཐོའི་རང་བྱུང་སྲུང་སྐྱོབ་ཁུལ་མཐུན་སྦྱོར་མཉམ་སྐྱོད་འཕེལ་རྒྱས་ཀྱི་མ་ལག་གྲུབ་པར་བྱད་དགོས། དམངས་ཕན་དམངས་བདེའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་རྒྱ་སྐྱེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་ཟོང་རྟགས་ཞིབ་ཚགས་སྒོས་བསྐྲུན་པ། ཁེ་ཕན་མཉམ་སྦྲེལ་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྣ་མང་གཅིག་འདུས་མཉམ་བསྐྲུན་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་སྣ་མང་གི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་དང་བཅའ་ཁྲིམས་རྒྱུན་ཤེས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ། ནོར་སྲིད་དངུལ་གཏོང་གཙོ་འཛིན་པའི་སྣ་མང་ཅན་གྱི་མ་དངུལ་འགན་སྲུང་ལམ་ལུགས་འཛུགས་པ་བཅས་ཀྱིས་ཚན་རྩལ་ནུས་སྐྱེད་མུ་མཐུད་ཤུགས་དྲག་ཏུ་གཏོང་བ་དང་། མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་རྨང་གཞི་བརྟན་པོར་བསྐྲུན་དགོས།