ཟླ5པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད་ལས་བྱེད་པ་དང་ལས་བཟོ་བར་བཞུགས་མོལ་བརྗེ་རེས་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་གོ་བ་ཞིབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་ཐོན་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་ཁང་དུ་སོང་ནས། ལུའོ་ཏུང་ཁྲོན་གྱིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཐོན་ཁུངས་དང་། ཚན་རིག་ཁྱབ་གདལ་སློབ་གསོ། ཕྱི་ཕྱོགས་སྒོ་འབྱེད་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་བྱས་རྗེས། ཁྱད་ཆོས་འབུར་དུ་དོད་པ་དང་འགྲེམས་སྟོན་གྱི་བཀོད་པ་མུ་མཐུད་ཇེ་ལེགས་སུ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་རྟེན་མཛོད་ཁང་རྩེ་གྲ་བསྐྲུན་དགོས་ཞེས་བཤད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་དུ་ལུའོ་ཏུང་ཁྲོན་གྱིས་ལས་བྱེད་པ་དང་ལས་བཟོ་བར་བརྗེ་རེས་གཏིང་ཟབ་བྱས་ནས། ཁོ་ཚོར་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འགན་འཁུར་དངོས་སྒྲུབ་ཁྲོད་ཆེད་ལས་ཀྱི་བྱང་ཚད་སྦྱོང་བརྡར་དང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་སྐུལ་ལྕག་བྱས།
དེའི་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཏུང་ཁྲོན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་ནས། བློ་བརྟན་འགྱུར་མེད་ངང་རང་བྱུང་ཐོན་ཁུངས་ཀྱི“དོ་དམ་པ་ཆེན་པོ”དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི“སྲུང་སྐྱོབ་མཁན”ཡག་པོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་བྱས་རྗེས་གསར་པ་འཇོག་དགོས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཚད་ལྡན་དུ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྡེབ་སྒྲིག་ལེགས་སྒྱུར་བཅས་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྔར་ལས་ལེགས་པོར་མངོན་དུ་འཇུག་དགོས། རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་གི་བཀོད་པ་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་གཏིང་ཟབ་ཏུ་གཏོང་བ་དང་། “དཔེ་རིས་གཅིག”གི་ནུས་པ་འདོན་སྤེལབྱས་ཏེ་མུ་མཐུད་དུ་རྒྱལ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་རྒྱལ་ཁོངས་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་གཏོད་དགོས། ཐོན་ཁུངས་ཀྱི་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་པ། རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྗང་མདོག་རྩད་ཞིབ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་དང་གསར་གཏོད་རྐྱེན་སྲོལ་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ནུས་ཆེའི་ཞིབ་མཆན་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་བེད་མེད་དུ་ལུས་པའི་གསོག་འབོར་གྱི་ཐོན་ཁུངས་བེད་སྤྱོད་བྱེད་དགོས། མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་ཤུགས་བསྣན་ནས་ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་བྱ་བ་ཏན་ཏིག་གིས་ཡག་པོ་སྒྲུབ་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། བྱ་བའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་བསྒྱུར་ཏེ། མུ་མཐུད་དུ་རང་བྱུང་ཐོན་ཁུངས་དོ་དམ་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།
ལིའུ་ཐའོ་རྟོག་ཞིབ་ལ་ཞུགས