《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་དབྱིན་ཡིག་པར་གཞིའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འོས་སྦྱོར་ཚོགས་འདུ་ཡ་ཅ་ཏ་རུ་འཚོགས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་དབྱིན་ཡིག་པར་གཞིའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འོས་སྦྱོར་ཚོགས་འདུ་ཚེས28ཉིན་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏ་རུ་འཚོགས། ཚོགས་ཞུགས་སྐུ་མགྲོན་ཚོས་བལྟས་ན། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་ལྔ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མ་ལག་ལྡན་པའི་སྒོ་ནས་མཚོན་ཡོད་ལ། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྱི་ཀྲུང་གོར་ངོས་འཛིན་དང་གོ་བ་ལེན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པར་འདོད། ད་ལྟ། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པའི་འགོ་བརྩམས་པ་དང་།  ཧིན་རྡུ་ཉི་ཞི་ཡས་ཀྱང“རྫོགས་ལྡན་ཧིན་རྡུ་ཉི་ཞི་ཡའི་ཉིས་སྟོང་ཞེ་ལྔའི”རེ་འདུན་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་བསྐྱོད་བཞིན་ཡོད། རྒྱལ་ཁབ་གཉིས་ཀས་ལག་གདང་སྦྲེལ་ནས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་དང་འཕེལ་རྒྱས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ན།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་སྐྲུན་ཐུབ་པ་མ་ཟད།   འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་འཛམ་གླིང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣོན་ངེས་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།