“སྤུས་རྟགས་དང་འགྲོགས་ནས་ཡུལ་སྐོར་བྱེད” མཚོ་སྔོན་གྱི་སྤུས་རྟགས་ཤིག་ཉམས་ལེན་བྱ་ཡུལ་སྐོར་ཐེངས་དང་པོའི་འོས་སྦྱོར་མིང་ཐོའི་ནང་ཚུད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤུས་རྟགས་ཀྱི་ཁྲིད་སྟོན་དང་ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་འཕེལ་རྒྱས་སི་ཡིས་རིག་གནས་དང་ཡུལ་སྐོར་པུའུ་ཡི་ཐོན་ལས་འཕེལ་རྒྱས་སི་དང་མཉམ་དུ“སྤུས་རྟགས་དང་འགྲོགས་ནས་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་སྤེལ།  ཟླ5པའི་ཚེས10ཉིན། སྐོར་ཐེངས་དང་པོའི“སྤུས་རྟགས་དང་འགྲོགས་ནས་ཡུལ་སྐོར་བྱེད”ཅེས་པའི་ཉམས་ལེན་བྱ་ཡུལ30ཡི་འོས་སྦྱོར་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཧྲིན་ཡོན་ས་གདན་སྤུས་རྟགས་ཉམས་ལེན་བྱ་ཡུལ་དུ་བདམས་པ་རེད། 

“སྤུས་རྟགས་དང་འགྲོགས་ནས་ཡུལ་སྐོར་བྱེད”ཅེས་པའི་ཉམས་ལེན་བྱ་ཡུལ་ནི་སྤུས་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤུས་རྟགས་ཀྱི་སྣང་བརྙན་སྟོན་པ། སྤུས་རྟགས་ཉམས་ལེན་གྱི་ལྗོངས་རྣམ་བསྐྲུན་པ་བཅས་ཀྱི་གསར་གཏོད་ལས་སྟེགས་ཤིག་ཡིན་པ་དང་། སྤུས་རྟགས་ཀྱི་སྟོབས་ཤུགས་ཆེན་པོ་དང་ལག་རྩལ་གསར་གཏོད་ནུས་པ་ལྡན་པའི་ཁེ་ལས་སོགས་ལ་བརྟེན་ནས། སྒོ་འབྱེད་རྣམ་པ་ཉམས་ལེན་དང་། རིག་གནས་ཡུལ་སྐོར་མཉམ་འགུལ་ཤུགས་ཆེར་གཏོང་བ། རིག་གནས་དོན་བརྗོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ་བརྟེན་ནས། དྲན་ཤེས་ལྡན་པ་དང་དྲོད་ཁོལ་ལྡན་པའི་སྤུས་རྟགས་བརྒྱུད་སྤེལ་གྱི་རྟེན་གཞི་སྐོར་ཞིག་གསར་སྐྲུན་བྱས་ཏེ། ཀྲུང་གོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུར་རོགས་རམ་བྱེད་པར་མ་ཟད། སྤུས་རྟགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་གསོ་སྐྱོང་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཤོང་སྐྱེད་སྤུས་འདེགས་བྱས།

སྤུས་རྟགས་ཀྱི་མཚན་སྙན་མཐོ་བ་དང་། རིན་ཐང་གི་ནང་སྙིང་འབུར་དུ་ཐོན་པ། ཉམས་ལེན་གྱི་ནང་དོན་ཕུན་སུམ་ཚོགས་པ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས། ས་ཁོངས་དོ་སྙོམས་རང་བཞིན་དང་ལས་རིགས་ཀྱི་ཚབ་མཚོན་རང་བཞིན་ལ་ལྟ་རྟོག་བྱས་ནས། སྤུས་རྟགས་ཉམས་ལེན་བྱ་ཡུལ་སྐོར་ཐེངས་དང་པོ་གཏན་འཁེལ་བྱས་པ་རེད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་སྤུས་རྟགས་ཉམས་ལེན་བྱ་ཡུལ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར22ལ་ཁྱབ་ཅིང་། བཟོ་སྐྲུན་ལས་རིགས་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས། ཞིང་ལས། རིག་གནས་ཐོན་ལས་བཅས་རིགས་ཆེན་པོ་བཞིར་ཁྱབ་ཡོད། “སྤུས་རྟགས་དང་འགྲོགས་ནས་ཡུལ་སྐོར་བྱེད”ཅེས་པ་འདིས་ཀྲུང་གོའི་སྤུས་རྟགས་ངོས་འཛིན་བྱ་རྒྱུར་སྐར་ཁུང་གསར་པ་ཞིག་བཏོད་པ་དང་། ཁེ་ལས་ཀྱི་ལག་རྩལ་སྟོབས་ཤུགས་དང་བཟོ་སྐྲུན་བཟོ་རྩལ། རིག་གནས་ཀྱི་ནང་དོན་བཅས་མང་ཚོགས་ཀྱི་ཡུལ་དངོས་ཉམས་ལེན་དང་། བརྩེ་སེམས་གཅིག་མཐུན། རིན་ཐང་ངོས་འཛིན་གཅིག་མཐུན་བཅས་དང་མཉམ་འདྲེས་གཏིང་ཟབ་བྱུང་ཚེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་སྤུས་རྟགས་གཏམ་རྒྱུད་དེ་བས་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་ཐུབ་པར་མ་ཟད། ཀྲུང་གོའི་སྤུས་རྟགས་དཀའ་སྤྱད་འབད་འཐབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལའང་བརྒྱུད་སྤེལ་ཐབས་ལམ་གསར་རྐྱང་ཞིག་ཡོད་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།