ཟླ5པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཐད་བགྲོ་གླེང་སྤེལ་རེས་ཐེངས་གཉིས་པ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་བ། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བླངས་ཏེ། ཧུར་ཐག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས་གཉིས་བགྲོ་གླེང་ཚོགས་འདུར་ཞུགས།
བགྲོ་གླེང་སྤེལ་རེས་ཁྲོད། ཝང་ཏ་ནན་དང་པད་གོ ཀྲང་ཧོང་ཡོན། ཝང་ཧའེ་ཧུང་། ཅིན་ཧྲིན་ཧྲོའུ་བཅས་ཀྱིས་སོ་སོར་གཏམ་བཤད། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་པས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས།
ཝུའུ་ཞའོ་ཅུན་གྱིས་དེང་སྐབས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ལག་བསྟར་བྱས་ཏེ་ཕན་འབྲས་ལེན་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་སྲིད་འབྲས་ལྟ་བར་ཞིབ་དཔྱད་བྱེད་པའི་གཞི་རྩའི་ཚད་གཞིར་བརྩིས་ནས། སློབ་སྦྱོང་ཟབ་མོ་བྱེད་པ་དང་ཞིབ་བཤེར་ནན་མོ་བྱེད་པ། ལེགས་བཅོས་བཟང་བོ་བྱེད་པ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་འདོན་པ་དང་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། སྐོར་ཐེངས་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དོན་འཁྱོལ་བཟང་བོ་བྱེད་པ་དང་དམངས་ཕན་འགུལ་སྐྱོད་བདུན་བཟང་བོར་སྤེལ་བ། ལས་ཡུལ་དང་པོར་སོང་ནས་གནས་ཚུལ་ངོ་མར་རྒྱུས་ལོན་བྱེད་པ་དང་གནད་དོན་ངོ་མ་རྙེད་པ། བྱེད་ཐབས་བཟང་བོ་སྤྱོད་པ་བཅས་བྱས་ནས་རིགས་སོ་སོའི་མང་ཚོགས་དང་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ལས་དོན་མཉམ་དུ་སྒྲུབ་དགོས། ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱེད་པ་དང་། སྲིད་འབྲས་ལྟ་བའི་ནོར་འཁྲུལ་སྔོན་འགོག་དང་ཡོ་བསྲང་བྱེད་པ། བློ་བརྟན་འགྱུར་མེད་སྒོས་སྣང་བརྙན་བཟོ་སྐྲུན་དང་སྲིད་འབྲས་བཟོ་སྐྲུན་གཏན་འགོག་བཅས་བྱས་ནས་ཚད་ཡོད་ཀྱི་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་གཞི་གྲངས་རྫུན་བཟོ་དང་འུད་བསྟོད་རྫུན་ཞུ་བྱེད་པ་གཏན་འགོག་བྱས་ནས་སྡོམ་རྩིས་གཞི་གྲངས་ཀྱི་དོན་དངོས་རང་བཞིན་དང་ཡང་དག་རང་བཞིན། ཆ་ཚང་རང་བཞིན་བཅས་ལ་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པའི་ཡུན་ཐུང་གི་བྱ་སྤྱོད་གཏན་འགོག་བྱས་ཏེ། སྐབས་རེ་རེ་བཞིན་མཐུད་ནས་བྱ་བ་བཟང་བོར་སྒྲུབ་ནས་གྲུབ་འབྲས་བཟང་བོ་ལེན་དགོས། བློ་བརྟན་འགྱུར་མེད་སྒོས་ཁྱད་དབང་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་གཏན་འགོག་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ནན་མོ་བྱེད་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་འབད་པས་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་མཚོ་སྔོན་འཕེལ་རྒྱས་ཀྱི་བྱ་བའི་བྱས་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་དངོས་སྒྲུབ་ཀྱི་སྒུལ་ཤུགས་སློང་བ། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རར་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་བརྟེན་ནས་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྒྱུན་མཐུད་གཏན་འཇགས་ལ་འགན་ལེན་བྱེད་དགོས། ལམ་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་ནས་སྲིད་འབྲས་ལྟ་བ་ཡང་དག་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་པ་དང་། དཔྱད་ཞིབ་བཀོད་འདོམས་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ། མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་ཁྲིད་ཕྱོགས་ལ་སྣེ་ཁྲིད་བྱེད་པ། སྐོར་ཞིབ་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རང་རྟོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འབད་པས་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།
བགྲོ་གླེང་ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་རྣམས་ཀྱིས་གཅིག་བསྡུས་སྒོས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་སྙིང་སྟོབས་འགྲེམ་སྟོན་ཁང་དུ་ལྟ་ཞིབ་བྱས། ཚང་མས་མི་རབས་རེ་རེའི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་པ་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་རྒྱུན་མཐུད་ངང་འབད་འཐབ་བྱས་ཏེ་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བ་དང་ལམ་ཐག་ཆེས་རིང་བའི་མཐོ་སྒང་གི་ལྕགས་ལམ་བསྐྲུན་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ངོ་མ་བསྐྲུན་ཡོད། འཛུགས་སྐྲུན་པ་རྣམས་ཀྱི་དཀའ་ངལ་ལ་གདོང་གཏོད་ཐུབ་པ་དང་རྩེ་གྲ་བསྐྲུན་ཐུབ་པའི་སྙིང་སྟོབས་དང་། མི་ཚེ་གང་བོ་ལྕགས་ལམ་ལས་དོན་ཐད་ཕུལ་བའི་བརྩེ་བ། བྱས་རྗེས་ཁྲོད་རང་ཉིད་ཡོད་མི་དགོས་ཀྱང་བྱས་རྗེས་འཇོག་པར་ངེས་པར་རང་ཉིད་ཡོད་དགོས་པའི་གཏོང་ཕོད་བཅས་ལ་ཤེས་ཚོར་ཟབ་མོ་མྱོང་དགོས་པ་དང་། བསྒྲུབ་དགོས་པ་ངེས་པར་དུ་བསྒྲུབ་པ་དང་སྒྲུབ་ཐུབ་པ་འབད་པས་སྒྲུབ་པ། སྒྲུབ་མི་འོས་པ་གཏན་ནས་མི་སྒྲུབ་པ་བཅས་བྱས་ཏེ། སྲིད་འབྲས་ངོ་མར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་པར་བྱེད་རྒྱུ་ཡིན་ཞེས་བསྟན།