དཀོན་མཆོག་སྨོན་ལམ་གྱིས་གངས་ལྗོངས་སུ་བཏབ་པའི་སེམས་ཀྱི་སྨོན་འདུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དཀོན་མཆོག་སྨོན་ལམ་གྱིས་མི་ཚེ་ཕྱེད་ཀའི་རིང་སེམས་ལ་སྨོན་འདུན་ཞིག་ཉར་ཡོད་པ་ནི།

“མང་ཚོགས་ལ་ཞབས་འདེགས་ཞུ་མཁས་ཤིང་གཅེས་སེམས་ལྡན་པའི་སྨན་པ100གསོ་སྐྱོང་བྱ་རྒྱུ་དེ་ཡིན”

དཀོན་མཆོག་སྨོན་ལམ། 1982ལོར།

མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོ་རུ་སྐྱེས།

ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4000ཡོད་ཅིང་།

མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ། ལམ་ཐག་རིང་བ། སྨན་པ་དང་སྨན་རྫས་དཀོན།

2010ལོའི་ཟླ12བསྐྱོན་པའི་མཉམ་པར། དཀོན་མཆོག་སྨོན་ལམ(གཡོན་གྱི་དང་པོ)དང་ཨ་ཞང་པད་མ་སྙིང་བོ(གཡས་ཀྱི་དང་པོ)།

དཀོན་མཆོག་སྨོན་ལམ་གྱིས་བཤད་རྒྱུར།

ནང་ཆེན་རྫོང་དུ་ཨ་ཞང་པད་མ་སྙིང་བོ་ནི་སྔོན་ཆད་སྨན་པ་ཞིག་ཡིན།

ཁོ་རང་གིས་ལོ་ན11ནས་བཟུང་། ཨ་ཞང་གི་གམ་དུ་གསོ་རིག་བསླབས།

“སྨན་པའི་ཁྲག་རྒྱུན་འབྲོག་པའི་ཚེ་སྲོག་གི་ཆེད་དུ་འབུལ་དགོས”ཞེས་པའི།

ཨ་ཞང་གི་སྐད་ཆ་དེ་སྨོན་ལམ་གྱི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་བཞིན་ཉར་ཡོད།

དཀོན་མཆོག་སྨོན་ལམ་གྱིས་སློབ་ཁང་དུ་དཔེ་ཀློག་བྱེད་བཞིན་པའི་ཚུལ།

ལོ་ན24སྟེང་།

དཀོན་མཆོག་སྨོན་ལམ་གྱི་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན(དེ་སྔའི་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང)གྱི་ཟུར་ཉན་སློབ་སྦྱོང་བྱེད་པའི་དུས་མཇུག་རྫོགས།

ཕྱིར་ཕ་ཡུལ་ཏུ་ལོག་ནས་རང་ཉིད་ཀྱི་སྨན་པའི་ལས་ལ་འབད་མགོ་ཚུགས།

ཕྱིར་འགྲོ་ཐེངས་རེ་རེར་ལ་མོ་དང་ཉག་ག་མང་པོ་བརྒལ་དགོས་པ་མ་ཟད།

མཚོ་འཕགས་སྨི5400ཅན་གྱི་ཤ་རི་ལ་རི་བོ་བརྒལ་དགོས།

དཀོན་མཆོག་སྨོན་ལམ(གཡོན་གྱི་དང་པོ)གཞོན་དུས་སུ་འབྲོག་པའི་རུ་ནང་དུ་སོང་ནས་སྨན་བཅོས་བྱེད་བཞིན་པའི་ཚུལ།

དུས་ཡུན་རིང་བོར་གཉིད་ཀྱིས་མ་འདང་བ་དང་ས་མཐོའི་སྨུག་ཕྱིའི་འོད་འཕྲོ་སྟབས།

ཟུག་འགོག་སྨན་ནི་ཁོས་རྒྱུན་ཏུ་འཁྱེར་དགོས་པའི་སྨན་རྫས་ཞིག་ཡིན།

དཀོན་མཆོག་སྨོན་ལམ(གཡས)གཞོན་དུས་སུ་འབྲོག་པའི་རུ་ནང་དུ་སོང་ནས་སྨན་བཅོས་བྱེད་བཞིན་པའི་ཚུལ།

ཁོས་འདི་སྐད། ཁོ་རང་ཐང་ཆད་ཀྱང་མུ་མཐུད་དུ་འབད་དགོས།

“ཁོ་ཚོའི་ཟུག་གཟེར་ཇེ་ཡང་དུ་གཏང་ཐུབ་ཚེ་རང་ཉིད་ཀྱང་དགའ་བ་འཕེལ་སྲིད”

2011ལོར་དཀོན་མཆོག་སྨོན་ལམ་གྱིས་ལྕགས་ཁང་དང་རས་གུར་འགའ་ཕུབ་ནས་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས།

སྨན་བཅོས་བྱས་ནས་ལོ་མང་པོ་འགོར་རྗེས།

དཀོན་མཆོག་སྨོན་ལམ་གྱི་སེམས་སུ།

འབྲོག་པ་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་བརྟན་སྲུང་བྱ་དགོས་ཚེ།

གཏན་སྡོད་ཐུབ་པའི་གྲོང་གསེབ་སྨན་པའི་རུ་ཁག་ཅིག་དགོས་པའི་འདུ་ཤེས་སྐྱེ།

“སློབ་གྲྭ་བཙུགས་ནས་སྨན་པ་མང་པོ་གསོ་སྐྱོང་བྱ་དགོས”

2011ལོར་དཀོན་མཆོག་སྨོན་ལམ་གྱིས་ལྕགས་ཁང་དང་རས་གུར་འགའ་ཕུབ་ནས་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས།

གྲོན་དངུལ་མི་འདང་བས་ཁོ་གང་སར་བརྒྱུགས་ནས་སྒོར་མོ་བསྐྱིས།

ཅོག་ཙེ་མི་འདང་སྟབས་ཁོ་འབྲོག་པའི་རུ་ནང་རེ་རེར་སོང་ནས་གཡར།

སློབ་ཁང་དཀོན་སྟབས་ཁོས་རང་ཉིད་ཀྱི་ལག་པར་བརྟེན་ནས་སློབ་ཁང་རེ་རེ་བཙུགས་ཏེ།

2011ལོར་ད་གཟོད་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ་དེ་ལེགས་པར་གྲུབ།

དཀོན་མཆོག་སྨོན་ལམ་གྱིས་སློབ་མར་སྨན་ངོ་ངོས་འཛིན་གྱི་ཤེས་བྱ་བཤད་བྱེད་བཞིན་པའི་ཚུལ།

ལོ་ངོ15རིང་། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཉིན་བཞིན་འཐུས་ཚང་དུ་སོང་བ་དང་།

སློབ་མ1090ལྷག་སློབ་མཐར་ཕྱིན་ཅིང་།

དེ་ལས་བཞི་ཆའི་གཅིག་རང་འགུལ་སྒོས་ཕྱིར་ཕ་ཡུལ་ཏུ་ལོག་ནས་སྡེ་བའི་སྨན་པའམ་བོད་སྨན་ཁང་གི་སྨན་པའི་འགན་བཞེས་པ་དང་།

ཡང་ན་འཕྲོད་བསྟེན་ཁང་བཙུགས་ནས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་གཞི་རིམ་གྱི་སྨན་པ་རུ་གྱུར་ཡོད།

ད་སྔ། ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭའི(དེ་སྔའི་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ)སྒྲིག་ཆས་ཉིན་བཞིན་འཐུས་ཚང་དུ་གྱུར།

དཀོན་མཆོག་སྨོན་ལམ་ནམ་རྒྱུན་སློབ་གྲྭའི་རྒྱབ་རིར་འཆམ་འཆམ་དུ་འགྲོ་བཞིན་པའི་ཚུལ།

ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭའི(དེ་སྔའི་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ)2020ལོའི་མཐར་ཕྱིན་སློབ་མའི་མཉམ་པར།

“སེམས་བཟང་། ལྷག་བསམ་གཙང་བ། སྙིང་སྟོབས་ལྡན་པ། རོགས་རམ་བྱེད་པར་དགའ་བ”

གཤིས་ཀ་འཇམ་པ། བྱམས་བརྩེ་ཆེ་བ། དྲིན་གཟོ་བ

འདི་དག་ཐམས་ཅད་ནི་སློབ་མ་རྣམས་ཀྱི་སེམས་ནང་གི་སློབ་གཙོ་སྨོན་ལམ་རེད།

ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭ་རུ་སློབ་ཁྲིད་བྱེད་བཞིན་པའི་ཚུལ།

“སློབ་གྲྭ་འདི་རུ་སློབ་རིན་སྤྲད་མི་དགོས”

“མི་གཅིག་བསྐྱབས་ན། ཚེ་གང་བདེ་སྐྱིད་འབྱུང”

“ང་རང་སྨན་པ་ཞིག་ཡིན་ན་ཅི་མ་རུང”

དཀོན་མཆོག་སྨོན་ལམ་གྱི“སྨོན་འདུན”དེ།

ན་གཞོན་མང་པོ་ཞིག་གིས་མུ་མཐུད་དུ་སྐྱོང་བཞིན་མཆིས།

ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭ་རུ་སློབ་ཁྲིད་བྱེད་བཞིན་པའི་ཚུལ།

ན་གཞོན་མང་པོ་ཞིག་གིས་ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་པའི་ཚུལ།

ལོ་ངོ20རིང་སྨན་པའི་ལས་ལ་འབད་ཅིང་། ལོ་ངོ15སློབ་སྒྲུབ་མཛད།

དཀོན་མཆོག་སྨོན་ལམ་གྱིས་ཕན་བདེ་ཁང་བཙུགས་མྱོང་ཞིང་།

དགེ་སློབ་དང་མང་ཚོགས་མཉམ་དུ་ཉུང་མའི་ལས་སྣོན་བཟོ་གྲྭ་ཁང་ཡང་བཙུགས་མྱོང་།

དཀོན་མཆོག་སྨོན་ལམ་དང་ཕན་བདེ་ཁང་གི་བྱིས་པ་ཚོའི་མཉམ་པར།

སློབ་གྲྭའི་ཉེ་འགྲམ་དུ་དགེ་སློབ་དང་མང་ཚོགས་མཉམ་འབྲེལ་སྒོས་བཙུགས་པའི་ནང་ཆེན་རྫོང་ཉུང་མའི་ཐོན་ལས་འཕེལ་རྒྱས་རྟེན་གཞི།

དཀོན་མཆོག་སྨོན་ལམ་གྱིས་དྲ་ལམ་ཐད་གཏོང་ལམ་ནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་པའི་ཚུལ།

ད་ལོའི་ཟླ4པར། ཁོའི་གསར་སྐྲུན་བགྱིས་པའི་བོད་ཀྱི་གསོ་རིག་སློབ་གླིང་དངོས་སུ་གཉེར་མགོ་ཚུགས།

ཁོས་རེ་འདུན་རེ་རེ།

གངས་ལྗོངས་ས་མཐོར་ཏན་ཏིག་གིས་བཏབ་ཡོད།

དཀོན་མཆོག་སྨོན་ལམ་གྱིས་གསར་འགོད་པར་བཟོ་གྲྭའི་ཉུང་མའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པའི་ཚུལ།

གསར་འགོད་པས་འདྲི་རྒྱུར“ཁྱོད་ཀྱི་སེམས་འདུན་མངོན་འགྱུར་བྱས་ཡོད་དམ”

ཁོས“ད་ལྟ་མངོན་འགྱུར་བྱས་པ་མ་ཟད་སྔར་ལས་ཆེ་ཆེར་བརྒལ་ཡོད”ཅེས་བཤད།

གཞུང་སྒྲུབ་ཁང་དུ་ཆེད་ལས་ཀྱི་དཔེ་དེབ་ཀློག་བཞིན་པའི་ཚུལ།

དཀོན་མཆོག་སྨོན་ལམ་གྱིས་བཤད་རྒྱུར། 

གལ་སྲིད་མི་གཞན་ལ་རོགས་རམ་བྱས་ན་མི་ལོ50ལ་གསོན་ཐུབ་པ་དང་།

རང་ཉིད་བག་ཡངས་ཀྱིས་འཚོ་བ་རོལ་ན་མི་ལོ100ལ་གསོན་ཐུབ་པའི་གདམ་ག་ཞིག་ཡོད་ཚེ།

ཁོས་སྔར་བཞིན་མི་ལོ50གདམ་སྲིད།

“དེ་བས་ཐེ་ཚོམ་མེད་པར་བསྒྲུབས་པ་ཡིན”

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།