གཏན་འབེབས་གསར་པ་འདི་དག་ཟླ5ཚེས1ཉིན་ནས་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཚོང་ལས་འཕྲིན་ཐུང“མོས་འཐད་མ་བྱུང་བར་བསྐུར་མི་རུང་།”

ཟླ5ཚེས1ཉིན་ནས་བཟུང་། 《བརྡ་འཕྲིན་གྱི་འཕྲིན་ཐུང་ཞབས་ཞུ་དོ་དམ་གྱི་གཏན་འབེབས》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་སྤྱོད་མཁན་གྱི་མོས་འཐད་མ་བྱུང་ན། ཚོང་གཉེར་ཕྱོགས་ཀྱིས་ཚོང་ལས་འཕྲིན་ཐུང་གང་རུང་བསྐུར་མི་རུང་བ་གཏན་ལ་ཕབ་ཡོད་པ་མ་ཟད།  དབང་སྤྲོད་ཀྱི་མ་མཐའི་ཚད་ཐིག་དང་།  མངག་ཉོ་ཕྱིར་འཐེན་གྱི་སྒྲིག་སྲོལ་དང་འཕྲིན་གཏོང་། སྦྲེལ་སྣེ་དང་ཐོབ་ཐང་དོ་དམ།  དེ་མིན་སྦྲེལ་ཐག་ཧྲིལ་བོའི་ལྟ་སྐུལ་དོ་དམ་དང་ཆད་གཅོད་ལ་སོགས་ཕྱོགས་འགའ་ཚད་ལྡན་དུ་བཟོས་ནས་རེ་བ་བཏོན་ཡོད་པ་རེད།《གཏན་འབེབས》འདི2026ལོའི་ཟླ5ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

“ཟས་རིགས་བདེ་འཇགས”སྲུང་བར་དམིགས་སུ་བྱེད་ཐབས་བཏོན་པ།
  ཉེ་སྔོན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་སི་ཡིས་ཕྱི་ཕྱོགས་ལ་སྒྲིག་སྲོལ་གསར་པ་གཉིས་ཁྱབ་སྒྲོག་བྱས་ཡོད་ལ། དེས་གཙོ་བོ་བདེ་འཇགས་མིན་པའི“ཟས་རིགས་མངག་ཉོ”ལ་སོགས་པའི་ངན་མཁྲེགས་དམིགས་སུ་བཟུང་སྟེ་བྱེད་ཐབས་བཏོན་ཡོད་པ་རེད། དེ་ལས 《དྲ་རྒྱའི་བཟའ་ཆས་ཚོང་མཁན་གྱིས་བཟའ་ཆས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འབེབས》དེ་ཟླ5ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།   གཏན་འབེབས་གསར་པ་དེས་ཐད་ཀར་དྲ་རྒྱའི་ཟས་རིགས་མངག་འཚོང་གི་ཆ་འཕྲིན་ཕྱི་གསལ་ནང་གསལ་མིན་པ་དང་།  “གདོན་ཟས་མངག་ཚོང”(幽灵外卖)།  དྲ་རྒྱའི་འཛད་སྤྱོད་ཀྱི་འགན་འདེད་དཀའ་གནད།  ཕྱིར་འཚོང་རྫུན་གཉེར་ལ་སོགས་ཟས་རིགས་བདེ་འཇགས་ཀྱི་ངན་མཁྲེགས་ལ་དམིགས་ཏེ་བྱེད་ཐབས་བཏོན་ཡོད་པ་རེད།《གཏན་འབེབས》འདི2026ལོའི་ཟླ5ཚེས20ཉིན་ལག་བསྟར་བྱ་རྒྱུ་རེད།

དམངས་སྤྱོད་མི་མེད་གནམ་གྲུ་སྤྱོད་ན་མིང་དངོས་ཐོ་འགོད་བྱེད་དགོས།
  ཟླ5ཚེས1ཉིན་ནས་བཟུང་།  རྒྱལ་ཡོངས་སུ《དམངས་སྤྱོད་མི་མེད་གནམ་གྲུའི་མཁའ་འགྲུལ་ཆས་ཀྱི་མིང་དངོས་ཐོ་འགོད་དང་སྐུལ་སློང་སྐོར་གྱི་བླང་བྱ》དང《དམངས་སྤྱོད་མི་མེད་གནམ་གྲུའི་མཁའ་འགྲུལ་ཆས་མ་ལག་འཁོར་སྐྱོད་དབྱེ་འབྱེད་སྐོར་གྱི་གཏན་འབེབས》གཉིས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་གསར་པ་གཉིས་ཡིན་པས། མི་མེད་གནམ་གྲུ་དོ་དམ་བཀོལ་སྤྱོད་ཀྱི་གོ་རིམ་ཧྲིལ་བོར་རྗེས་འདེད་ཐུབ་པའི་དུས་རབས་སུ་བསླེབས་པ་མཚོན།དམངས་སྤྱོད་མི་མེད་གནམ་གྲུ་ཡོད་ཚད་བཀོལ་སྤྱོད་བྱེད་དུས་ངེས་པར་དུ་དམངས་སྤྱོད་མི་མེད་གནམ་གྲུའི་མཁའ་འགྲུལ་ཕྱོགས་བསྡུས་དོ་དམ་སྟེགས་བུ(UOM)རུ་དངོས་མིང་ཐོ་འགོད་བྱས་ཏེ་སྐུལ་སློང་བྱེད་དགོས། སྔར་ཡོད་མི་མེད་གནམ་གྲུ(ཟླ5ཚེས1ཉིན་གྱི་སྔོན་ལ་ཉོས་པ)ཡིས་ངེས་པར་དུ2027ལོའི་ཟླ6ཚེས1ཉིན་གྱི་སྔོན་ལ་དངོས་མིང་ཐོ་འགོད་དང་སྐུལ་སློང་གི་འགྲོ་རིམ་ཁ་གསབ་རྒྱག་དགོས་ལ། གལ་ཏེ་དུས་དེ་ལས་འདའ་ན་འཕུར་གཏོང་ལ་ཚོད་འཛིན་བྱ་རྒྱུ་རེད།

  ཤོག་སྦག་གི་བདེ་འཇགས་དང་རྒྱུ་སྤུས་མཐོར་འདེགས་ནན་མོ་གཏོང་བའི་ཚད་གཞི།

ཟླ5ཚེས1ཉིན་ནས་བཟུང་། རྒྱལ་ཁབ་ཀྱིས《ཤོག་སྦག་མེ་ཏོག་ཅན་གྱི་བདེ་འཇགས་དང་རྒྱུ་སྤུས》ཐད་བཏོན་པའི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དེ་མི་འགྱང་བར་ལག་བསྟར་བྱ་རྒྱུ་ཡིན་ཞིང་།  དེའི་ནང་ཐོན་རྫས་ཀྱི་མིང་དང་། ཉེན་ཁའི་རིམ་པ། ཉེན་བརྡ་སོགས་ཕྱི་ཐུམ་སྟེང་གི་མཚོན་རྟགས་དང་གསལ་བཤད་སོགས་ལ་བླང་བྱ་གསལ་བོ་བཏོན་པ་མ་ཟད། མི་སྒེར་གྱིས་སྦར་བྱའི་ཤོག་སྦག་རིགས་ཀྱི་སྨན་རྫས་མང་ཉུང་ལ་ཚོད་འཛིན་སྔར་ལས་གཟབ་ནན་བྱ་རྒྱུ། དེ་མིན་སྣ་འཛོམས་ཤོག་སྦག་གི་ནང་དུ་ཁ་ཉིས་གྲགས་ཅན་བསྲེས་མི་རུང་བ་དང་། ཤོག་སྦག་མེ་ཏོག་ཆུང་ཆུང་སྡེབ་མ་ཅན་སོགས་ནང་དུ་འགད་རྫས་འདུ་བའི་ཐོན་རྫས་རིགས་བདེ་འཇགས་ལ་ཁག་ཐེག་ཐུབ་པའི་རྨང་གཞིའི་སྟེང་ཁྲོམ་རའི་དགོས་མཁོ་བསྐང་ཆོག་པ་གསལ་འབེབས་བྱས་ཡོད་དོ། །

ལས་རིགས་སོ་སོའི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཀྱི་སྲུང་རགས་སྲ་བརྟན་དུ་གཏང་བ།

ཟླ5ཚེས1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བྱས་པའི《དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་དོ་དམ་སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་དོ་དམ་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་བཏང་སྟེ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སྲུང་རགས་ཇེ་བརྟན་དུ་བཏང་ཡོད།དམིགས་བསལ་སྒྲིག་ཆས་ལ་མཚོན་ན་ལས་རིགས་སོ་སོ་ལ་ཁྱབ་ཡོད་པས།  ཐོན་སྐྱེད་འཚོ་བའི་ཕྱོགས་སོ་སོ་ལ་འབྲེལ་ཡོད།  《སྒྲིག་སྲོལ》གསར་པ་ཡིས་འགན་འཁྲི་སྔར་ལས་ཇེ་གསལ་ལ་བཏང་པ་དང་། དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་པའི་ལས་གནས་བཀོད་སྒྲིག་དང་བླང་བྱ་གཅིག་གྱུར་བྱས་ཡོད།  དེ་མིན་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་དང་། བདེ་འཇགས་དོ་དམ་པ་སོགས་གནད་འགག་གི་ལས་གནས་ཀྱི་ལས་འགན་གསལ་འབེབས་བྱས་ནས “དབང་འགན་ཁ་གསལ་ཞིང་། འགན་འཁྲི་ཕྲག་ལ་བཞག”ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།