ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས2026ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས2026ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ཐུན་མོང་དང་མི་སྒེར30བསྒྲགས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་གྱི་ཐུན་མོང10དང་། མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་གྱི་མི་སྒེར20། མཚོ་སྔོན་མཐོ་སྒང་གི་ལས་བཟོ་པའི་སྔོན་སྐྱོད་བྱ་དགའ་ཐོབ་མཁན་གྱི་ཐུན་མོང25བཅས་ལ་གཟེངས་བསྟོད་བྱས། ཚོགས་ཐོག་ནས་གཟེངས་བསྟོད་ཐོབ་མཁན་གྱི་ཐུན་མོང་དང་མི་སྒེར་དྲུག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་། ལས་བཟོ་པའི་འཐུས་མིས《གྲོས་འགོའི་ཡི་གེ》སྒྲོག་འདོན་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བྱ་དགའ་ཐོབ་མཁན་གྱི་ཐུན་མོང་དང་མི་སྒེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་སྒོས་བཀོལ་ཏེ། བློ་སྒྲིལ་སེམས་སྐྱེད་བྱས་ནས། ཀུན་གྱི་སྣེ་ཁྲིད་དེ་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་ལག་བསྟར་བྱས་ནས། རང་འགན་དང་རང་གི་ལས་གནས་ཀྱི་སྟེང་ནས་རྐང་ཚུགས་ཐུབ་པར་བྱེད་པ་དང་། སློབ་སྦྱོང་ལ་བརྩོན་འགྲུས་དང་དཀའ་སྤྱད་སྦྱོང་བརྡར་བྱེད་པ། འཇོན་ཐང་ཆེ་རུ་གཏོང་བ། རང་འགུལ་ངང་ཤེས་བྱ་གསར་པ་སློབ་པ་དང་རྩལ་ནུས་གསར་པ་ཁོང་དུ་ཆུད་པར་བྱེད་པ། འགྱུར་ལྡོག་གསར་པ་དང་འཚམ་ཐུབ་པར་བྱེད་པ་བཅས་བྱས་ཏེ། ཤེས་ཡོན་ཅན་དང་། རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དང་། ཏང་གི་བྱ་གཞག་ལ་བློ་དཀར་བ་དང་ལས་བཟོ་བར་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བ། རྒྱ་ཆེའི་ལས་བཟོ་པས་ཏང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལས་བཟོ་པ་རྣམས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་པར་འབད་དགོས། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བཟོ་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་མངོན་འགྱུར་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་ཆེད་བྱས་རྗེས་གསར་པ་འཇོག་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།