གཟིགས་དང་། འདི་ནི་གཅན་ཚ་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

གཟིགས་དང་། འདི་ནི་གཅན་ཚ་ཡིན།

རྨ་ཆུའི་སྟོད་རྒྱུད་ཀྱི་འགག་དང་མཚེའུ་གཅིག་སྡུད་ཀྱིས་ཁྱབ་པའི་ས་ཁུལ་གལ་ཆེན་ཞིག་ཏེ།

རྨ་ཆུ་སྔོན་མོ་གཅན་ཚ་རྫོང་གི་མངའ་ཁོངས་སུ་ཀྱག་ཀྱོག་གིས་སྤྱི་ལེ96ལ་རྒྱུ་བ་དང་།

མཛེས་པའི་མཐོ་སྒང་འདི་བཅུད་ཀྱིས་གཏམས།

ལོ་ངོ་དུང་ཕྱུར་དུ་མའི་ས་གཤིས་འཕོ་འགྱུར་བརྒྱུད།

གནས་འདི་རུ་འཛམ་གླིང་རིམ་པའི་ཏན་ཞ་ས་དབྱིབས་ཆགས་པ་དང་།

ལོ་ངོ་སྟོང་ཕྲག་ལ་མདའ་འཕེན་རིག་གནས་རྒྱུན་འཛིན་བྱས་པས།

ལུས་རྩལ་དང་ཡུལ་སྐོར་རིག་གནས་ལས་དོན་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་མཐུད་ངང་སྐུལ་ཁྲིད་བྱས།

རྨ་ཆུའི་འགྲམ་རྒྱུད་དུ་མཛེས་པའི་གྲོང་གསེབ་དར་རྒྱས་བྱུང་བ་དང་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསོན་ཉམས་ལྡན་པར་མངོན་ཡོད།

ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས།

 

གཅན་ཚ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་།

ཆེས་དམའ་བའི་མཚོ་འཕགས་སྨི1960ཡོད།

མདོ་དབུས་མཐོ་སྒང་དུ་ཡོད་པའི་དྲོད་འཇམ་གྱི་ཀླུང་ཐང་ཞིག་ཡིན་ལ།

རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས།

གྲོང་གསེབ་དར་སྤེལ་བཅས་མཉམ་དུ་སྐུལ་འདེད་གཏོང་བའི་མཐོ་སྒང་གི་གྲོང་ཁྱེར་གསར་པ་ཞིག་ཀྱང་ཡིན།

 

གཅིག འཛམ་གླིང་ས་གཤིས་སྤྱི་གླིང་གི་ངོ་མཚར་བའི་བརྗིད་ཉམས།

ལོ་ངོ་དུང་ཕྱུར་དུ་མའི་རིང་ལ་ཆར་རླུང་གིས་གཙེ་བས་ད་ལྟའི་གཅན་ཚའི་རང་བྱུང་བཀོད་པ་བྱུང་།

2025ལོའི་ཟླ4པར།

ཁམས་ར་རྒྱལ་ཁའི་ངང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བདམས།

ངོ་མཚར་བའི་རི་རྩེ་དང་རལ་གྲིས་གཞོག་འདྲའི་གཡང་གཟར།

རྨ་ཆུའི་གྲོག་རོང་དང་མཚེའུས་བརྒྱན་ནས་ཡིད་དུ་འོངས་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།

ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས།

 

ཏན་ཞ་རི་བོ་དྭངས་གཙང་གི་ཆུ་ངོས་སུ་ཤར་ཞིང་། གྲོག་རོང་མཐོན་པོ་མཚེའུ་ལས་ཡར་འཕགས།

སྔོ་རྒྱ་འགག་གི་ཆུ་རགས་ཀྱིས་ཀླུང་ཐང་འཕྲེད་དུ་བཅད་པས།

རྩི་ཤིང་སྟུག་པོ་སྐྱེས་ཤིང་རྩ་ཆེ་བའི་འདབ་ཆགས་གནས་འདིར་འདུས།

རང་བྱུང་སྐྱེ་ཁམས་དང་མི་ཆོས་མཛེས་ལྗོངས་འཆམ་མཐུན་མཉམ་གནས་བྱས་ཡོད།

གནས་འདི་ནི་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན་ལ།

ས་གཤིས་ཚན་སྤེལ་དང་སྐྱེ་ཁམས་ཞིབ་འཇུག་བྱ་སའི་རང་བྱུང་གི་སློབ་ཁང་ཞིག་ཀྱང་རེད།

ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས།

 

འཛམ་གླིང་ས་གཤིས་སྤྱི་གླིང་གི་ཟོང་རྟགས་ལ་བརྟེན་ནས།

ས་གནས་དེ་གས་སྲུང་སྐྱོབ་གཙོར་བཟུང་སྟེ་ཚད་དང་རན་པའི་གསར་སྤེལ་དང་།

རྐང་ལམ་དང་ལྗོངས་གཟིགས་སྟེགས་བུ།

ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སོགས་ཀྱི་སྒྲིག་ཆས་རྒྱུན་མཐུད་སྒོས་འཐུས་ཚང་དུ་བཏང་སྟེ།

སྐྱེ་ཁམས་གྱི་རིན་ཐང་གོ་རིམ་ལྡན་པའི་སྒོ་ནས་འདོན་ཐུབ་པ་དང་།

བརྗིད་ཉམས་དང་ངོ་མཚར་ཆེ་བའི་རི་ཆུ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐོན་ཁུངས་རྩ་ཆེན་ཞིག་ཏུ་གྱུར་ཡོད།

 

གཉིས། “མདའ་མོ་གཡང་རྫོང”གི་རིག་གནས་རྒྱུན་འཛིན།

རླངས་འཁོར་ལ་བསྡད་དེ་གཅན་ཚ་རྫོང་དུ་བསྐྱོད་དུས།

“ཀྲུང་གོ་མི་རིགས་མདའ་མོ་གཡང་རྫོང”ཞེས་པའི་ཡིག་འབྲུ་ཆེན་པོ་བརྒྱད་མིག་ལམ་དུ་ཤར་ཡོང་།

ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་མདའ་འཕེན་རིག་གནས་ནི།

གཅན་ཚ་འཕེལ་རྒྱས་ཁྲོད་བརྐོས་པའི་རྟགས་མཚན་མངོན་གསལ་དོད་པ་དེ་ཡིན།

གནས་འདིའི་མདའ་འཕེན་སྲོལ་རྒྱུན་གྱི་ལོ་རྒྱུས་ཧ་ཅང་རིང་སྟབས།

གནའ་སྔ་མོ་ནས་རྒྱུན་གཏན་འཚོ་བའི་ནང་འདྲེས་ཏེ།

ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བྱེད་སྒོ་ཞིག་ཏུ་གྱུར་ཡོད།

མདའ་འཕེན་འགྲན་སྡུར་བྱེད་པའི་རྣམ་པ།

 

“མདའ་མོ་གཡང་རྗོང”གི་རིག་གནས་ཟོང་རྟགས་ཀྱི་མཚན་སྙན་ཕྱོགས་བཞིར་ཁྱབ་ཅིང་།

དམངས་ཁྲོད་ཀྱི་རང་འགུལ་བྱེད་སྒོ་ནས།

རིམ་གྱིས་ཚད་ལྡན་ཅན་དང་ཟོང་རྟགས་ཅན་གྱི་རྒྱལ་སྤྱིའི་ལུས་རྩལ་འགྲན་སྡུར་གྱི་ལམ་ཁར་ཕྱོགས།

“མདའ་མོ་གཡང་རྫོང”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་སྡུར་གྱིས།

རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པའི་ཡིད་དབང་བཀུག་སྟེ།

སྲོལ་རྒྱུན་ལུས་རྩལ་ལ་དུས་རབས་གསར་པའི་གསོན་ཤུགས་གསར་པ་བསྩལ།

འགྲན་ཞུགས་པས“མདའ་མོ་གཡང་རྗོང”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་ཁྲོད་མདའ་འཕེན་བཞིན་པ།

 

ལུས་རྩལ་སྟེགས་བུ་གསར་བསྐྲུན་བྱས་ཏེ། རིག་གནས་ཡུལ་སྐོར་གྱིས་ཟློས་གར་འཁྲབ།

མདའ་འཕེན་རིག་གནས་དང་། ཡུལ་སྐོར་ལྗོངས་རྒྱུ།

དམངས་སྲོལ་ཉམས་ལེན། སྤྲོ་གསེང་ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ།

རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་།

ས་ཁོངས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཆེ་རུ་བཏང་སྟེ།

གཅན་ཚའི་རིག་གནས་དང་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

 

གསུམ། རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཚོའི་འཕོ་འགྱུར།

རྨ་ཆུའི་འགྲམ་ངོགས་སུ་ཁྱིམ་ཚང་ཡོད་ལ།

གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་དེ་ངོགས་ཀྱི་བྱེ་ཐང་བརྒྱུད་ནས་མངོན་ཡོད།

བདེ་སྐྱིད་གྲོང་ཚོ་དང་ཀླེ་གཞུག་གྲོང་ཚོ་སོགས་ཁྱད་ལྡན་གྲོང་སྡེ་ཁག་ཅིག་ནི།

རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་གྲོང་ཚོའི་རྣམ་པ།

 

སྔོན་ཆད་གནས་འདིའི་མིས་མདུན་རི་ས་དང་རྒྱབ་རི་གནམ་ལ་གཏད་པའམ་ཡང་ན་རྩྭ་ཆུ་དེད་ནས་འཚོ་སྡོད་བྱས།

ད་ལྟ་ཁོ་ཚོ་སྐྱས་སྤོར་བྱས་ཏེ་དབུལ་ཐར་བྱུང་བ་དང་།

ཁྱིམ་གྱི་སྒོ་འགྲམ་དུ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད།

བདེ་སྐྱེད་གྲོང་ཚོའི་ཡུལ་མི་ཚོའི་རེ་བ་ནི་ཡུལ་སྐོར་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་ཐུབ་པ་མ་ཟད།

ད་དུང་གྲོང་ཚོ་གསར་པའི་སྟབས་བདེ་ལོངས་སུ་སྤྱོད་པ་དང་།

ལྷག་པར་བདེ་སྐྱིད་གྲོང་ཚོ་རུ་བདེ་སྐྱིད་ཚོར་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།

གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་གྲོང་ཚོའི་ཟུར་ཞིག

 

སྤྱི་ལེ་གྲུ་བཞི་མ6ཡོད་པའི་ཆུ་ངོས་ཀྱི་ཐོན་ཁུངས་ལ་བརྟེན་ནས།

བདེ་སྐྱིད་གྲོང་ཚོས་བྱེ་མའི་ཐང་ཆེན་དང་།

ཆུ་ཡི་དགའ་ཚལ། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་བཟོས་ཡོད་པ་དེར།

སྔ་རྗེས་སུ་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་གྲོང་གསེབ་དང་།

རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ།

རྒྱལ་ཁབ་ཀྱི་རིམ་པAAAཡི་ལྗོངས་ཁུལ་གྱི་སྙན་བཟང་ཐོབ་ཏེ།

སྙན་གྲགས་ཕྱོགས་བཞིར་ཁྱབ་པའི“དྲ་གྲགས”ཡུལ་སྐོར་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ལང་ཚོའི་རྦབ་ཆུ།

 

རྨ་ཆུ་གྲོང་ཚོ་བརྒྱུད་ནས་ཤང་ཤང་དུ་བཞུར་ཞིང་།

གཙང་ངོགས་ཀྱི་བྱེ་ཐང་དུ་ཆགས་པའི་གསེར་མདོག་གི་གྲོང་ཚོ་དེ་ནི་ཀླེ་གཞུག་གྲོང་ཚོ་རེད།

ཀླེ་གཞུག་གྲོང་ཚོས་གཙང་ངོགས་ཀྱི་དགེ་མཚན་དང་མཛེས་ལྗོངས་ལ་བརྟེན་ནས།

ཁྱད་ལྡན་གྱི་དམངས་སྲོལ་མགྲོན་ཁང་དང་། ལྗོངས་གཟིགས་བྱེ་ཐང་། སྔོ་འཐོག་གླིང་ཁུལ་བཅས་བསྐྲུན་ནས།

“ཞག་སྡོད+ཉམས་ལེན+སྤྲོ་གསེང”གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས།

མང་ཚོགས་ལ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་སྣོན་བྱེད་པ་མངོན་འགྱུར་བྱུང་ཡོད།

གཅན་ཚ་རྫོང་ནང་ཁོག་ཡུལ་ཚོའི་སྦྲ་གུར་གྱི་སྒར་ས།

 

བདེ་ཆེན་གྲོང་ཚོ་དང་བོད་ཁྱིམ་གླིང་སོགས་གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་།

རྨ་ངོགས་ཀྱི་དམངས་སྲོལ་མགྲོན་ཁང་གིས་གཞི་རྒྱ་ཅན་དང་ཁྱད་ལྡན་གཉེར་སྐྱོང་བྱས་ཏེ།

གྲོང་གསེབ་ཡུལ་སྐོར་དེ“གནས་གཅིག་གི་ཁྱད་ཆོས”ནས“ལམ་རྒྱུད་ཀྱི་མཛེས་སྡུག”ལ་ཁ་ཕྱོགས་ཏེ་འཕེལ་རྒྱས་སུ་བཏང་།

2025ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་པ་ཁྲི325ལྷག་སྣེ་ལེན་བྱས་པ་དང་།

ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར10.9ལས་བརྒལ་ཏེ།

སྐྱེ་ཁམས་ཀྱི་རིན་ཐང་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་བཞིན་ཡོད།

གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དུ་གནས་པའི་ཀ་དག་གཞིས་ཀ།

 

གཟིགས་དང་། འདི་ནི་གཅན་ཚ་ཡིན།

གནས་འདི་རུ་འཛམ་གླིང་རིམ་པའི་ས་གཤིས་ངོ་མཚར་ཅན་ཡོད་ཅིང་།

ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་རིག་གནས་ཀྱི་རྩ་བ་ཡོད།

གནས་འདི་རུ་མཐོང་ཐུབ་པ་དང་རེག་ཐུབ་པའི་བདེ་སྐྱིད་ཀྱི་འཚོ་བ་ཡོད།

གཅན་ཚ་རྫོང་ཁོངས་སུ་བརྒྱུད་པའི་རྨ་ཆུ།

 

རྨ་ཀླུང་རིང་མོ་དལ་གྱིས་འབབ་ཅིང་།

ཏན་ཞ་རི་བོ་མུ་ཁྱུད་ཀྱིས་ཀྲོང་ངེར་འགྱིང་འདུག

རྨ་ཆུའི་ཁུགས་སོ་རུ་ཆགས་པའི་མཁར་གྲོང་ཆུང་ཆུང་འདིར།

རང་བྱུང་གིས་བསྩལ་པའི་བརྗིད་ཉམས་དང་།

མི་ཡུལ་དུ་ཁྱབ་པའི་བདེ་སྐྱིད་ཀྱི་འཚོ་བ་ཡོད།

གནས་འདིས་ཐུན་མིན་གྱི་དགེ་མཚན་ལ་བརྟེན་ནས།

རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན།

གྲོང་གསེབ་དར་སྤེལ་གྱི་ལག་ལེན་ངོ་མཚར་བ་བྲི་མུས་སུ་མཆིས་སོ།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།